མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་གློག་བརྙན་འཁྲབ་སྟོན་པར་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨོ་སི་ཊོ་ལི་ཡའི་ནང་བོད་དོན་འཐབ་རྩོད་དང་འབྲེལ་བའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་གློག་བརྙན་ཞིག་འཁྲབ་བཞིན་ཡོད་ཀྱང་རྒྱ་གཞུང་གིས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་འདུག
༡༡༡༡འདི་གར་རྩོམ་པ་པོ་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཨོ་སི་ཊོ་ལི་ཡའི་གློག་བརྙན་བཟོ་སྐྲུན་ཁང་ཆེན་མོ་ཧྥོ་སི་ཊིལ་(Foxtel) དང་། ཨ་རིའི་ཚོང་གཉེར་ཁང་མཱ་ཆི་བྷོ་སི་(Matchbox)གཉིས་མཉམ་འབྲེལ་འོག ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁན་བྷི་ར་(Canberra)ཡི་རྒྱལ་ཡོངས་གྲོས་ཚོགས་ཁང་གི་མདུན་དུ། གྲོང་ཁྱེར་གྱི་གསང་བ་(Secret City)ཞེས་པའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་མགོ་བརྩམས་ཡོད་པ་དང་། གློག་བརྙན་དེའི་ནང་རྒྱ་ནག་གི་མེ་ཏོག་བ་སྤུའི་གསར་བརྗེའི་ལས་འགུལ་དང་། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བོད་མིས་རང་ལུས་མེར་བསྲེགས་གནང་བ་སོགས་འཆར་སྣང་རང་བཞིན་དང་འདྲེས་པའི་བོད་དོན་འཐབ་རྩོད་ཚུད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་འཁྲབ་གཞི་གཙོ་བོར་བཟུང་ཡོད་པ་དང་། གློག་བརྙན་འཁྲབ་སྟོན་པའི་ནང་བོད་མི་ ༦ ཡོད་འདུག

 

དེ་ཡང་གནས་ཚུལ་མཁོ་སྤྲོད་པས། རྒྱ་ནག་གཞུང་གིས་གློག་བརྙན་འདི་ཕབ་སྐྲུན་བྱེད་མཁན་གྱི་འབྲེལ་ཡོད་མི་སྣར་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ང་ཚོ་བོད་མི་ ༦ གིས་ལག་ཏུ་བོད་དར་དང་བོད་དོན་འཕྲེད་དར་བཟུང་ནས་འཁྲབ་སྟོན་བྱེད་དུ་འགྲོ་སྐབས། ས་གནས་རྒྱ་ནག་གཞུང་ཚབ་ཁང་གིས་གནོན་ཤུགས་སྤྲད་པ་བརྒྱུད། རྒྱ་རིགས་འཁྲབ་སྟོན་པ་ཚོས་བོད་མི་འཁྲབ་སྟོན་པས་བོད་ཀྱི་རྒྱལ་དར་དང་འཕྲེད་དར་འཁུར་ནས་ཡོང་གི་འདུག་པས། ཁོ་ཚོ་དང་མཉམ་དུ་གློག་བརྙན་འཁྲབ་རྒྱུ་མིན་ཞེས་བརྗོད་འདུག ཡིན་ནའང་། གློག་བརྙན་འཁྲབ་ཁྲིད་པ་གཙོ་བོ་བཞི་ཡི་ནང་ནས་གསུམ་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་མཁན་དེ་འདྲ་ཡིན་སྟབས། བོད་རིགས་འཁྲབ་སྟོན་པ་རྣམས་ཕྱིར་འབུད་བཏང་ན་འགྲིག་གི་མ་རེད། ཁོ་ཚོ་ཕྱིར་འབུད་བཏང་བ་ཡིན་ན་ང་ཚོས་འཁྲབ་ཁྲིད་བྱ་རྒྱུ་མིན་ཞེས་བརྗོད་ཡོད་པར་བརྟེན། མཐའ་མ་རྒྱ་རིགས་འཁྲབ་སྟོན་པ་རྣམས་རང་འགུལ་གྱིས་ཕྱིར་འབུད་དགོས་བྱུང་སོང་། དེ་རིང་ཁ་སང་ང་ཚོས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིག་ནེ་རུ་འཁྲབ་སྟོན་བྱེད་བཞིན་ཡིན་ལ། ཕྱི་ལོ་ ༢༠༡༦ ཟླ་ ༢ པའི་ནང་ང་ཚོས་འཁྲབ་པའི་གློག་བརྙན་འདི་ཨི་སི་ཊོ་ལི་ཡའི་གློག་བརྙན་བཟོ་སྐྲུན་ཁང་ཆེན་མོ་(Foxtel) གྱིས་རྒྱལ་སྤྱིའི་ཐོག་ཤར་གཏོང་བྱ་རྒྱུ་རེད། ཅེས་བརྗོད་བྱུང་།

 

གློག་བརྙན་གྱི་འཁྲབ་སྟོན་པའི་ནང་རྒྱ་གཞུང་གི་བཙན་གནོན་དམ་དྲག་འོག་འགྲོ་བ་མིའི་ཐོབ་ཐང་ཐད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཀྱི་འཁྲབ་སྟོན་པ་ཁྱོན་མི་གྲངས་ ༢༠༠ ཡས་མས་ཡོད་པ་དང་། དེའི་ནང་རྒྱ་རིགས་འཁྲབ་སྟོན་པ་ ༢༠ ཙམ་ཡོད་འདུག གློག་བརྙན་དེའི་འཆར་འགོད་པ་ཧྥི་ལི་སི་ཊི་ཨ་བྷོ་ཐི་(Felicity Abbott)ལགས་ཀྱིས་བརྩོན་འགྲུས་འོད་ཟེར་ལགས་སུ་འབྲེལ་བ་གནང་བ་བརྒྱུད། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་བོད་རིགས་བུ་མོ་རྣམ་སྲས་ལྷ་མོ་དང་སྐལ་བཟང་ས་འཛིན། བསོད་ནམས་ལྷ་མོ། བརྩོན་འགྲུས་འོད་ཟེར། ཤེལ་དགེ་འདུན་ཚེ་རིང་། ཚེ་བརྟན་བཅས་བུ་མོ་ ༣ དང་བུ་ ༣ གློག་བརྙན་འཁྲབ་སྟོན་པའི་ནང་ཚུད་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

སྐར་མ ༡༣ སྔོན་ལ།
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

ཆུ་ཚོད་ ༡ སྔོན་ལ།
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

ཆུ་ཚོད་ ༢ སྔོན་ལ།
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༥ སྔོན་ལ།
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

ཆུ་ཚོད་ ༢༤ སྔོན་ལ།
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

མཆན། 1

  1. Tenam phuntsok says:
    ལོ་ 10 སྔོན།

    ཁྱེད་རྣམས་པ་ཚང་མ་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ལས་འགུལ་འདེ་འདྲ་གཅིག་སྤེལ་ཐུབ་པ་ལ་རྗེས་སུ་ཡིད་རང་ཡིན་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese