ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་ལྷོ་ཁ་ས་ཁུལ་གྲ་ནང་རྗོང་ནས་བྱིས་པ་རྐུ་མཁན་མི་ ༦ འཛིན་བཟུང་བྱས་ཏེ་བོར་བརླག་བྱུང་བའི་བྱིས་པ་འགའ་བསྐྱབས་ཡོད་འདུག
ཁ་སང་བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གྲྭ་ཕྱི་ཡུ་ཤོག་ཁྱི་དགུ་ཁྲོད་གྲོང་ཚོའི་མི་མང་གིས བྱིས་པ་རྐུ་མཁན་མི་ ༦ འཛིན་བཟུང་བྱས་ཡོད་པ་དང་། སྤྱིར་བཏང་སྐྱེས་པ་ ༥ དང་དབུ་མེད་ ༣ ཡོད་པའི་ནང་ནས་མི་གཉིས་བྲོས་ཕྱིན་ཡོད་འདུག
ས་གནས་ནས་གནས་ཚུལ་བཏང་བ་ལྟར་ན། བྱིས་པ་རྐུ་མཁན་དེ་ཚོ་རྒྱ་ནག་ནང་ལོགས་ནས་ཡུལ་སྐོར་སྤྲོ་འཆམ་ལ་ཁ་གཡར་ཏེ་ཡོང་བའི་རྒྱ་མི་ཡིན་ཞིང་། ཁོ་ཚོས་འགྲུལ་སྐྱེལ་རླངས་འཁོར་འབྲིང་པ་ཞིག་གི་སྒེའུ་ཁུང་ཚང་མར་འགྱིག་ནག་པོ་སྦྱར་ཏེ་ནང་ལོགས་མཐོང་མི་ཐུབ་པ་བཟོས་ཡོད་འདུག ས་གནས་མི་མང་གིས་ཁོ་ཚོ་འཛིན་བཟུང་བྱས་ཏེ་བོར་བརླག་ཕྱིན་པའི་བྱིས་པ་ཁག་ཅིག་བསྐྱབས་ཐུབ་ཡོད་པ་མ་ཟད། འཛིན་བཟུང་བྱས་པའི་ཉེས་ཅན་རྣམས་ཉེན་རྟོག་པར་རྩིས་སྤྲད་ཡོད་འདུག
གནད་དོན་དེའི་ཐད་པེ་ཅིན་དུ་གནས་སྡོད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། གནས་ཚུལ་དེ་དོན་དངོས་ཡིན་པས་ཚང་མས་ངེས་པར་དུ་དོ་ཁུར་ཆེན་པོ་བྱེད་དགོས་ལ། ནམ་རྒྱུན་ཡུལ་སྐོར་སྤྲོ་འཆམ་པ་དང་ཁྲོམ་གྱི་སློང་མོ་བ། དེ་བཞིན་ཉམ་ཆུང་དུ་རྫུས་པའི་མི་དེ་ཚོར་ཡིད་གཟབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་བརྗོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།