མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་འོས་མི་བཏོན་པ་དེ་དོན་ལ་གནས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བ་དང་། བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་སྒྲིག་འཛུགས་དང་མི་སྒེར་པ་སོགས་ཀྱིས་སོ་སོའི་མངོན་འདོད་དང་ལངས་ཕྱོགས་གཞིར་བཟུང་འོས་མི་བཀྲམ་བཞིན་འདུག་ལ། འོས་མིར་ལངས་མཁན་ཚོས་ཀྱང་མ་འོངས་ལས་འཆར་སྐོར་མི་མང་ནང་ཁྱབ་བསྒྲགས་བྱེད་བཞིན་པའི་དུས་འདིར།སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་གྱིས་འོས་མིར་བཏོན་པ་ དང་འབྲེལ་བའི་རྩོམ་ཡིག་ཅིག་ལ་ལན་འདེབས་གསལ་བཤད་ཅིག་བྱེད་རྒྱུ་ཡིན།

༢༠༡༥ ལོའི་ཕྱི་ཟླ་༨ ཚེས་༢༤ ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་བློ་གྲོས་རབ་བརྟན་ཞེས་པའི་མཚན་ཐོག་ནས་“སྲིད་སྐྱོང་དང་འོས་མི་རྩེད་ཆས་མ་རེད་”ཅེས་པའི་བསམ་ཚུལ་ཞིག་བཏོན་འདུག སྤྱིར་བཏང་མི་སོ་སོས་བསམ་ཚུལ་གང་བཤད་པ་ཡིན་ཡང་། འདིའི་རྒྱབ་ལོག་ནས་མི་མང་ཁྲོད་དཀྲོག་གཏམ་ཞིག་འགྲོ་ཉེན་ཡོད་པས།ང་ཚོས་གསལ་བཤད་ཐུང་ངུ་ཞིག་བྱེད་འདོད་བྱུང་། དེ་ཡང་བསམ་ཚུལ་དེའི་ནང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ཀླུ་མཁར་བྱམས་སྲིད་སྐྱོང་འོས་མིར་བཏོན་པ་མ་འགྲིག་སྐོར་ནས་འཕྲོས་དེ་“བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རང་གི་མངོན་འདོད་བསྒྲུབ་པའི་སྲིད་སྐྱོང་འོས་མི་ཞིག་མིང་ འདོན་གནང་སྟེ། རང་གི་མངོན་འདོད་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཏུ་བསྐྱེལ་ལ་འབད་རྒྱུ་རེད་བསམ།

འོན་ཀྱང་དོན་ལ་དེ་ལས་ལྡོག་སྟེ་སྲིད་སྐྱོང་དང་སྲིད་སྐྱོང་འོས་མིའི་རྩེད་མོ་རྩེ་བཞིན་འདུག”ཅེས་འཁོད་འདུག འོས་མི་གཅིག་བཏོན་པ་དེ་རྩེད་མོ་ཡིན་མི་སྲིད་ལ། ཚོགས་མི་ཚང་མ་ལངས་དགོས་པའི་ངེས་པ་མེད། དེ་བས་མི་གཅིག་གི་ཐོག་འོས་སྤུངས་དགོས་པ་ལས། ཁ་འཐོར་དུ་སོང་ན་ག་ལ་འགྲིག བསམ་ཚུལ་དེའི་ནང་“རང་བཙན་ཚོགས་པར་མཚོན་ན་ཚོགས་པའི་ཚོགས་ཁོངས་སུ་རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུ་དང་། དེ་མིན་འཇིགས་མེད་ཨོ་རྒྱན། བསྟན་འཛིན་བརྩོན་འགྲུས་སོགས་ང་ཡིན་ན་ཁྱོད་ཡིན་ཟེར་མཁན་བཅུ་གྲངས་ཤིག་ཡོད་ཚོད་རེད་ལ། དེ་དག་ལས་གཅིག་ངེས་པར་དུ་སྲིད་སྐྱོང་ལ་ལང་དགོས་ཏེ།ཚོགས་པ་དེའི་ལངས་ཕྱོགས་ནི་རང་བཙན་ཡིན་ཞིང་། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་མ་འགྲིག་མ་འཐུས་རྐྱང་ཤོད་འབྲི་བྱེད་མཁན་ཡིན་པས་སོ་”ཞེས་ཀླུ་མཁར་བྱམས་འོས་མིར་བཏོན་པ་དེ་འགྲིག་གི་མེད་པའི་སྐོར་ཞིག་གསལ་འདུག དེ་བསམ་ཚུལ་འདོད་མཁན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ལ་རྒྱུས་མངའ་མེད་པར་གང་བྱུང་བཤད་པ་ཞིག་ལས་མ་འདས།

དེ་ཡང་གཅིག་ནས་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ནི་ཚོགས་པ་དེའི་ཚོགས་མི་མ་རེད་ལ། ཨ་ཚོགས་ཀླུ་མཁར་བྱམས་ཚོགས་པ་དེ་འགོ་འཛུགས་མཁན་གཙོ་གྲས་དང་། ཨེ་ཤ་ཡའི་ཕྱོགས་ནས་འགན་ཁུར་མཁན་གཙོ་བོ་རེད། གང་ལྟར་ཀླུ་མཁར་བྱམས་ནི་རང་བཙན་ལྷན་ཚོགས་ཀྱི་མི་སྣ་གཙོ་གྲས་ཤིག་ཡིན་པ་མ་ཟད། བོད་ཕྱི་ནང་གཉིས་ཀར་རྒྱུས་མངའ་ཡོད་མཁན་དང་། བོད་དང་རྒྱ་ནག་ནས་སློབ་སྦྱོང་ཐོན། རྒྱ་ནག་གི་བཙན་འོག་ནས་ཐད་གར་བོད་མི་རིགས་ཀྱི་འཐབ་རྩོད་དང་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་ཐོག་རྒྱའི་བཙོན་དུ་ཚུད་མྱོང་པའི་འཐབ་རྩོད་པ་ཁོང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་འོས་མིར་བཏོན་པ་དོན་ལ་གནས། བོད་ཕྱི་ནང་གཉིས་ནས་ཁོང་གི་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པ་རྒྱུས་ལོན་བྱས་ན། ཁོང་སྲིད་སྐྱོང་འོས་མིར་བཏོན་པར་ཁྱེད་ཧང་སང་དགོས་དོན་དེ་བས་མེད།

ད་དུང་གསལ་བོར་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་ཐོག་མར་རྒྱ་གར་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་སྐོར་ཞིག་གིས་འོས་མིར་བཏོན་ཡོད་པ་དང་། ཁོང་གིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་བཏང་རྗེས་སུ་རང་བཙན་ལྷན་ཚོགས་ཀྱིས་ཆོག་ཆན་ཞུས་པའི་ཐོག་ནས་སྲིད་སྐྱོང་འོས་མིར་བཏོན་པ་ཞིག་རེད། ཤེས་དགོས་པ་ཞིག་ནི། མང་ཚོགས་སམ་ཚོགས་སྡེ་གང་རུང་གིས་སྲིད་སྤྱིའི་འོས་མི་བཏོན་པར་བེད་སྤྱོད་བྱེད་ཀྱི་ཡོད་པ་དང་འོས་མིའི་ཁོག་པའི་ནང་འཛུལ་ཡོད་པར་བསྙོན་པ་ནི་མང་གཙོའི་ལྟ་གྲུབ་ལ་གོ་རྟོགས་ཞན་པས་རེད། དེ་ལྟར་ཡིན་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་སྲིད་སྐྱོང་འོས་མིར་བཏོན་པ་དེ། མང་གཙོ་ཚོགས་པས་ཁོང་གཉིས་བེད་སྤྱོད་དང་ཁོག་པར་འཛུལ་ཡོད་པ་རེད་དམ།

བསམ་ཚུལ་དེའི་ནང་“རང་བཙན་རང་བཙན་ཞེས་ལབ་བསྡད་པ་དེ་ཁ་ཙམ་མམ། ཡང་ན་རྒྱབ་ནས་ཅིག་བཤད་བསྡད་པ་ལས་མདུན་ལ་འཐོན་པར་གདེང་སྤོབས་མེད་པ་ཡིན་ནམ་”ཞེས་འཁོད་འདུག་ན། ཚང་མ་སྲིད་སྐྱོང་འོས་མིར་ལངས་ས་ཞིག་མེད་པ་མངོན་གསལ་ཡིན་པ་ལས། མདུན་ལ་ཐོན་ཏེ་འོས་མི་ཁྱབ་བསྒྲགས་དང་། དེའི་ཁྱད་ཆོས་ཀྱི་རྩོམ་ཡིག་ཀྱང་སྤེལ་བཞིན་ཡོད་པ་དེ་རེད། ད་དུང་བསམ་ཚུལ་དེའི་ནང་ཀླུ་མཁར་བྱམས་ཀྱི་ཁོག་པར་འཛུལ་བ་ཡིན་སྐོར་དང་“ཁྱེད་ཅག་གི་དམིགས་ཡུལ་ངོ་མ་དེ་ཡང་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་དགོས་པ་དེ་མ་ཡིན་པར། མང་ཁྲོད་དུ་རང་གི་ལྟ་བ་དང་ལངས་ཕྱོགས་ཁྱབ་བསྒྲགས་བྱ་རྒྱུ་དེ་རེད་”ཅེས་ཀླུ་མཁར་བྱམས་ཀྱི་འོས་འགྲན་དེ་ནུས་མེད་གཏོང་ཐབས་ལྟ་བུ་བཤད་འདུག་ཀྱང་། ཀླུ་མཁར་བྱམས་མི་ཁག་ཅིག་གིས་ཆུ་སྣ་གར་ཁྲིད་མ་ཡིན་པ་འདས་པའི་ཁོང་གི་ལོ་རྒྱུས་ལ་གཟིགས་ན་ཤེས་རྟོགས་ཐུབ། ང་ཚོས་ཁྱེད་ཀྱིས་མཐོང་བ་ལྟར་མིན་པར་ཁོང་འོས་མིར་ལངས་པ་དེར་རེ་བ་ཆེན་པོས་རྒྱབ་སྐྱོར་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད་ལ། དེའི་རིགས་མང་པོ་ལབ་དགོས་པར་མ་མཐོང་།

འོན་ཀྱང་སྲིད་སྐྱོང་འོས་མིར་ལངས་པ་དེ་ཁྱབ་བསྒྲགས་ཙམ་གྱི་ཆེད་དུ་མ་ཡིན་པ་མ་ཟད། བཙན་བྱོལ་བོད་མི་རྣམས་སྐྱབས་བཅོལ་དུ་ཡོང་དགོས་དོན་འཐབ་རྩོད་ལ་ཁ་ཕྱོགས་ནས་གཞུང་འཛིན་གྱི་གྲ་སྒྲིག་ཨང་གསར་ཡོད་པ་ཉིན་དང་པོའི་གསར་འགོད་གསལ་བསྒྲགས་དང་། དེ་བཞིན་མ་འོངས་ལས་འཆར་སྐོར་མི་མང་ཁྲོད་གཏམ་བཤད་གནང་དང་གནང་བཞིན་ཡོད་པ་རེད། བོད་ཀྱི་འཐབ་རྩོད་སྐོར་ལ་ལོ་མང་རིང་བོད་ཕྱི་ནང་གཉིས་ནང་ཉམས་ཞིབ་བྱས་པའི་རྩོམ་ཡིག་མང་པོ་ཡོད་པ་མ་ཟད། རྒྱའི་བཙོན་ཁང་དུ་ཡང་ལོ་མང་རིང་འཐབ་རྩོད་པའི་དཀའ་ངལ་མྱངས་མཁན་ཞིག་རེད།

མཇུག་ཏུ་ཁྱེད་ཀྱིས་ཀླུ་མཁར་བྱམས་མི་ཡག་པོ་ཡིན་སྐོར་ཞིག་ཀྱང་འཁོད་འདུག་མོད། བསམ་བློ་སྡུག་ས་ནས་བཏང་ན། བར་ལམ་ཞིག་བོད་དོན་འཐབ་རྩོད་ཀྱི་གནས་བབས་འདི་ཉམ་ཆགས་སོང་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་གཞི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་ས་གནས་མི་རིགས་རང་སྐྱོང་བསམ་འཆར་ཡིག་ཆ་རྒྱ་ནག་གིས་རྩིས་མེད་བཏང་བ་དང་། སྟབས་མ་ལེགས་པ་ཞིག་ལ་བོད་རང་བཙན་འཐབ་རྩོད་པ་ཚོར་བཙན་བྱོལ་ནང་ཕྱོགས་གང་ཐད་ནས་ནུས་མེད་བཟོ་བཞིན་པའི་སྐབས་འདིར། ཁྱེད་ཀྱིས་ཀྱང་བོད་རང་བཙན་ལ་མོས་པ་དང་། བོད་མིའི་སྒྲིག་འཛུགས་འདི་འཐབ་རྩོད་པ་ཞིག་གི་ངོ་བོ་ཚད་ལྡན་དུ་གནས་རྒྱུར་རེ་བ་བྱེད་མཁན་ཚོའི་བར་དཀྲུག་ཤིང་དཀྲོག་གཏམ་ཞིག་ཀྱང་ཨེ་ཡིན་སྙམ་པའི་དོག་པ་བྱུང་ཡང་། དེ་ལྟར་མིན་པའི་རེ་བ་ཡོད།

མཐའ་དོན་སོ་སོའི་ལུང་ཚན་གཅིག་པར་རྒྱབ་སྐྱོར་ཙམ་དང་། ནང་ཁུལ་ཆབ་སྲིད་འཁྲབ་སྟོན་པའི་ལས་རོགས་ཁག་ཅིག་ལ་ནང་མོལ་གྱིས་རྒྱབ་སྐྱོར་བྱས་པ་ལྟ་བུ་མིན་པར། བོད་མི་རིགས་ཀྱི་མ་འོངས་འཐབ་རྩོད་ལ་ཁ་ཕྱོགས་ཏེ།འཐབ་རྩོད་ཀྱི་ཆེད་དུ་ཕུགས་བསམ་ལྡན་པ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱས་པ་དེ་བོད་དོན་འཐབ་རྩོད་ལ་དོན་སྙིང་ལྡན་ཡོད་པར་ངོས་འཛིན་བྱ་ཆོག་པ་ཞིག་ཡིན་པས། བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་། བོད་མི་རིགས་ཀྱི་འཐབ་རྩོད་དོན་དུ་སེམས་ཁུར་ཡོད་མཁན་ཚོས་རྒྱབ་སྐྱོར་གནང་བ་དོན་ལ་ཕན་པ་རེད།

ད་དུང་སྤྱི་ཚོགས་དྲ་གནས་ཁག་ཏུ་མངོན་གསལ་མེད་པའི་འདྲ་འབུ་ཁག་ཅིག་གིས་ཨ་ཚོགས་ཀླུ་མཁར་བྱམས་ལ་དད་པ་མེད་སྐོར་དང་འབྲེལ་ནས་སྐྱོན་འདོགས་བྱེད་ཀྱི་འདུག་ཀྱང་། མིའི་སེམས་ལ་དད་པ་ཡོད་མེད་ནི་གཞན་གྱིས་ཚོད་བགམ་བྱས་ནས་བཤད་ཐུབ་པ་ཞིག་མིན་ལ། དེ་བས་ཚིག་གཅིག་གཉིས་བཤད་སྟངས་ཀྱིས་དད་པ་ཡོད་མེད་གཉིས་ཀ་བསྒྲུབ་མི་ཐུབ། རྒྱལ་ཁབ་དང་མི་རིགས་ཤིག་གི་འཐབ་རྩོད་ཐོག་ནས་བཤད་ན་ཆོས་ལུགས་བྱེ་བྲག་པ་ཞིག་ལ་དད་མོས་ཡོད་དང་མེད་དེ་གནད་དོན་ཞིག་ཆགས་མེད། དེའི་རིགས་ལ་ལན་འདེབས་དགོས་གལ་ཡང་མ་མཐོང་།།

སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་ནས་༢༠༡༦ ཟླ་༨ ཚེས་༢༦ ཉིན་སྤེལ།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༦ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 3

  1. གངས་དཀར་རྒྱལ་སྲས says:
    ལོ་ 10 སྔོན།

    སྲིད་སྐྱོང་ནི་སུ་ལ་ཐོབ་ཀྱང་ཁྱད་པར་མེད་མོད། མི་སུ་ཡིན་ཡང་རང་ཉིད་མི་དགའ་སའམ་ཁ་གཏད་དེའི་སྐད་ཆ་ལ་ཉན་རྒྱུ་ནི་རྒྱུ་མཚན་དང་གནས་ལུགས་སྲུང་བརྩི་བྱས་པ་ཙམ་ལས་རང་གི་ལ་རྒྱ་ཤོར་བ་ནམ་ཡང་མིན། ཀླུ་མཁར་བྱམས་ལ་འོས་ཐོབ་ན་སྙིང་ནས་དགའ་བསུ་ཡོད་མོད། ཁོ་ལ་ཐལ་དྲག་པ་དང་ཉེན་ཆེ་བའི་ཆ་ཞིག་འདུག ང་ཆེས་དོགས་པའམ་སྐྲག་ས་དེ་ཡིན། མ་གཏོགས་གཞན་ཁོ་ལ་བློ་སྤོབས་དང་གདེངས་ཚོད་ཡོད་པས་ཧ་ཅང་དགའ་ཡོད།

    Reply
  2. ཤག་སྒང་པ། says:
    ལོ་ 10 སྔོན།

    ཀླུ་མཁར་བྱམས་ཀྱི་གཏམ་བཤད་ནས་སློབ་སྦྱོང་མང་པོ་ལེན་རྒྱུ་ཡོད་པ་རེད། དམིགས་བསལ་བོད་རྒྱའི་ཆབ་སྲིད་རྙོག་གླེང་སྐོར་དེ་རེད།

    ཧ་ཅང་ཕྱི་དྲགས་པའི་ལན་འདེབས་འདི་ཚ་བོ་ཚ་བོ་གནད་དུ་འཁེལ་བའི་གསལ་བཤད་ཅིག་ཏུ་གོ་མ་སོང་། ད་དུང་ལན་འདེབས་མང་པོ་ཞིག་ཀྱང་ལྷག་ནས་ཡོད་པ་འདྲ། རྣམ་པ་ཚོ་སྐུ་ཐང་ཆད་ངེས་རེད། ཤུགས་རྒྱོབས་ཤིག་མང་པོ་ཞིག་སྦྱངས་ཀྱི་རེད།

    ཀླུ་མཁར་ལ་འོས་མི་ཕངས་ཟེར་མཁན་ཚོས་ཁོང་ལ་ལམ་སེང་མ་འབ་པར་ཁོའི་སྐད་ཆར་ཉན་དགོས་པ་རེད་ཟེར་འདོད།

    Reply
  3. གངས་སེང་། says:
    ལོ་ 10 སྔོན།

    རྒྱལ་ཁབ་མི་རིགས་ལ་བསམ་བློ་གཏོང་ན་ཨ་ཚོགས་ཀླུ་མཁར་བྱམས་ལས་ཡན་སུ་གང་མེད། ད་དུང་ཉི་མ་གཏོང་ནས་བསྡད་ན་སུ་ལ་བླུགས་ན་ཁྱད་པར་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese