མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམག་འཐབ་བྱས་ཉེས་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༡༥ སྟེང་། ཉི་ཧོང་གི་ཧི་རོ་ཤི་མཱའི་ (Hiroshima) ཞི་བདེའི་དྲན་གསོའི་སྐྱེད་མོས་ཚལ་དུ། སྲིད་བློན་ཤིང་ཛོ་ཨ་བྷེ་དང་གྲོང་སྡེའི་སྤྱི་ཁྱབ་ཀཱ་ཛུ་མེ་མཱ་ཏུ་སི་ (Kazumi Matusi)། ཨ་རིའི་ཉི་ཧོང་གི་གཞུང་ཚབ་པ་ཆེན་མོ་ཁཱེ་རོ་ལན་ཁཱེ་ཎེ་ཌི་ (Caroline Kennedy) བཅས་རྣམ་གསུམ་དབུ་བཞུགས་ཐོག་མི་མང་ ༤༠༠༠༠ ལྷག་དང་། རྒྱལ་སྤྱིའི་རྒྱལ་ཁབ་ ༡༠༠ ཡི་སྐུ་ཚབ་འདུ་འཛོམས་ཀྱིས། འཛམ་གླིང་དམག་ཆེན་གཉིས་པའི་དུས་སྐབས་ ༡༩༤༥ ལོའི་ཟླ་ ༨ ཚེས་ ༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨ དང་སྐར་མ་ ༡༠ སྟེང་ཨ་རིའི་མཁའ་དམག་བྷི་ ༢༩  (B-29) རྟགས་ཅན་གྱི་གནམ་གྲུ་ཨི་ཎཱེ་ལཱ་གྷེ་ (Enola Gay) ཡི་ཁ་ལོ་བ་མདའ་དཔོན་པོལ་(Paul Tibbet) ཞུ་བ་ཞིག་གིས་ཧི་རོ་ཤི་མཱའི་གྲོང་ཁྱེར་ཐོག་ས་ངོས་ནས་ཕུ་ཌི་ ༡༨༠༠ ལྷག་གི་མཁའ་དབྱིངས་ནས་མིང་ལ་ཕྲུ་གུ་ཆུང་ཆུང་ (Little Boy) ཞེས་འབོད་པའི་རྡུལ་ཕྲན་མཚོན་ཆ་ཞིག་གཡུགས་ཏེ་མི་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་གཙི་ཞུས་ཡོད་པ་མ་ཟད། སྲིད་བློན་ཨ་བྷེ་མཆོག་གིས་ང་ཚོས་འདས་པའི་ལོ་རྒྱུས་ལ་ལེགས་ཆ་བླངས་ནས་མ་འོངས་པར་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་འབད་བརྩོན་བྱ་དགོས་པའི་གཏམ་བཤད་སྤེལ་འདུག

བྷི་བྷི་སི་དང་རོའུ་ཌར་གསར་ལམ་གྱིས་ཤིང་ཛོ་ཨ་བྷེས་མང་ཚོགས་ལ་གཏམ་བཤད་སྤེལ་པའི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། “རྡུལ་ཕྲན་མཚོན་ཆས་ཧི་རོ་ཤི་མཱའི་མང་ཚོགས་སྟོང་ཕྲག་མང་པོ་བསད་པ་དང་། མང་པོ་ཞིག་ལ་བརྗོད་ལས་འདས་པའི་སྡུག་བསྔལ་མྱངས་དགོས་བྱུང་ཡོད་ཀྱང་། ད་ཆ་ཧི་རོ་ཤི་མཱ་བསྐྱར་གསོ་བྱེད་ཐུབ་པ་མ་ཟད། རིག་གཞུང་ལྡན་ལ་ཡར་རྒྱས་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཡོད། དེ་རིང་ཧི་རོ་ཤི་མཱར་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་ངོ་ ༧༠ འཁོར་བཞིན་ཡོད་སྟབས། ངས་འཛམ་གླིང་ཞི་བདེ་ཡོང་བར་ནན་སྐུལ་བྱ་རྒྱུ་ཡིན། མ་འོངས་པར་རྒྱལ་སྤྱིའི་མགོ་ཁྲིད་ཁག་གིས་བསམ་རྒྱ་ཆེར་བཞེས་ཀྱིས་རྡུལ་མཚོན་སྔོན་འགོག་དང་བཀོལ་སྤྱོད་བཀག་འགོག་བྱ་རྒྱུར་ནུས་པ་འདོན་སྤེལ་བྱས་ཏེ། ང་ཚོའི་འཛམ་གླིང་འདི་ཞི་བདེ་ཡོང་བ་བྱ་དགོས་སྟབས། ད་ལྟའི་ཉི་ཧོང་གཞུང་གིས་རྩ་ཁྲིམས་ལ་བསྒྱུར་བཅོས་བཏང་ནས་འཛམ་གླིང་ཞི་བདེའི་ཕྱོགས་སུ་ཁྲིད་ཐུབ་པ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག

རྒྱ་གར་དུས་བབ་སྟེང་ཧི་རོ་ཤི་མཱའི་གྲོང་སྡེའི་སྤྱི་ཁྱབ་ཀཱ་ཛུ་མེ་མཱ་ཏུ་སི་ཡིས། “རྡུལ་ཕྲན་མཚོན་ཆ་ནི་མང་ཚོགས་དང་ཁོར་ཡུག་རྩ་མེད་བཟོ་མཁན་གྱི་རྩོད་མེད་གདུག་པ་ཅན་ཞིག་ཡིན་པར་བརྟེན། ད་ལྟ་ང་ཚོས་མཉམ་རུབ་བྱས་ནས་གདུག་པ་ཅན་འདི་མེད་པ་བཟོ་དགོས་པ་ཆགས་ཡོད་སྟབས། རྒྱལ་སྤྱིའི་མགོ་ཁྲིད་ཁག་གིས་ཁ་བཤད་དོན་འཁྱོལ་གནང་སྟེ། འཛམ་གླིང་ཞི་བདེ་ཡོང་བར་གཞོགས་འདེགས་བྱ་འགུལ་སྤེལ་དགོས་པའི་དུས་ལ་བབ་ཡོད།”ཅེས་བརྗོད་འདུག

ཨ་རིའི་སྙན་གྲགས་ཅན་གྱི་བརྒྱུད་ལམ་ (The Wall Street Journal) དང་དབྱིན་ཡུལ་གྱི་གྷར་ཌིན་གྱིས། ༡༩༤༡ ལོའི་ཟླ་ ༡༢ ཚེས་ ༧ ཉིན་ཉི་ཧོང་གི་གོང་དམག་གིས་ཨ་རིའི་ཧཱ་ཝ་ལི་(Hawaii) མཚོ་ཐོག་ཏུ་ཡོད་པའི་ཨ་རིའི་མཚོ་དམག་གི་ས་ཚིགས་ལ་གློ་བུར་དུ་མཁའ་ཐོག་ནས་འཇབ་རྒོལ་བྱས་ཏེ། ཨ་རིའི་དམག་གྲུ་གསུམ་དང་། གཏོར་རྒོལ་དམག་གྲུ་གསུམ། བྱིངས་གྲུ་གཅིག་དང་གནམ་གྲུ་ ༡༨༨། དམག་མི་ ༢༤༠༣ བསད་པ་མ་ཟད་དམག་མི་ ༡༡༧༨ ལ་རྨས་སྐྱོན་ཚབས་ཆེན་བཏང་ཡོད་སྟབས། འཛམ་གླིང་གཉིས་པའི་ནང་ཨ་རི་འཛུལ་ཞུགས་བྱེད་དགོས་ཐུག་དགོས། ༡༩༤༥ ལོའི་ཟླ་ ༨ ཚེས་ ༦ ཉིན་ཨ་རིའི་མཁའ་དམག་གིས་ཉི་ཧོང་ལ་བྱས་ཉེས་ལ་འཁོན་ལན་བསློགས་ཆེད། ཧི་རོ་ཤི་མཱའི་གྲོང་ཁྱེར་ཐོག་མཁའ་རྒོལ་བྱས་ནས་རྡུལ་ཕྲན་མཚོན་ཆ་འཕངས་ཡོད་སྟབས། ཉིན་དེར་ཉི་ཧོང་བ་ ༧༠༠༠༠ བསད་པ་མ་ཟད། དེའི་རྫས་སྦྱོར་གྱི་དུག་རླངས་དང་འབགས་བཙོག་རྐྱེན་པས་རིམ་བཞིན་མི་མང་པོ་ཞིག་ལ་ནད་འདྲ་མིན་ཕོག་ནས་རྐྱེན་འདས་ཕྱིན་པ་སོགས་བྱུང་སྟེ། ད་བར་ཁྱོན་མི་ ༡༤༠༠༠༠ ལྷག་གྲོངས་ཡོད། དེ་བཞིན། ༡༩༤༥ ལོའི་ཟླ་ ༨ ཚེས་ ༩ ཉིན་ཨ་རིའི་མཁའ་དམག་གིས་སླར་ཡང་ཉི་ཧོང་གི་གྲོང་ཁྱེར་ནཱ་གྷ་སཱ་ཀི་ (Nagasaki)ནང་རྡུལ་མཚོན་གཡུགས་པས་མི་ ༤༠༠༠༠ ལྷག་བསད་ཡོད་པ་མ་ཟད། ད་ལྟ་རྒྱལ་སྤྱིའི་རྒྱ་གྲམ་དམར་པོས་གྲོང་ཁྱེར་དེ་གཉིས་ནང་རྡུལ་མཚོན་གྱི་ཤུགས་རྐྱེན་དབང་གིས་ཕྲུ་གུ་དབང་པོ་མི་ཚང་བ་སྐྱེ་བ་དང་ནད་རིགས་འདྲ་མིན་ཐོན་བཞིན་ཡོད་པ་ཕྱི་བསྒྲགས་བྱས་ཡོད།

ད་ཐེངས་དུས་དྲན་ཐོག་མཉམ་ཞུགས་བྱེད་མཁན་ཌོ་མེ་ཡུ་(TomiyoSota) ཡིས། དེ་རིང་ངའི་སྤོ་བོ་ལགས་དགུང་ལོ་ ༢༡ ལ་སོན་སྐབས་ས་ཆ་འདིའི་ཐོག་གྲོངས་ཡོད་སྟབས། ང་ལ་སེམས་ཚབ་ཆེན་པོ་འདུག་ལ་ཁ་ནས་སྐད་ཆ་ཚིག་གཅིག་ཀྱང་འཐོན་གྱི་མི་འདུག གང་ཡིན་ཟེར་ན། ཁོང་དང་ཁོང་འདྲ་བའི་མི་མང་པོ་ཞིག་གིས་ཉེས་པ་གང་ཡང་བསགས་མེད་ཀྱང་། མཐའ་མ་སོ་སོའི་གཅེས་པར་འོས་པའི་ཚེ་སྲོག་ཤོར་བ་རེད། ཅེས་དང་། ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེད་རེ་ཡིས། འབོམ་གཡུག་རེས་བྱས་པ་དེ་ནི་དམག་འཁྲུག་གི་བསུབ་པར་དཀའ་བའི་བྱས་འབྲས་ཤིག་ཡིན་སྟབས། ང་ཚོས་དྲན་གསོ་བྱས་ནས་གནས་ཚུལ་དེ་རིགས་མ་འཐོན་པ་བྱེད་དགོས། ཞེས་བརྗོད་འདུག

དེ་རིང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ཀྱིས། ཉི་ཧོང་གཞུང་གིས་ད་ཐེངས་དུས་དྲན་སྲུང་གཙི་ཞུས་པ་འདིས། ཁོ་ཚོ་དམག་ཆེན་གཉིས་པའི་སྐབས་འགལ་འཛོལ་བྱེད་མཁན་དངོས་ཡིན་པ་ར་འཕྲོད་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

ད་ནངས་དུས་དྲན་ཐོག་མང་ཚོགས་ཀྱིས་ཞི་བདེའི་མཚོན་རྟགས་ཕུག་རོན་དཀར་པོ་ཀློད་པ་དང་སྒྲོན་མེ་སྤར་ཏེ་འདས་པོ་ཚོར་རྗེས་དྲན་དང་། དགོང་དྲོ་ཧི་རོ་ཤི་མཱའི་མུ་ཌོ་ཡཱ་སུ་(Motoyasu) གཙང་འགྲམ་ནས་ཤོག་བུས་བཟོས་པའི་ལྒང་བཞུ་ཁྲི་སྟོང་མང་པོ་བཏང་སྟེ། འདས་གྲོངས་སོང་བ་དག་ལ་མྱ་ངན་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese