མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བའི་དཀའ་སྡུག

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

དཀྱིལ་ཤར་ཡུལ་གྲུ་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་ཡོང་མཁན་ཚོ་ལམ་བར་དུ་རྐྱེན་འདས་སོགས་ཀྱི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་འདུག

11038014_929940727062548_1429227510334904408_nདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༡ ལོར་སི་རེ་ཡར་ནང་འཁྲུག་ལངས་པ་ནས་བཟུང་ཡུལ་མི་ས་ཡ་ ༤ ཙམ་རྒྱལ་ཁབ་གཞན་དུ་ཉེན་ཡོལ་དུ་འགྲོ་དགོས་བྱུང་བ་མ་ཟད། འདི་ལོ་མེ་ཌི་ཏྲེ་ནི་ཡན་རྒྱ་མཚོ་བརྒྱུད་སྐྱབས་བཅོལ་བ་འབུམ་ ༣ ཙམ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འབྱོར་ཡོད་ཀྱང་། རྒྱལ་ཁབ་མང་པོ་ཞིག་གིས་མཐའ་མཚམས་ཁུལ་དུ་ལྕགས་རྭ་བརྒྱབ་པ་སོགས་ལྟ་སྲུང་ཤུགས་ཆེ་བྱས་པར་བརྟེན། ནད་མནར་དང་མཚོ་སྐྱོམ་སོགས་ཀྱིས་སྐྱབས་བཅོལ་བ་ ༢༥༠༠ ལྷག་རྐྱེན་འདས་དང་། ཟླ་འདིའི་ཚེས་ ༢ ཉིན་ཀྲར་ཀི་ཡི་བྷོ་ཌོམ་ (Bodrum) མཚོ་འགྲམ་ནས་སྐྱབས་བཅོལ་བ་ཁ་ཤས་ཀྱི་ཕུང་པོ་རྙེད་ཡོད་པ་མ་ཟད། ལོ་ ༣ ཅན་གྱི་ཕྲུ་གུ་ཆུང་ཆུང་ཨ་ཡེ་ལན་ཁར་ཌི་ (Aylan Kurdi) ཡི་ཕུང་པོ་སྙིང་རྗེ་བ་དེ་བརྒྱུད་ལམ་དུ་ཁྱབ་རྗེས། རྒྱལ་སྤྱིའི་ཐོག་སི་རེ་ཡའི་གནད་དོན་ཐོག་གླེང་སློང་ཆེན་པོ་བྱུང་བར་བརྟེན་ད་ལྟ་འཇར་མན་དང་དབྱིན་ཡུལ། ཨོ་སི་ཋོ་རི་ཡ་སོགས་ཀྱིས་སྐྱབས་བཅོལ་བ་ལེན་བཞིན་ཡོད་པ་མ་ཟད། གཏོང་ཕོད་ཅན་གྱི་ཕྱུག་བདག་དང་བྱམས་བརྩེ་ཅན་ཚོས་སྐྱབས་བཅོལ་བ་དེ་ཚོར་ས་ཆ་ཉོ་བ་སོགས་ཀྱི་རོགས་རམ་བྱེད་རྩིས་ཡོད་འདུག

syrian-boy-drowned-mediterranean-tragedy-artists-respond-aylan-kurdi-21__700ཉེ་ལམ་ཀྲར་ཀི་ཌོ་གྷན་གསར་ཁང་ (Turkey’s Dogan News Agency) གི་པར་པ་ལྕམ་ཎི་ལུ་ཧྥར་ཌེ་མར་ (Nilufer Demir) གྱིས། བྷོ་ཌོམ་མཚོ་འགྲམ་ནས་སྟོད་ཐུང་དམར་པོ་དང་གོས་ཐུང་སྔོ་ནག་གྱོན་པའི་ཕྲུ་གུ་ཆུང་ཆུང་ཨ་ཡེ་ལན་ཁར་ཌིའི་ཕུང་པོར་པར་བརྒྱབ་ནས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱས་ཡོད་སྟབས། ད་ལྟ་རི་མོ་མཁས་ཅན་ཚོས་ཕྲུ་གུ་ཆུང་ཆུང་དེ་སྣུམ་ཚོན་རི་མོ་སོགས་སུ་བཀོད་དེ་སྐྱབས་བཅོལ་བའི་དཀའ་སྡུག་མཚོན་པར་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་རིགས་ཀྱི་འདུ་ཤེས་བཟུང་སྟེ་གཅིག་ཕན་གཅིག་གྲོགས་དང་གདུང་སེམས་མཉམ་སྐྱེད་ཞུ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་མཁན་མང་ཆེ་བ་ནི་སི་རི་ཡ་དང་དཀྱིལ་ཤར་ཡུལ་གྲུ། ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཆགས་ཡོད་པ་དང་། འདི་ལོའི་ཟླ་ ༧ པའི་ནང་གཅིག་པུར་སྐྱབས་བཅོལ་བ་འབུམ་གཅིག་ལྷག་ཡུ་རོབ་ཁུལ་དུ་འབྱོར་ཡོད་པ་དང་། ད་ལྟ་ཧང་གྷེ་རི་དང་སར་བྷི་ཡའི་ས་མཚམས་བརྒྱུད་སྐྱབས་བཅོལ་བ་ཁྲི་སྟོང་མང་པོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་འབྱོར་བཞིན་ཡོད་སྟབས། རྒྱལ་ཁབ་དེ་གཉིས་ཀྱིས་ས་མཚམས་ཁུལ་དུ་ལྕགས་རྭ་བསྐོར་ནས་རྒྱལ་ནང་དུ་འཛུལ་འཇུག་གི་མེད་པར་བརྟེན། ཕྱི་ཟླ་༨ ཚེས་ ༢༧ ཉིན་ཨོ་སི་ཋོ་རི་ཡའི་ཉེན་རྟོག་པས་ཧང་གྷེ་རིའི་མཐའ་མཚམས་ཁུལ་ནས་དོལ་སྐྱེལ་རླངས་འཁོར་ཞིག་གི་ནང་ནས་སྐྱབས་བཅོལ་བའི་ཕུང་པོ་ ༧༡ རྙེད་ཡོད་པ་མ་ཟད། ཉིན་དེའི་མཚན་མོར་སྐྱབས་བཅོལ་བ་ ༣༨༧ རྩད་གཅོད་བྱུང་སྟེ་མི་ལྐོག་ཚོང་རྒྱག་མཁན་ ༥ འཛིན་བཟུང་བྱས་ཡོད་པ་རེད།

ཉིན་འགའི་སྔོན་དུ་འཇར་མན་སྲིད་བློན་ལྕམ་ཨང་གྷེ་ལ་མེར་གྷལ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་གིས་མཉམ་རུབ་ཀྱིས་སྐྱབས་བཅོལ་བའི་དཀའ་ངལ་སེལ་མ་ཐུབ་ན། མནའ་མཐུན་རྒྱལ་ཁབ་ཀྱི་ཕམ་ཁ་ཡིན་པའི་འགྲེལ་བརྗོད་དང་འབྲེལ། ད་ལྟ་འཇར་མན་ནང་སྐྱབས་བཅོལ་བ་ཁྲི་ ༨ ཙམ་ཡོད་ཀྱང་། ད་དུང་སྐྱབས་བཅོལ་བ་ཁྲི་ ༢ ལྷག་ལེན་རྒྱུ་ཡིན་པ་ཕྱིར་བསྒྲགས་བྱས་ཡོད་སྟབས། དབྱིན་ཡུལ་གྱི་སྲིད་བློན་དང་ཨོ་སོ་ཋི་རི་ཡའི་རྒྱལ་པོ་མཆོག་གིས་ཀྱང་སྐྱབས་བཅོལ་བ་གང་མང་ལེན་རྒྱུའི་ཁས་ལེན་བྱས་པ་ལྟར། ཧང་གྷེ་རི་གཞུང་གིས་སྐྱབས་བཅོལ་བ་དེ་དག་མེ་འཁོར་ནང་བླུགས་ཏེ་རྒྱལ་ཁབ་དེ་དག་ནང་གཏོང་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཧང་གྷེ་རི་གཞུང་གིས་མེ་འཁོར་དེ་དག་བཀག་འགོག་བྱས་ཡོད་སྟབས། དེ་རིང་རྒྱལ་ཁབ་དེ་དག་གིས་ཆེད་དུ་སྤྱི་སྤྱོད་རླངས་འཁོར་བཏང་སྟེ་སྐྱབས་བཅོལ་བ་དེ་རྣམས་སོ་སོའི་རྒྱལ་ཁབ་ནང་བསུ་ལེན་བྱེད་མགོ་ཚུགས་འདུག

མི་རིང་བར་ཟླ་འདིའི་ཚེས་༡༤ ཉིན་ཡུ་རོབ་མཐུན་ཚོགས་ཀྱི་ནང་སྲིད་བློན་ཆེན་གྱི་དམིགས་བསལ་ཚོགས་འདུ་འཚོགས་ཏེ། ཡུལ་མིའི་གནས་སྤོ་དང་སྐྱབས་བཅོལ་བའི་གནད་དོན་ཐོག་གྲོས་བསྡུར་བྱ་རྒྱུ་ཡིན་ཡང་། འདི་ལོའི་ཟླ་ ༧ པ་བར་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞོན་སྐྱེས་ལས་མེད་ས་ཡ་ ༤ ལྷག་ཡོད་པ་མ་ཟད། དཔལ་འབྱོར་ཉམས་རྒུད་ཤུགས་ཆེ་ཕྱིན་ཡོད་པ་དང་། རྒྱལ་ཁབ་ཁ་ཤས་ཀྱིས་སྐྱབས་བཅོལ་བ་ལེན་རྒྱུར་ཁས་ལེན་བྱེད་ཀྱི་མེད་པ། ཁ་ཤས་ཀྱིས་སྐྱབས་བཅོལ་བའི་གནད་དོན་དང་མཐའ་མཚམས་བདེ་འཇགས་ཐོག་རྟོག་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཡོད་སྟབས། གནད་དོན་དེའི་ཐོག་ཡུ་རོབ་རྒྱལ་ཁབ་ཁག་གྲོས་འཆམ་ཡོང་རྒྱུ་དཀའ་ལས་ཁག་པོ་ཆགས་ཡོད།

 

11903981_929940737062547_6657162892027275131_nད་ལྟའི་བར་རྒྱལ་སྤྱིའི་ཐོག་སྲོག་ཉེན་ལ་མ་འཛེམས་པར་རང་ཡུལ་ནས་བྲོས་བྱོལ་གྱིས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་དུ་འགྲོ་མཁན་ས་ཡ་ ༦༠ ལྷག་བྱུང་ཡོད་སྟབས། ཟླ་སྔོན་མའི་ཚེས་ ༢༩ ཉིན་མཉམ་སྦྲེལ་མཉམ་ཚོགས་སྤྱི་ཁྱབ་དྲུང་ཆེ་བྷེན་ཁེ་མོན་ལགས་ཀྱིས། ཡུ་རོབ་མཐུན་ཚོགས་ངོས་ནས་སྐྱབས་བཅོལ་ཡོང་མཁན་ཚོར་སྐྱབས་བཅོལ་ཞུ་སའི་བརྒྱུད་ལམ་ཞིག་བཟོ་དགོས་སྐོར་བརྗོད་ཡོད་པ་དང་། ༢༠༡༦ ལོའི་ཟླ་ ༥ ཚེས་ ༢༣ ནས་ ༢༤ ཉིན་བར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཀྲར་ཀི་རྒྱལ་ས་ཨི་སི་ཌན་བྷོལ་ནང་རྒྱལ་སྤྱིའི་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ཅེས་པའི་ལྷན་ཚོགས་ཤིག་འཚོགས་རྒྱུ་གཏན་ཁེལ་ཡོད་པ་རེད།

འདས་ལོའི་ཟླ་ ༤ པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ནང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་གི་སྐུ་ཚབ་ཧོ་ལི་ཝུ་ཌི་ཡི་གློག་བརྙན་འཁྲབ་སྟོན་མ་གྲགས་ཅན་ཨན་ཇེ་ལི་ཎ་ཇའོ་ལེ་ (Angelina Jolie) ཡིས། ད་བར་དམག་འཁྲུག་རྐྱེན་པས་སི་རེ་ཡའི་མི་སེར་ས་ཡ་ ༤ ཙམ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་ཀྱང་། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཁོ་ཚོར་སྙིང་རྗེ་བྱ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་དཀའ་ངལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། ད་ལྟའང་ཁོ་ཚོའི་དཀའ་ངལ་སེལ་མ་ཐུབ་པར་ལྷག་ཡོད་པ་རེད། ཅེས་དང་། ཁ་སང་ཨེ་ཇེབ་ཀྱི་ཕྱུག་བདག་ཎཱ་གྷོ་བྷི་ (Naguib Sawiris) ཡིས་ཨི་ཊ་ལི་དང་གྷེར་སི་ལ་མཚོ་གླིང་མང་པོ་ཡོད་པའི་ཁྲོད་ནས་ང་ལ་གཅིག་བཙོང་པ་ཡིན་ན། ངས་ད་ལྟ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་སྐྱབས་བཅོལ་བ་ཚོར་སྒོ་ཕྱུགས་སེམས་ཅན་ལྟར་བརྩི་བཞིན་པ་དག་མེད་པར་བཟོས་ཏེ། འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཀྱིས་ཁོ་ཚོར་གནས་སྐབས་སྡོད་གནས་དང་དེའི་རྗེས་སློབ་གྲྭ་དང་ལས་ཀ་སྤྲོད་རྒྱུ་ཡིན། ངས་ལས་དོན་དེ་ཚོ་བསྒྲུབ་པར་ཨ་སྒོར་ས་ཡ་ ༡༠ ནས་ ༡༠༠ བར་གཏོང་དགོས་ཆགས་ཀྱི་རེད་ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༣ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 1

  1. བློ་གྲོས། says:
    ལོ་ 11 སྔོན།

    བཀྲིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese