མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མའི་གོམ་སྟབས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་ནང་ཞུགས་ཏེ་འགྱིང་འགྲོས་ཉམས་འགྱུར་བསྟན་ཡོད་འདུག

དེ་རིང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལཱ་མངའ་སྡེའི་ཀཱོ་ཆིན་གྲོང་ཁྱེར་གྱི་ལི་མེ་རེ་ཌན་ (Le Meridian) གསོལ་མགྲོན་ཁང་དུ། སྐུ་ཞབས་ཨ་ཇེ་ཌི་ར་ཝེ་པཱ་གྷ་སུ་སེའི་(Mr.Ajit Ravi Pegasus)ཁེ་ལས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༤ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་མཱན་ཎཱ་རམ་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་(Mannapuram Miss Asia) ཐེངས་ ༡༡ པའི་འགྲན་སྡུར་རིམ་པ་དང་པོའི་ནང་ཞུགས་ཏེ། སྡིངས་ཆའི་ཐོག་འགྱིང་འགྲོས་ (Ramp walk) ཉམས་འགྱུར་བསྟན་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ནང་རྒྱ་གར་དང་རྒྱ་ནག བལ་ཡུལ། འབྲུག མ་ལེ་ཞི་ཡ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བཅུ་གསུམ་གྱི་མཛངས་མ་ ༡༣ མཉམ་ཞུགས་བྱས་ཡོད་འདུག

རྒྱ་གར་གྱི་བང་ཆེན་གསར་ཁང་ལ་མཱན་ཎཱ་རམ་ཨེ་ཤ་ཡའི་མཛངས་མའི་འགྲན་སྡུར་གྱི་གོ་སྒྲིག་པས། ད་ལྟའི་མཛངས་མའི་འགྲན་སྡུར་འདི་ནི་ཨེ་ཤ་ཡའི་མཛངས་མ་རྣམས་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་མཁྱེན་ཡོན་སྟོན་སའི་སྡིངས་ཆ་ཞིག་བསྐྲུན་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན། དེ་རིང་ནས་བཟུང་ཉིན་ཤས་རིང་འགྲན་ཞུགས་པ་ཚོས་རིམ་པ་གསུམ་གྱི་འགྲན་སྡུར་བརྒྱུད། ཨེ་ཤ་ཡའི་མཛངས་མའི་དབུ་རྒྱན་གྱི་རྒྱལ་ཁ་རྩོད་ལེན་བྱ་རྒྱུ་རེད། ཅེས་བརྗོད་འདུག་ལ། དེ་བཞིན་ད་ལན་གྱི་འགྲན་སྡུར་དེ་སྙིང་གི་གཤག་བཅོས་བྱེད་དགོས་པའི་ཉམ་ཐག་ ༡༠༠ ཐམ་པའི་ཚེ་སྲོག་སྐྱོབ་ཆེད་དུ་གོ་སྒྲིག་བྱས་པ་ཡིན་ལུགས་ཀྱང་བསྒྲགས་འདུག

ཟླ་འདིའི་ཚེས་ ༡༢ ཉིན་ནས་བཟུང་ཁོང་མོས་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལཱ་མངའ་སྡེའི་གྲོང་ཁྱེར་ཀཱོ་ཆིན་གྱི་བྷེ་མོན་ཌི་(Beaumonde The Fern Hotel) གསོལ་མགྲོན་ཁང་དུ། ཨེ་ཤ་ཡའི་མཛངས་མའི་སྔོན་འགྲོའི་འགྲན་སྡུར་ཁག་གི་ནང་བཞུགས་ཏེ་ཆས་གོས་སྒེག་ཉམས་བསྟན་ཡོད་པ་དང་། སྐབས་དེར་མི་མང་གིས་དྲ་ཐོག་འོས་ཤོག་འཕངས་པ་བརྒྱུད་ཁོང་མོར་འོས་ཤོག་བླུག་མཁན་ ༣༢༢༣ བྱུང་སྟེ་ཨང་དང་པོ་ཐོབ་འདུག འགྲན་སྡུར་རིམ་པ་བརྒྱུད་ཨེ་ཤ་ཡའི་མཛངས་མའི་རྒྱལ་ཁ་ཐོབ་མཁན་ལ་གསེར་རྒྱན་སྤྲས་པའི་ཨེ་ཤ་ཡའི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་འབུམ་ ༥ ཡི་བྱ་དགའ་ཡོད་པ་དང་། ཨང་གཉིས་པར་ཧིན་སྒོར་འབུམ་ ༢ དང་ཨང་གསུམ་པར་ཧིན་སྒོར་འབུམ་ ༡ བཅས་སྤྲོད་རྒྱུ་ཡིན་པ་མ་ཟད། འགྲན་བསྡུར་སྐབས་ཆས་གོས་དང་སྐྲ། འཛུམ་མདངས་དང་ཤ་མདོག གདོང་པ་དང་མིག མི་གཤིས། འགྱིང་འགྲོས། མཛངས་སྤྱོད། རིག་རྩལ། དེ་བཞིན་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་བྱ་ཡུལ་དང་པར་བྱད་ལེགས་ཤོས་བཅས་ཀྱི་རྣམ་གྲངས་ཁག་ལ་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

བསྟན་འཛིན་དབྱངས་འཛོམས་ལགས་ནི་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༤ ཡིན་པ་དང་། ཁོ་མོ་ཆུང་དུས་ནས་ས་གནས་སློབ་གྲྭར་འགྲིམས་ཏེ་བྷེང་ལོར་ནང་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་ཁཱེ་སི་མཐོ་སློབ་ནང་སེམས་ཁམས་རིག་པ་དང་སྤྱི་ཚོགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་རྗེས། དགེ་རྒན་འོས་སྦྱོང་གནང་སྟེ་ད་ལྟ་སྒང་ཏོག་ཏུ་ཁོ་མོའི་ཕ་མ་གཉིས་ཀྱིས་འཛིན་སྐྱོང་བྱེད་བཞིན་ཡོད་པའི་དཔལ་ཁང་ཤེས་ཡོན་འཕེལ་རྒྱས་བསྟི་གནས་ཁང་དུ་དགེ་རྒན་གྱི་ལས་ཀ་གཉེར་བའི་ཞོར་དུ། གྱོན་གོས་ཁྱབ་བསྒྲགས་བྱེད་བཞིན་ཡོད་འདུག ཕྱི་ལོ་ ༢༠༡༤ ལོར་ཁོ་མོར་བོད་ཀྱི་མཛངས་མའི་དབུ་རྒྱན་དང་ཧིན་སྒོར་འབུམ་ ༡ གི་བྱ་དགའ་ཐོབ་ཡོད་པ་དང་། ཁོ་མོས་བྱ་དགའི་དངུལ་རྣམས་རྡ་རམ་ས་ལའི་བྱམས་པ་གླིང་རྒན་གསོ་ཁང་དང་མེག་གྷན་ཉིན་སློབ་ལ་ཞལ་འདེབས་སུ་སྤྲད་ཡོད་པ་རེད།

ཁོང་མོར་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་སྐབས། ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་ཀྱི་ལམ་སྟོན་འོག་བོད་དོན་ལ་དོ་སྣང་ཆེན་པོ་ཡོད་པ་ལྟར། བོད་ཀྱི་མཛངས་མའི་མིང་ཐོག་ནས་མ་འོངས་པར་བོད་དོན་ཐོག་ལས་ཀ་གང་མང་བྱེད་པའི་གོ་སྐབས་ཡོད་པས། ཁོང་མོས་མུ་མཐུད་བོད་དོན་ཐོག་ལས་ཀ་བྱ་རྒྱུ་ཡིན་པ་མ་ཟད། བོད་པའི་མི་རབས་གསར་པ་ཚོའི་ཤེས་ཡོན་ཡར་རྒྱས་ཆེད་ཁོང་མོ་དགེ་རྒན་ཡག་པོ་ཞིག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༧ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

མཆན། 1

  1. གཙང་ཞོལ་བདེ་གསལ། says:
    ལོ་ 11 སྔོན།

    གྲོགས་མོ་བསྟན་འཛིན་གཡང་འཛོམས་ལགས་སུ་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese