མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་དུང་ཕྱུར་ ༤ ཡི་རོཊ་དངུལ་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གཞུང་གིས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་མ་འོངས་ལོ་ ༥ ཡི་ནང་ཧིན་སྒོར་དུང་ཕྱུར་ ༤ ཡི་རོགས་དངུལ་གནང་གཏན་འཁེལ་ཡོད་འདུག

 

 

1.picཉེ་སྔོན་རྒྱ་གར་དབུས་གཞུང་ནས་བཙན་བྱོལ་བོད་མིའི་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་ཚོགས་པའི་འཛིན་སྐྱོང་གི་འགྲོ་གྲོན་ཆེད། མ་འོངས་ལོ་ལྔ་ཚན་གཅིག་རིང་ལོ་རེར་ཧིན་སྒོར་འབུམ་ ༨༠༠ རེ་བཅས་ཁྱོན་ཧིན་སྒོར་དུང་ཕྱུར་ ༤ གནང་རྒྱུ་ཞལ་བཞེས་གནང་ཡོད་སྟབས། དེ་རིང་ཉིན་རྒྱབ་འདི་གའི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་སུ་གནས་ཚུལ་དེའི་སྐོར་བཀའ་འདྲི་ཞུས་ཡོད།

 

 

ནང་སྲིད་དྲུང་ཆེ་ལགས་ཀྱིས་རོགས་དངུལ་ཕོན་ཆེན་པོ་དེ་ཇི་ལྟར་རག་པ་དང་མ་འོངས་གཏོང་ཕྱོགས་སྐོར་ངོ་སྤྲོད་གནང་དོན། གཙོ་བོ་སྐབས་བཅུ་བཞི་པའི་བཀག་ཤག་གི་སྲིད་བྱུས་དགོངས་དོན་ལྟར་ནང་སྲིད་བཀའ་བློན་གཙོས་པའི་ཚང་མས་བར་ལམ་ཡུན་རིང་དཀའ་ལས་བསྐྱོན་པར་བརྟེན། བོད་མིའི་སྒྲིག་འཛུགས་ནང་ལ་དཀའ་ངལ་ཆེ་ས་གང་ནས་འཕྲད་ཀྱི་ཡོད་མེད་ཀྱི་དོན་ཚན་བཅོ་ལྔ་ཙམ་ཞིག་རྒྱ་གར་དབུས་གཞུང་ལ་སྙན་སེང་ཅིག་ཞུས་པ་རེད། སྙན་སེང་ཞུས་པའི་ནང་བོད་པའི་གཞིས་ཆགས་ཁག་དང་དམིགས་བསལ་ལྷོ་ཕྱོགས་ཁུལ་གྱི་གཞིས་ཆགས་གཙོས། རྒྱ་གར་གྱི་སྲུང་སྐྱོབ་ས་ཁུལ་གྱི་བོད་གཞིས་ཁག་ལ་ཕྱི་རྒྱལ་གྱི་མི་སྣ་ཡོང་སྐབས་བཀའ་ཁྲོལ་ཞུ་དགོས་པ་དེ་འདྲ་ཡོད་པར་བརྟེན། རྒྱ་གར་དབུས་གཞུང་ལ་ལམ་ལུགས་དེ་དག་ལ་ཕྲན་བུ་གུ་ཡངས་གནང་ཐུབ་ན་ཞེས་ཞུས་ཡོད་སྟབས། ཁོ་ཚོས་དེ་ཚོ་སྟབས་བདེ་པོ་ཞིག་ཡོང་རྒྱུར་དགོངས་པ་བཞེས་ཀྱི་ཡིན་གསུངས་པ་དང་འབྲེལ། དེ་དེ་བཞིན་གྱི་དོན་ཚན་གཉིས་ཐོག་ལ་ཞལ་བཞེས་གནང་ཐུབ་མེད་ཀྱང་། དེ་བྱིངས་ཀྱི་དོན་ཚན་བཅོ་ལྔ་ནས་ ༡༣ ཆ་ཚང་བོད་མིའི་གནས་སྟངས་དང་འབྲེལ་བ་ཡོད་པ་ཤ་སྟག་ཡིན་སྟབས། རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཁག་ལ་སྔ་རྗེས་བཀའ་བསྡུར་མང་པོ་གནང་རྗེས། ཁོང་རྣམ་པས་བཀའ་སྡུར་གནང་བ་དག་བོད་པའི་གཞིས་ཆགས་ཡོད་སའི་མངའ་སྡེ་ཁག་བཅུ་གྲངས་ཁག་ལ་མངའ་སྡེའི་སྤྱི་ཁྱབ་ཀྱིས་སྤྱི་ཁྱབ་དྲུང་ཆེའི་མཚན་ཐོག་ནས་གསལ་བསྒྲགས་ཤིག་བཏང་ཡོད་པ་རེད། དེའི་ནང་རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་སྲིད་བྱུས་འདི་འདྲ་ཞིག་འཛིན་རྒྱུའི་འཆར་གཞི་ཡོད་སྟབས། མངའ་སྡེ་སོ་སོས་ཁྲིམས་དང་མཐུན་མིན་ཐོག་ལ་ཞིབ་འཇུག་བྱས་ནས་རྒྱ་གར་དབུས་གཞུང་ལ་གཏོང་དགོས་པའི་བཀའ་གནང་ཡོད་པ་རེད། བཀའ་གནང་བ་ལྟར་མངའ་སྡེ་སོ་སོས་གནས་སྟངས་དེ་ཚོའི་ཐོག་ལ་ཞིབ་འཇུག་བྱས་ནས་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་ལ་བཏང་རྗེས། མཐར་རྒྱ་གར་དབུས་གཞུང་གིས་ལྡི་ལིར་བོད་དོན་གྱི་འབྲེལ་ཡོད་ལས་ཁུངས་ཁག་དང་ལྷན་དུ་སྔ་རྗེས་ཐེངས་གསུམ་ཙམ་རིང་བཀའ་བསྡུར་གནང་རྗེས། སྲིད་བྱུས་དེ་གཏན་འབེབས་གནང་བ་རེད། ཅེས་དང་།

 

 

ཁོང་གིས་མུ་མཐུད། སྲིད་བྱུས་དེའི་ནང་ལ་གཙོ་ཆེ་ཤོས་ང་ཚོ་བོད་མི་གནས་སའི་ས་ཆའི་བདག་དབང་ལ་སོགས་པ་དེ་རིགས་བོགས་མར་བླངས་ཡོད་སྟབས། གཞིས་ཆགས་ཁ་ཤས་ཀྱི་བོགས་དུས་ཚང་གི་ཡོད་སྟབས། དེ་ཚོའི་རིགས་གཅིག་གྱུར་ཡོང་ཆེད་དང་། ད་ལྟ་ང་ཚོ་རྒྱ་གར་གཞུང་གིས་གནང་བའི་ས་ཆའི་ཐོག་བསྡད་ཡོད་ཀྱང་། བསྡད་ས་འདི་ཉིད་ཁྲིམས་ཀྱི་སྒང་ལ་གནས་སྟངས་གང་འདྲ་ཆགས་ཡོད་མེད་གསལ་པོ་གང་ཡང་མེད་སྟབས། ད་ཕན་ང་ཚོར་དཀའ་ངལ་གང་ཡང་འཕྲད་མེད་ཀྱང་། མ་འོངས་པར་བོད་མིར་དགའ་མོས་མེད་མཁན་གྱི་རྒྱ་གར་བ་རེ་ཟུང་གིས་ས་ཆའི་བདག་དབང་དེ་རིགས་ཐོག་ཁ་མཆུ་དེ་འདྲ་ཚུགས་པ་ཡིན་ན། ང་ཚོའི་ཁྲིམས་མཐུན་བདག་དབང་གི་ཡིག་ཆ་དེ་ཡག་པོ་ཞིག་མེད་ན་ཉེན་ཁ་ཆགས་ཀྱི་ཡོད་སྟབས། ང་ཚོས་ཕུགས་ལ་དེ་ཚོའི་རིགས་ལ་དཀའ་ངལ་ཆེན་མོ་མ་འཕྲད་པའི་ཆེད་དུ་བསྒྱུར་བཅོས་ཞེ་དྲགས་བཏང་ཡོད་པ་རེད། དེ་དང་འབྲེལ་བའི་ཐོག་ནས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སོ་ནམ་གཞིས་ཆགས་ཆེ་ཁག་ ༡༥ དང་། བཟོ་ལས་གཞིས་ཆགས་ཁག་ ༡༠ གྲངས་ཤིག བཟོ་ཞིང་གཞིས་ཆགས་ཁག་ ༡༠ གྲངས་ཤིག་བཅས་རྒྱ་གར་ནང་བོད་གཞིས་ཆེ་ཆུང་བསྡོམས་པའི་ ༤༧ དང་ ༤༨ ཙམ་ཞིག་ཡོད་སྟབས། དེ་ཚོའི་འཛིན་སྐྱོང་གི་འགྲོ་གྲོན་གཏོང་རྒྱུའི་དཀའ་ངལ་ཕལ་ཆེར་ལོ་རེ་ལས་མ་འདས་པར་ཆེ་རུ་འགྲོ་བཞིན་ཡོད་སྟབས། ང་ཚོས་རྒྱ་གར་དབུས་གཞུང་ལ་བོད་མིའི་གཞིས་ཆགས་ཁག་གི་འཛིན་སྐྱོང་འགྲོ་གྲོན་དག་རྒྱ་གར་གཞུང་གིས་གནང་ཐུབ་ན་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་ཡར་ཞུས་པ་པ་མ་ཟད། ནང་སྲིད་བཀའ་བློན་མཆོག་གཙོས་པའི་ལས་བྱེད་རྣམ་པས་སྔ་བར་ཕྱི་གསུམ་ཐོག་ནས་མཇུག་སྣོན་གནང་བར་བརྟེན། བར་ལམ་ཞིག་ནས་རྒྱ་གར་དབུས་གཞུང་ནང་སྲིད་ལྷན་ཁང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ལོ་ལྔ་ཚན་ཞིག་ནང་ཧིན་སྒོར་འབུམ་ ༤༠༠༠ གནང་རྒྱུ་ཞལ་བཞེས་གནང་ཡོད་པ་རེད། ལོ་རེར་རྩིས་ན་འབུམ་ ༨༠༠ ཆགས་ཀྱི་ཡོད་པ་མ་ཟད། རོགས་དངུལ་དེ་དག་ ༢༠༡༥ ལོ་ནས་མགོ་འཛུགས་ཀྱིས་ ༢༠༡༩ དང་ ༢༠༢༠ བར་གནང་རྒྱུ་ཞལ་བཞེས་ཐོབ་ཡོད་པ་རེད། དེ་ཚོ་གནང་དགོས་དོན་གཙོ་བོ་ནི་ས་གནས་འགོ་འཛིན་ཁག་དང་ནང་སྲིད་ལས་ཁུངས་ཀྱི་དབུས་ངལ་སེལ་ཚོགས་པའི་འཛིན་སྐྱོང་གི་འགྲོ་གྲོན་གཏོང་ཆེད་དམིགས་ནས་གནང་བ་ཞིག་ཆགས་ཡོད་པ་རེད། ཅེས་གསུངས་བྱུང་།

 

 

རོགས་དངུལ་དེ་དག་ལས་འཆར་ག་པར་གཏོང་རྒྱུ་ཡིན་མིན་དྲིས་པར་ཁོང་གིས། རྒྱ་གར་དབུས་གཞུང་གིས་ལོ་རེར་ཧིན་སྒོར་འབུམ་ ༨༠༠ གསོལ་སྩལ་གནང་བཞག་པ་དེའི་དངུལ་འབོར་གྱི་བརྒྱ་ཆ་ ༢༥ དེ་ལས་བྱེད་ཀྱི་གསོལ་ཕོགས་ཆེད་དུ་གཏོང་ཆོག་གི་ཡོད་པ་དང་། དེ་དངུལ་འབོར་རྩིས་ན་ཕལ་ཆེར་འབུམ་ ༢༠༠ ལྷག་ཆགས་ཀྱི་ཡོད་པ་རེད། ལོ་གཅིག་ནང་སྲིད་ལས་ཁུངས་ཀྱིས་དབུས་ངལ་སེལ་ཚོགས་པའི་ཁྱབ་ཁོངས་ལས་བྱེད་ལ་ཕོགས་སྤྲོད་དགོས་པ་འབུམ་ ༢༥༠ ནས་ ༣༠༠ ཙམ་ཆགས་ཀྱི་ཡོད་སྟབས། དེའི་བརྒྱ་ཆ་ ༢༠ རྩ་གྲངས་ཤིག་མ་གཏོགས་དེ་བྱིངས་ཀྱི་དངུལ་ཆ་ཚང་རྒྱ་གར་གཞུང་གི་རོགས་དངུལ་དེ་ནས་གཏོང་ཐུབ་ཀྱི་ཡོད་པ་རེད། དེ་ནས་བརྒྱ་ཆ་ ༧༥ ལྷག་ཡོད་པ་དེ་གཞིས་ཆགས་ཁག་འཚོ་གནས་ཐུབ་ཆེད་འཛུགས་སྐྲུན་ལས་གཞིའི་ཐོག་གཏོང་དགོས་པ་ཆགས་ཀྱི་རེད། ས་གནས་སོ་སོས་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ནས་འཆར་གཞི་འདི་དང་དེ་ཡིན་ཟེར་ནས་ནང་སྲིད་ལས་ཁུངས་ལ་འབུལ་དགོས་པ་རེད། ང་ཚོས་ས་གནས་ཀྱི་གནས་སྟངས་ལ་དཔག་ནས་ཁུངས་འཁྱོལ་མིན་ཐད་སྔ་རྗེས་ཞིབ་འཇུག་བྱས་རྗེས། བཀའ་ཤག་ལ་བཀའ་ཁྲོལ་ཞུས་ནས་ཆོག་མཆན་གནང་བ་ཡིན་ན། ང་ཚོས་འཆར་དངུལ་སྤྲོད་རྒྱུ་བཅས་ཀྱི་བརྒྱུད་རིམ་འདི་འདྲ་ཡིན། ཞེས་གསུངས་བྱུང་།

 

 

མཇུག་ཏུ་ད་ལྟའི་རྒྱ་གར་གཞུང་གི་རོགས་དངུལ་འདི་དང་ ༼བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤༽ ཞེས་པ་བར་ལ་འབྲེལ་བ་གང་ཆགས་ཡོད་མེད་དྲིས་པར་ཁོང་གིས། རྩ་བའི་རོགས་དངུལ་གནང་བ་དེ་ཚོའི་རིགས་ཏེ། ང་ཚོའི་འཐབ་རྩོད་འདི་གསལ་པོ་མ་བྱུང་བར་དུ་རྒྱ་གར་ནང་གནས་དགོས་པ་ཆགས་ཡོད། ང་ཚོར་རྒྱ་གར་མ་ཡིན་པའི་ས་ཆ་གཞན་ཞིག་ལ་འགྲོ་ཆོག་ཆོག་དང་སྡོད་ཆོག་ཆོག་གང་ཡང་མེད་སྟབས། ད་ལྟ་ང་ཚོའི་སྡོད་ས་འདི་ཁྲིམས་མཐུན་ཡག་པོ་ཞིག་ཆགས་མ་ཐུབ་པ་ཡིན་ན། མ་འོངས་པར་རང་བཞིན་གྱིས་དཀའ་ངལ་འཕྲད་རྒྱུ་ཡིན་སྟབས། ལས་གཞི་འདི་ངས་གོང་དུ་ཞུས་པའི་དོན་ཚན་ ༡༣ ནང་ལ་ཧ་ལམ་ཚུད་བསྡད་ཡོད་པ་རེད། དེ་ཚགས་ཚུད་ཡག་པོ་ཞིག་ཡོང་བར་དབུས་ངལ་སེལ་ཚོགས་པ་གཙོས་པའི་ས་གནས་འགོ་འཛིན་ཁག་གིས་འཛིན་སྐྱོང་ལས་ཀ་བྱེད་དགོས་པ་ཆགས་ཡོད་སྟབས། ལས་བྱེད་ལ་གླ་ཕོགས་སྤྲོད་དགོས་པར་བརྟེན། འདི་དང་རྒྱ་གར་དབུས་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དང་འབྲེལ་བ་ཡོད་བསྡད་པ་ཞིག་ཆགས་ཡོད། ཅེས་གསུངས་བྱུང་།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༩ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

མཆན། 4

  1. བཀྲ་ཤིས། says:
    ལོ་ 11 སྔོན།

    དཔལ་ལྡན་ནང་སྲིད་བཀའ་བློན་ལྕམ་སྐུ་རྒྱ་རི་སྒྲོལ་མ་མཆོག་དང་། དྲུང་ཆེ་འཁོར་ལ་ཚང་རྣམ་གཉིས་ཀྱིས་དབུས་ནང་སྲིད་ལས་ཁུངས་ཀྱི་སྲི་ཞུ་བ་ཚང་མས་བོད་མིའི་གཞིས་ཆགས་ས་བརྟན་ཕུགས་བརྟན་ཆེད་ཕྱག་ལས་རྒྱ་ཆེ་གནང་བར་ཐུགས་རྗེ་ཆེ་ཞུ།

    Reply
  2. བྱ་གཞུང་དཔལ་རྡོར། says:
    ལོ་ 11 སྔོན།

    གསར་འགྱུར་ནང་གི་ཧིན་སྒོར་གྱི་གྲངས་ཀའི་ཐད་ལ་ནོར་འཕྱུག་བྱུང་འདུག་སྙམ། བོད་པའི་གྲངས་ཀ་བྱེ་བ་གཅིག་ནི་རྒྱ་གར་གྱི་Crore གཅིག་ཡིན་པ་རེད། འབུམ་ནང་རྩིས་ན་འབུམ་བརྒྱ་རེད། དེར་བརྟེན་ལོ་རེར་འབུམ་༨༠༠ དང་ལོ་ལྔའི་ནང་ཁྱོན་བསྡོམས་འབུམ་༤༠༠༠ དེ་བོད་པའི་གྲངས་ཀ་ནང་རྩིས་ན་ལོ་རེར་བྱེ་བ་༨ དང་ལོ་ལྔའི་ནང་ཁྱོན་བསྡོམས་བྱེ་བ་༤༠ རེད། དུང་ཕྱུར་ལ་རྩིས་ན་དུང་འཕྱུར་༤ རེད། གྲངས་ཀ་རྩིས་སྟངས་དེ་ནང་སྲིད་ལས་ཁུངས་ཀྱིས་ནོར་བ་བྱུང་ཡོད་ཚེ་དཔེ་ཟག་འདུག རྒྱ་གར་གཞུང་གིས་བོད་པར་སྒོར་ག་ཚོད་སྤྲོད་གི་ཡོད་མེད་མ་ཤེས་ན་རྩིས་ཇི་ལྟར་རྒྱག་གམ། བཙན་བྱོལ་ནང་དུ་བོད་མིའི་ཚོས་བོད་པའི་གྲངས་ཀ་རྩིས་ཤེས་ཀྱི་མི་འདུག མ་ཟད་དུས་བབ་ནང་ཨིན་ཇིའི་གྲངས་ཀ་བོད་པའི་གྲངས་ཀའི་ནང་ཕབ་སྐབས་ནོར་འཁྲུལ་ཡོང་གི་འདུག་པས་གཟབ་པར་འཚལ།

    Reply
  3. གཡུ་སྒང་དགེ་འདུན། says:
    ལོ་ 11 སྔོན།

    ནང་སྲིད་བཀའ་བློན་གྱིས་ཤུགས་བརྒྱབ་འདུག ཡག་པོ་རེད།

    Reply
  4. རང་འཚོལ། says:
    ལོ་ 11 སྔོན།

    རྒྱ་གར་གཞུང་གིས་དེ་འདྲ་ཐུགས་དགྱེས་གཟིགས་གནང་བར་ཡི་རང་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese