མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་ནང་རྒྱལ་རབས་སྐོར་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས་ཨ་རིའི་ཁ་ལི་ཧྥོ་ནི་ཡའི་ནང་ཉིན་གཉིས་རིང་མི་མང་ལ་གསུང་ཆོས་དང་བོད་ཀྱི་རྒྱལ་རབས་སྐོར་གསུང་བཤད་གནང་ཡོད་འདུག

འདི་གར་བློ་བརྟན་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདི་ཚེས་༡༦ ཉིན་གྱི་ཞོགས་པར་ཨ་རིའི་བྱང་ཁ་ལི་ཧྥོ་ནི་ཡའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་ཆེ་ཚང་རིན་པོ་ཆེས་བོད་ཀྱི་བཙན་པོའི་རྒྱལ་རབས་སྐོར་གསུང་བཤད་གནང་ཡོད་པ་དང་། གསུང་བཤད་ཀྱི་ཐོག་མར་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་འབྱུང་གནས་ལགས་ཀྱིས། ཚོགས་པས་གདན་འདྲེན་ཞུས་པ་ལྟར་རིན་པོ་ཆེ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བར་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ། ཚོགས་པའི་གནས་སྟངས་དང་ལས་འཆར་སོགས་སྙན་སྒྲོན་ཞུས་ཡོད་པ་རེད།

དེ་ནས་འབྲི་གུང་ཆེ་ཚང་རིན་པོ་ཆེ་ཁོང་གིས་བརྩམས་གནང་བའི་༼བོད་ཀྱི་བཙན་པོའི་རྒྱལ་རབས༽ ཀྱི་ཕྱག་དེབ་གཞི་རྩར་བཟུང་ནས་གསུང་བཤད་གནང་ཡོད་པ་དང་། ཕྱག་དེབ་དེའི་ཡིག་ཆའི་ཁུངས་གཏུགས་ས་གཙོ་བོ་ཏུན་ཧོང་གི་ཡིག་ཆ་དང་། ཐང་ཡིག་གསར་རྙིང་། བོད་བཙན་པོའི་སྐབས་ཀྱི་རྡོ་རིང་དང་བྲག་བསྐོས་ཡི་གེ་བཅས་ཡིན་ལ། ཏུན་ཧོང་གི་ཡིག་ཆའི་སྐོར་ལ་དང་ཐོག་ཐུགས་སྣང་ཡོང་སྟངས་སྐོར་ལ་ཁོང་གིས། ང་ཡུལ་གྲུ་མང་པོ་ཞིག་ཏུ་སྐྱོད་ཀྱི་ཡོད་ལ། ཕྲན་བུ་མ་འདྲ་བར་བསམ་བློ་གཏོང་གིན་ཡོད། ཧྥ་རན་སི་དང་ནེའུ་ཡོག་སོགས་ཀྱི་དཔེ་མཛོད་ཁང་དུ་ཏུན་ཧོང་གི་ཡིག་རྙིང་སྐོར་ཧ་ཅང་མང་པོ་རེད་ལ། རྒྱ་ཡིག་སོགས་ལ་ཞིབ་འཇུག་བྱེད་མཁན་མང་པོ་རེད། བོད་ཡིག་ལ་ཞིབ་འཇུག་བྱེད་ནི་ཕྱི་རྒྱལ་བ་ཁ་ཤས་ལས་བོད་མི་ཞིག་མི་འདུག་པས། བོད་མི་ཞིག་གིས་ཅིག་མ་བྱས་ན་འགྲིག་མ་སོང་བསམས་ཏེ་བོད་ཀྱི་བཙན་པོའི་རྒྱལ་རབས་སྐོར་ལ་ཞིབ་འཇུག་བྱ་འགོ་བརྩམས་པ་ཡིན། བཙན་པོའི་རྒྱལ་རབས་ཟེར་བ་དེ་བཙན་པོ་༤༣ གྱིས་ལོ་ངོ་ ༡༢༣༢ རིང་བོད་ལ་དབང་བསྒྱུར་བའི་རིམ་པ་དེ་རེད་ལ། གདུང་རྒྱུད་གཅིག་གིས་དེ་འདྲའི་མི་ཐོགས་མང་པོ་དང་དུས་ཡུན་རིང་པོར་དབང་བསྒྱུར་བྱས་པ་རྒྱ་དཀར་ནག་གི་ལོ་རྒྱུས་སོགས་ན་ཧ་ཅང་གི་དཀོན་པོ་རེད། དེ་ཚོ་གནད་འགག་ཅིག་རེད་ལ་ཤེས་རྟོགས་དགོས་པའང་ཧ་ཅང་གི་གལ་ཆེན་རེད། ཅེས་གསུངས་ཡོད་པ་དང་། གསུང་བཤད་གནང་རྗེས་མི་མང་གི་དྲི་བར་བཀའ་ལན་གནང་ཡོད་འདུག

ཟླ་འདིའི་ཚེས་ ༡༥ ཉིན་རིན་པོ་ཆེ་མཆོག་གིས་མི་མང་ལ་འབྲི་གུང་འཕོ་བ་ཆེན་མོའི་བཀའ་ཆོས་གནང་ཡོད་པ་དང་། ཉིན་གཉིས་རིང་གི་བཀའ་ཆོས་དང་གསུང་བཤད་སྐབས་ཁྱོན་ཨ་སྒོར་ ༩༠༠༠ ལྷག་མི་མང་གིས་ཞལ་འདེབས་སུ་ཕུལ་བ་ཚང་མ་བོད་རིགས་ཚོགས་པར་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༢ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༨ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 1

  1. གཙང་ཞོལ་བདེ་གསལ། says:
    ལོ་ 11 སྔོན།

    འབྲི་གུང་སྐྱབས་མགོན་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་ཕྲིན་ལས་ལྷུན་གྲུབ་མཆོག་གི་མཛད་འཕྲིན་ངོ་སོ་བསྟོད་དོ། ཞེ་དྲག་དགའ་སྤྲོ་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese