མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྡོ་རྗེ་སྒྲོལ་མ་ལཊ་བཙན་ཁྲིད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྔ་བ་རྫོང་ཁྲོམ་གཞུང་དུ་བུ་མོ་རྡོ་རྗེ་སྒྲོལ་མ་ཞུ་བ་ཞིག་གིས་ཞི་རྒོལ་གནང་སྟེ་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

དེ་རིང་བོད་ནང་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༨།༣༠ ཡས་མས་སུ། རྔ་བ་རྫོང་ཐོག་གི་གྲོང་ཁྱེར་དཀྱིལ་ལམ་ཞེས་པ་རུ་བོད་རིགས་བུ་མོ་རྡོ་རྗེ་སྒྲོལ་མ་ཞུ་བ་ཞིག་གིས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པས་ཁོང་མོ་བཙན་ཁྲིད་བྱས་ཡོད་འདུག

སྐབས་དེར་ལས་ཁུངས་ལ་འགྲོ་བཞིན་ཡོད་པའི་དངོས་སུ་མཐོང་མཁན་གྱི་བོད་རིགས་བུད་མེད་ཅིག་གིས། བུ་མོ་ཆུང་ཆུང་དེས་ཞི་རྒོལ་བྱེད་སྐབས་ཅུང་སྔ་བོ་ཡིན་པས་ཁྲོམ་གཞུང་དུ་མི་མང་པོ་མི་འདུག་ལ། ཁོང་མོས་ཞི་རྒོལ་གནང་བ་དངོས་སུ་མཐོང་མཁན་ཡང་ཉུང་ཉུང་རེད། ཁོང་མོས་ཞི་རྒོལ་བྱས་ནས་ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་ ༡༠ གྲངས་ཤིག་བསླེབས་ཏེ་བཙན་ཁྲིད་བྱས་སོང་། དེ་ནས་བཟུང་ཁོང་མོ་གང་དུ་ཡོད་མེད་སོགས་ཅི་ཡང་གོ་རྒྱུ་མི་འདུག ཅེས་བརྗོད་ཡོད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པས། གནས་ཚུལ་འདི་ཉིན་ཤས་སྔོན་ནས་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་ཏུ་བསླེབས་སོང་། ཡིན་ནའང་། སྐབས་དེར་བུ་མོ་དེའི་མིང་སོགས་གནས་ཚུལ་གསལ་བོ་མི་འདུག ཁ་སང་ཞིག་ནས་བཟུང་མིང་སོགས་གནས་ཚུལ་གང་འཚམ་གསལ་བོ་ཆགས་འདུག་ཅེས་བརྗོད་བྱུང་།

རྡོ་རྗེ་སྒྲོལ་མ་ལགས་ནི་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་རྡོ་རབ་ཚང་གི་བུ་མོ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist