མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་དུང་སྔར་བཞིན་སྲིད་སྐྱོང་དང་འོས་མི་རྩེད་ཆས་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

བློ་གྲོས་རབ་བརྟན།

 

ངའི་ཆེད་རྩོམ་༼སྲིད་སྐྱོང་དང་འོས་མི་རྩེད་ཆས་མ་རེད༽ཅེས་པར་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་ཟེར་བས་ལན་ཞིག་བོད་ཀྱི་དུས་བབ་དྲ་ངོར་༢༠༡༥/༨/༢༨ ལ་བཀོད་འདུག དངོས་གནས་བྱས་ན་ངས་ཀླུ་བྱམས་འོས་མི་འདོན་མཁན་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་འོས་འདོན་སྟངས་ཐད་ནས་སྐད་ཆ་གཙོ་བོ་བཤད་ཡོད། དེར་བརྟེན་ལན་ཞིག་ཡོད་ན་ཚོགས་པ་དེ་ནས་ཡོང་དགོས་མོད། འོན་ཀྱང་དེ་ལས་མ་བསླེབས་པར་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་མཁན་ཚོགས་ཆུང་ནས་བསླེབས་འདུག ལན་དེ་བཀླགས་རྗེས་ད་དུང་སྔར་བཞིན་“སྲིད་སྐྱོང་དང་འོས་མི་རྩེད་ཆས་རེད་“འདུག

 

ང་ལ་གསལ་ཁ་འདོན་དགོས་ས་དེ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་འོས་མི་འདོན་སྟངས་ཐད་ནས་རེད། ངས་རང་བཙན་ལྷན་ཚོགས་ཀྱིས་འོས་མི་འདོན་ཆོག་གི་མ་རེད་ཟེར་གྱི་མེད་ལ། ཚོགས་པ་ཞིག་གི་དངོས་ནས་འོས་མི་འདོན་སྐབས་ཤེས་འཇོན་གང་ཐད་ནས་མི་རྩེ་མོའི་ནང་གི་ཏོག་དེ་འདོན་དགོས་པ་བསྙོན་དུ་མེད་ན། ཁྱེད་ཅག་གིས་ཀླུ་མཁར་བྱམས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་གཙོ་གྲས་ཤིག་ཡིན་རབས་བཤད་པ་ལས་གཙོ་བོའི་ནང་གི་ཏོག་དེ་ཀླུ་བྱམས་ཡིན་པ་བསྟན་མེད་ཅིང་། ཚོགས་མི་གཙོ་གྲས་ཤིག་རེད་ཅེས་པས་ད་དུང་ལན་ཐེབས་མེད་ལ། རང་བཙན་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ལྷན་འཛོམས་ཀྱིས་གྲོས་བསྡུར་གྱི་ལམ་ནས་ཀླུ་བྱམས་བཏོན་པ་ཡིན་པའི་བདེན་དཔང་དངོས་སྟོན་རྒྱུ་ཡོད་ན་འགྲིག་འདུག དེ་མེད་ཕྱིན་ཆད་ད་དུང་ཡང་ཁོང་ཚོ་ལ་མཚོན་ན”སྲིད་སྐྱོང་དང་འོས་མི་རྩེད་ཆས་རེད་“འདུག

 

བར་གནས་ཤིག་གིས་ཀླུ་བྱམས་ཡག་རབ་རྒྱན་རབ་བཤད་ན་རྣ་བར་འགྲོ་ཡི་རེད། དེ་མིན་ཀླུ་བྱམས་ལ་རྒྱབ་སྐྱོར་བ་ཞིག་གིས་ཀླུ་བྱམས་བཟང་རབ་བཤད་ན་རྣ་བར་འགྲོ་ཁག་པོ་རེད། རྒྱུ་མཚན་ནི་ཁྱེད་ཅག་ཕྱོགས་གཅིག་ལ་ལྷུངས་ཚར་བས་རེད། གང་ལྟར་ངས་ཀླུ་བྱམས་སྒེར་ལ་ཅི་ཡང་རྗོད་ཀྱིན་མེད་ལ། ད་དུང་དེ་སྔའི་ཆེད་རྩོམ་དུ་མི་དྲང་བོ་ཞིག་དང་ཁ་རུ་ཁ་ཐུག་ཅིག་རེད་ཅེས་པ་རང་འཇགས་ཡིན།

 

གལ་ཆེན་བ་ཞིག་ནི་ཁྱེད་ཅག་གིས་༼སྟབས་མ་ལེགས་པ་ཞིག་ལ་བོད་རང་བཙན་འཐབ་རྩོད་པ་ཚོར་བཙན་བྱོལ་ནང་ཕྱོགས་གང་ཐད་ནས་ནུས་མེད་བཟོ་བཞིན་པའི་༽ རང་བཙན་འཐབ་རྩོད་ཚོ་ལབ་ན་གོ་བ་ག་འདྲ་ཞིག་ལེན་དགོས་པ་རེད། ཚོགས་པ་ཞིག་ལ་གོ་དགོས་ན་ཚོགས་པ་གང་དང་གང་རེད། ཡང་ན་མི་སྒེར་བ་ཡིན་ན་སུ་དང་སུ་རེད། དེ་དང་པོ་གསལ་ཁ་བཏོན་རྗེས་དེ་ནས་སྒྲིག་འཛུགས་དང་ཚོགས་སྡེ། ཡང་ན་སུ་དང་གང་གིས་རང་བཙན་འཐབ་རྩོད་ནུས་མེད་བཟོ་བཞིན་པ་རེད། ཇི་ལྟར་བཟོ་བཞིན་ཡོད་པ་རེད། འདི་སྐད་ཆ་ཆུང་ཆུང་ཞིག་གཏད་ནས་མ་རེད་ལ། ཚོད་ཚོད་ལ་མི་དཀྱུས་མ་ཞིག་ཁ་ནས་ཐོན་པའི་ཚིག་ཀྱང་མ་རེད། འདི་སྲིད་སྐྱོང་གི་འོས་མིར་རྒྱབ་སྐྱོར་ཚོགས་ཆུང་གི་ཁ་ནས་ཐོན་པ་རེད། འདི་དག་ལ་ཁོངས་དང་ལུང་དངོས་ཡོད་གཞིར་བཞག་གིས་ར་སྤྲད་དེ། ཡིན་ན་ཡིན་པ་དང་མིན་ན་མིན་པ་དེ་མི་མང་ལ་གསལ་བོ་བཟོ་དགོས་པའི་གནད་དོན་ཞིག་རེད།

 

ད་དུང་སྐད་ཆ་གཞན་ཞིག་ལ་༼བར་ལམ་ཞིག་བོད་དོན་འཐབ་རྩོད་ཀྱི་གནས་བབས་འདི་ཉམ་ཆགས་སོང་ཡོད་༽ཅེས་བཤད་འདུག འདི་དོན་ལ་གནས་པའི་སྐད་ཆ་ཞིག་རེད་དམ། བོད་དོན་ཟེར་ན་གོ་བ་ག་འདྲ་ལེན་གྱི་ཡོད། འདི་གཅིག་ཡིན། གཉིས་ནས་ངས་ནོར་མེད་ན་ཁྱེད་ཅག་གི་ལྟ་སྟངས་ཡིན་ན། བོད་མིའི་སྒྲིག་འཛུགས་ནས་རྒྱ་གཞུང་ལ་སྤྲད་པའི་ས་གནས་རང་སྐྱོང་གི་ཡིག་ཆ་ལ་ཡ་ལན་མ་སྤྲད་པ་དེ་རེད། འདི་ནི་བཀའ་ཤག་གོང་མའི་སྐབས་གདོང་དང་གདོང་ཐུག་སྟེ་བོད་དོན་ཐད་ཀར་བཤད་པའི་ལས་རིམ་གྱི་ཆ་ཤས་གལ་ཆེན་ཞིག་རེད། འདིས་རྒྱ་གཞུང་ལ་རྒྱུ་མཚན་དང་གནས་ལུགས། བདེན་པ་དང་དོན་དངོས་གཞི་བཟུང་གི་སྐད་ཆ་སྨྲ་རྒྱུ་མེད་པའི་གནས་སུ་བསྐྱལ་ཏེ། ཚོད་ཚོད་ལ་བོད་རང་བཙན་དང་བོད་ཆེན་པོ་རྩོད་ཀྱིན་འདུག་ཅེས་བསྒྲགས་ཏེ་ཁག་འཁྲི་བྱེད་བཞིན་ཡོད་ཅིང་། བོད་རང་བཙན་ནི་རྒྱ་ནག་གཞུང་ལ་མཚོན་ན་རྩོད་དགོས་པ་ཞིག་ཆགས་ཡོད། ད་ལྟའི་རྒྱ་གཞུང་གིས་བོད་རང་བཙན་སྤྲོད་མི་སྲིད་ཅིང་། བོད་མི་ཚོས་ལེན་མི་ཐུབ་པའི་གདེང་ཚོད། རྒྱལ་སྤྱི་ནས་རྒྱབ་སྐྱོར་མེད་པའི་དོན་དངོས་བཅས་ཀྱིས་རེད། དེར་བརྟེན་རང་བཙན་བརྩད་ན་རང་སྐྱོང་དང་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ནས་སྐད་ཆ་བཤད་མི་དགོས་ལ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་རྩོད་ཀྱིན་མེད་ནའང་རྩོད་ཀྱིན་འདུག་ལབ་ཀྱི་ཡོད་པ་ལྟར་བོད་མི་ཚོས་ཀྱང་འཇོན་མིན་ལ་མ་ལྟོས་པར་རང་བཙན་རྩོད་ཁུལ་བྱས་ན། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་གདོང་ལེན་བྱེད་པར་ལས་སླ་རུ་དང་སྟབས་བདེ་རུ་གྱུར་ཡོད།

 

ལར་ནས་བཙན་བྱོལ་བོད་མིའི་ཁྲོད་དུ་རང་སྐྱོང་དང་རང་བཙན་རྩོད་མཁན་གཉིས་ཡོད་པའི་ཁུལ་རེད། ྄དངོས་གནས་བྱས་ན་རང་བཙན་རྩོད་མཁན་ཚོས་ལས་ཀ་མང་བ་བྱེད་དགོས་མོད། འོན་ཀྱང་དོན་ལ་རང་སྐྱོང་རྩོད་མཁན་ཚོས་རྒྱ་གཞུང་དང་མཉམ་དུ་འབྲེལ་བ་སླར་གསོ་དང་། པེ་ཅིན་དུ་སྐུ་ཚབ་ཐེངས་མང་མངགས་ཏེ་བོད་དོན་ཐད་གྲོས་བསྡུར་རིམ་པར་བྱས་པ་སོགས་ལས་ཀ་མང་བ་བྱས་ཡོད། རང་བཙན་པ་ཚོས་རང་བཙན་ཆེད་དུ་ལས་ཀ་འདི་བྱས་པ་རེད་ཅེས་ཡོངས་གྲགས་སུ་ཅི་ཡང་སྟོན་རྒྱུ་མེད་ན། ལས་སླ་ཤོས་ནི་བཙན་བྱོལ་ནང་རང་བཙན་རྩོད་རྒྱུ་དེ་རེད།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 13

  1. བཟང་སྤྱོད། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་གསར་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply
  2. སྲོང་བཙན། says:
    ལོ་ 11 སྔོན།

    ཀླུ་མཁར་བྱམས་སྲིད་སྐྱོང་ཐོབ་ཚེ་ང་ཟླ་བའི་གྲོང་ཁྱེར་ནང་སྒོམ་བརྒྱབ་ཏུ་འགྲོ་ཐག་གཅོད་ཡིན། ཧཧཧཧ

    Reply
    • བོད་མི་དམངས། says:
      ལོ་ 11 སྔོན།

      སྲོང་བཙན་ཁྱེད་རང་ཟླ་བའི་གྲོང་ཁྱེར་ལ་འགྲོ་མིན་ང་ཚོ་ལ་མཆུ་ཏོག་རྩ་བ་ནས་མེད་པ་མ་ཟད། ད་ལྟ་ཁྱེད་རང་གིས་ས་གནས་གང་ཞིག་ནས་ཅི་ཞིག་བྱེད་བཞིན་ཡོད་མེད་ལའང་མཆུ་ཏོག་མེད་དོ།

      ཁྱེད་རང་གི་འོས་ཤོག་རིན་ཐང་ཅན་དེ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལ་བླུག་རོགས་ཞེས་འབོད་སྐུལ་ཞུ་མཁན་ལྷ་འདྲེ་མི་སུ་གང་ཡང་མེད་འདུག

      བློ་གྲོས་རབ་བརྟན་ལགས། སྐུ་ཁམས་བཟང་།ཉིད་ཀྱིས་ཉིན་ལྟར་རང་ཉིད་ཀྱི་རྩོམ་ཡིག་ལ་མཆན་ཡོད་མེད་ཆེད་ཡང་ཡང་ལྟ་ཡི་ཡོད་ཤག་རེད། རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་སྐྱེས་མཆོག་དམ་པ་གྷན་དྷི་མཆོག་གིས་སྲིད་དོན་ནི་རྩེད་མོ་ཞིག་རེད་ཅེས་འགྲེལ་བ་ལྟར། སྲིད་སྐྱོང་འོས་མི་རྩེད་ཆས་ཤིག་ཡིན་དང་ཡིན། སྲིད་སྐྱོང་འོས་མི་ཡིན་ན་ངེས་པར་དུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་དགོས་པ་དང་དེ་མིན་སྲིད་བྱུས་དེ་དང་འགལ་བའམ་རང་བཙན་རྩོད་མཁན་ཞིག་སྲིད་སྐྱོང་འོས་མི་ལངས་ན་་རྩེད་ཆས་ཡིན་པའི་རྒྱུ་མཚན་ནི་བྱིས་པའི་སྐད་ཆ་རང་རེད། གལ་སྲིད་ཁྱེད་ཀྱི་བསམ་པ་ལྟར་ཡིན་དགོས་ན༸གོང་ས་མཆོག་གིས་གསོལ་རས་བསྩལ་བའི་དམངས་གཙོ་འདི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན་ན་ཡག་ཤོས་རེད།

      སྲིད་དོན་ཚན་རིག་གི་ངོས་ནས་བཤད་ན་སྲིད་དོན་ཟེར་བ་དམངས་ཀྱི་ཆེད་དུ་ཡིན་ཞིང་དམངས་ཀྱི་དོན་དུ་བསྒྲུབ་དགོས་ཟེར། སྡོམ་ཚིག་འདི་གཉིས་དང་འགལ་ཚེ་དམངས་ཀྱིས་གསར་བརྗེའི་ངོ་བོ་ཐོག་ནས་སྲིད་གཞུང་མགོ་རྟིག་སློག་ངེས་རེད། དེ་ན་སྲིད་སྐྱོང་འོས་མི་ལངས་པ་ལ་ལྟ་གྲུབ་ལངས་ཕྱོགས་ཀྱི་ས་མཚམས་བཅད་པ་དང་ས་མཚམས་དེ་ལས་བརྒལ་ན་རྩེད་ཆས་ཆགས་པའི་ངེས་པ་མེད་བསམ།

      ཁྱེད་རང་གིས་ལྟོས་དང་། ༢༠༡༦ལོའི་ཨ་རིའི་སྲིད་འཛིན་འོས་མི་ལ་མཚོན་ན། སྤྱི་མཐུན་ཚོགས་པའི་ནང་སྲིད་འཛིན་འོས་མི་ལངས་མཁན་༡༧་དང་དམངས་གཙོ་ཚོགས་པའི་ནང་སྲིད་འཛིན་འོས་མི་ལངས་མཁན་ ༥ བྱུང་བ་རེད། སྲིད་འཛིན་འོས་མི་རེ་རེའི་རྒྱབ་ལྗོངས་ལོ་རྒྱུས་དང་ཤེས་ཡོན། འཇོན་ཐང་གང་ཅིའི་ཐད་ནས་མ་འདྲ་བ་ཡོད་པ་མ་ཟད་། ཁོང་ཚོས་འབྱུང་འགྱུར་ཨ་རིའི་ནང་སྲིད། རྒྱལ་སྲུང་བདེ་འཇགས། ཕྱི་འབྲེལ་སྲིད་ཇུས། དྲ་ཚུགས་བདེ་འཇགས། དམག་དོན་ལ་སོགས་འགྲེལ་སྟངས་སྣ་ཚོགས་ཡོང་གི་ཡོད། མདོ་བསྡུས་ན། ཁྱེད་ཀྱིས་ཁོང་ཚོ་ཚང་མས་འཛམ་གླིང་ནང་སྙན་གྲགས་ཡོད་པའི་ཨ་རིའི་སྲིད་འཛིན་འོས་མི་དང་འོས་བསྡུ་ལ་རྩེད་ཆས་བྱེད་ཀྱི་འདུག་ཅེས་བརྗོད་ཀྱི་ཡིན་ནམ།

      Reply
  3. སྟག་རྫི། says:
    ལོ་ 11 སྔོན།

    ཡག་པ་བྲིས་འདུག

    Reply
  4. ས་མཐའི་འཁྱམ་པོ། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ཀྱི་དྲ་རྒྱ་གསར་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply
  5. བྷོ་ཊའི་ལྷ་སྲས་ says:
    ལོ་ 11 སྔོན།

    དུས་བབ་ཀྱི་དྲ་རྒྱ་གསར་པར་འཚམས་འདྲི་ཡོད

    Reply
  6. བོད་ཁམས་སྡེ་ says:
    ལོ་ 11 སྔོན།

    སྤྱི་བཏང་ད་བར་དུ་སྲིད་སྐྱོང་འོས་མི་ལོང་མཁན་ལྔ་བྱུང་བའི་ནང་ནས་ཡོངས་གྲགས་སུ་བློ་སྤེན་བཀྲ་བྱམས་ཁོང་ཚོ་བཞི་ཡིན་ས་རེད་ ང་ནི་ཁོང་ཚོ་བཞི་ཡི་ནང་ནས་འོས་སུ་ཐོབ་ན་ཁྱེད་པར་མེད་ རྒྱུ་མཚན་དེར་བརྟེན་ནས་ད་ལོ་འོས་བླུག་གི་མིན་

    Reply
  7. གཤེན་གྱི་ཕོ་ཉ། says:
    ལོ་ 11 སྔོན།

    དྲ་ཚུགས་གསར་པར་འཚམས་འདྲི་ཞུ།

    Reply
  8. གཤེན་གྱི་ཕོ་ཉ། says:
    ལོ་ 11 སྔོན།

    འཚམས་འདྲི་ཞུ།

    Reply
  9. ཁ་རི་ཁ་ཐུག says:
    ལོ་ 11 སྔོན།

    ངས་བློ་བྲོས་རབ་བརྟན་གྱི་རྩོམ་ཡིག་ལ་མཆན་ཞིག་བཞག་ཀྱང་དུས་བབས་ཚང་གི་མཆན་དེ་འདིར་བཏོན་མིན་འདུག
    འོན་ཀྱང་ངས་སེམས་ཤུགས་མ་ཆག་པར་སླར་ཡང་ཞུ་འདོད་བྱུང་། བློ་བྲོས་རབ་བརྟན་གྱི་རྩོམ་ཡིག་གི་རང་བཙན་རྩོད་མཁན་ལ་འཁང་ར་དང་ཁྱད་གསོད་བྱེད་ཀྱི་འདུག་ལ་ལྷག་པར་དུ་ཀླུ་མཁར་བྱམས་ལ་སྒེར་བཙུགས་ཀྱི་སྐྱོན་འདོན་བཞིན་འདུག རང་བཙན་རྩོད་མཁན་ལ་ཟུར་ཟ་དང་འཁང་ར་བྱེད་རྒྱུ་མང་དྲགས་ན་དེ་ནི་འགན་འཁུར་མེད་པའི་གླེང་མོལ་ཞིག་ཡིན།

    Reply
  10. ཨ་མདོའི་ཕོ་རྒོད། says:
    ལོ་ 11 སྔོན།

    སུ་ལ་འོས་ཤོག་ཐོབ་ཀྱང་ང་ལ་ཁྱད་པར་དེ་ཙམ་མེད་ཀྱང་། འོས་མི་འདེམས་སྟངས་འདི་བརྒྱུད་ནས་ངའི་གྲོགས་པོ་མང་པོ་ཞིག་གི་མི་གཤིས་ངོ་མ་དེ་མཐོང་ཐུབ་སོང་། དེ་ནི་གོ་སྐབས་ཡག་པོ་ཞིག་ལ་རྩི་གིན་ཡོད།

    Reply
  11. ཇོ་རིའི་སྲས་པོ། says:
    ལོ་ 11 སྔོན།

    བློ་གྲོས་རབ་བརྟན་ལགས་ཀྱིས་དངོས་དོན་ཞིག་གསུངས་འདུག། འཐབ་རྩོད་ཅི་ཞིག་བྱ་འདོད་ཀྱང་རྩོད་ས་མི་ནོར་བྱེད་དགོས་པ་གལ་གང་ཆེ།

    Reply
  12. ཇོ་རིའི་སྲས་པོ། says:
    ལོ་ 11 སྔོན།

    བློ་གྲོས་རབ་བསྟན་ལགས་ཀྱིས་དོན་དངོས་ཞིག་གསུངས་འདུག། རང་བཙན་རྩོད་མཁན་ཚོར་ཁྱོད་ཚོས་རང་བཙན་རྩོད་ན་མི་འགྲིག་ཟེར་མཁན་སུ་ཞིག་ཡོད་མ་རེད། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་རྩོད་མཁན་ཡིན་ནའང་རེད། བོད་རང་བཙན་རྩོད་མཁན་ཡིན་ནའང་རེད། གང་ལྟར་རྩོད་ས་དེ་ངོས་ཟིན་པ་དགོས་ངེས་རེད། གཞན་རྩོད་དགོས་སར་མ་རྩོད་པར་མི་དགོས་སར་རྩོད་པ་ཡིན་ན་རྙོག་གྲའི་རྒྱུ་ལས་གཞན་ཅི་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese