མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་འོས་པ་དེ་སྤྲད་ན་འོས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

མྱི་རྐྱང་སྨྱོན་པ།

དེ་རིང་ཡང་ང་ཚོ་ཇོ་ནང་བའི་མི་སེར་ཉམ་ཆུང་འགའ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ར་བའི་མདུན་ན་ལྷན་འཛོམས་བྱས་ཏེ་ཡོད། འདི་ལ་སྐོར་ལོག་མང་བོ་ཞིག་གིས་ཡང་བསྐྱར་འགྲེལ་ལོག་བྱེད་ཀྱིན་ཡོད། ཡིན་ནའང་མང་བོ་མང་བོ་ཞིག་བཤད་ན་མི་འདོད་ལ་བཤད་དགོས་པའི་འོས་ཀྱང་མ་མཐོང་། འོན་ཏེ་སྐད་ཆ་རེ་གཉིས་ངེས་པར་དུ་མ་བཤད་ཐུ་མེད་རེད་བཞག དེའི་ཕྱིར་ཐོག་མར་དྲི་བ་འགའ་སྐོར་འཕེན་བྱ་རྒྱུ་ཡིན། ཁྱོད་ཚོས་ནམ་ནམ་ཞར་ཞར་འཆད་ཀྱིན་པའི་བདེན་པ་དང་གནས་ལུགས་ཞེས་བསྙད་པ་དེ་ག་འདྲ་ཞིག རྡོག་རྩ་གཅིག་སྒྲིལ་ཞེས་བཏགས་པ་དེ་གང་འདྲ་ཞིག ཆོས་རིག་འཛིན་སྐྱོང་ཞེས་གླེང་བ་དེ་ཇི་འདྲ་ཞིག འདི་དག་ལ་བསམ་གཞིག་ནན་ཏུར་གྱིས་གནང་ཟིན་མཚམས། གཞི་ནས་ང་ཚོ་ཇོ་ནང་བས་གཞུང་དམངས་བར་ལ་དཀྲུག་ཤིང་བྱེད་ཀྱིན་ཡོད་མེད་མཁྱེན་ངེས། ཆོལ་གསུམ་གྱི་མཐུན་སྒྲིལ་ལ་གཏོར་བརླག་གཏོང་གིན་ཡོད་མེད་ཤེས་ངེས། བོད་མིའི་རྩ་དོན་ལ་རྡོལ་རོལ་བྱེད་ཀྱིན་ཡོད་མེད་རྟོགས་ངེས། རྒྱུ་མཚན་ཤིན་ཏུ་སླ་བས་བཤད་དགོས་གལ་ཆེན་པོ་མ་མཐོང་ནའང་། དོན་དག་འདིའི་ཐོག་མཐའ་བར་གསུམ་ཅི་ཡང་མི་ཤེས་པ་དང་། ཤེས་བཞིན་དུ་དཀྱོགས་པ་སོགས་ལ་དོན་ཚན་གསུམ་གྱི་ཐོག་ནས་གསལ་བཤད་ཐུང་ངུ་ཞིག་བྱ་འདོད་སྐྱེས།

 

གཅིག དཔལ་རྒྱལ་བ་ཇོ་ནང་བའི་ཆོས་བརྒྱུད་འདི་ལ་ཆོས་བརྒྱུད་གཞན་དག་ལ་ཐོབ་ཐང་གང་ཡོད་པ་དེ་ཐོབ་འོས།

༡༽ ཇོ་ནང་ནི་ལོ་རྒྱུས་དང་ལྟ་གྲུབ་སོགས་ཀྱི་ཆ་ནས་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པར་ བརྟེན། ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ནམ་རྒྱུན་ཐུགས་བརྩེ་གཟིགས་ཀྱིས་ཇོ་ནང་ཆོས་ བརྒྱུད་འདི་ཉིད་གལ་ཆེན་དོན་གནད་ཅན་ཞིག་ཡིན་ཚུལ་གནང་བའི་བཀའ་སློབ་སྔ་ཕྱི་ཁག་ དང་། ཉེ་ཆར་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༣ ཉིན་ཕྱི་སྡོད་ཇོ་ནང་བའི་དམིགས་བསལ་ཚོགས་ཆེན་ཐེངས་བདུན་པར་བསྩལ་པའི་བཀའ་ཡིག་ ཏུ་གསལ་འཁོད་གནང་དོན། “ཆོས་བརྒྱུད་ཆེན་པོ་འདིའི་ལུང་རྟོགས་ཀྱི་བསྟན་པ་ཡུན་གནས་ཆེད་”ཅེས་ཆོས་ བརྒྱུད་ཆེན་པོ་ཞིག་ཡིན་པ་འདས་མ་ད་གསུམ་ལ་ཞལ་བཞེས་གཙང་མ་གནང་ཡོད་རྐྱེན་མངོན་ སུམ་ལ་དངོས་སུ་བསྙོན་ན་མ་གཏོགས་ཚང་མས་མཁྱེན་རྟོགས་བྱུང་ཡོད་ངེས།
༢༽ ཕྱི་ལོ་ ༢༠༡༡ ལོར་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་༧གོང་ས་རྒྱལ་བའི་དབང་བོ་ མཆོག་གི་བཀའ་སློབ་ལམ་སྟོན་འོག་ས་སྐྱ་གོང་མ་དང་དགའ་ལྡན་ཁྲི་ཆེན། སྨན་རིའི་ཁྲི་འཛིན་སོགས་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བཀའ་མོལ་ ལྷུག་བསྩལ་གནང་མཐར་གྲོས་ཆོད་བཞག་ཏེ་ཇོ་ནང་བ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ ཅིའི་ཐོག་ནས་རང་རྐང་བ་ཞིག་ཡིན་པ་ཐག་གཅོད་ཡང་དག་བྱས་ཟིན་པ་གཟུ་བོར་གནས་པ་ ཞིག་ཡིན་ན་སྔ་ས་ནས་གསལ་གསལ་ཐིང་ཐིང་བྱས་ཟིན་པར་བརྟེན་དཔལ་རྒྱལ་བ་ཇོ་ནང་བའི་ ཆོས་བརྒྱུད་ཆེན་པོ་རང་རྐང་ཚུགས་པ་འདི་ལ་ཅིའི་ཕྱིར་ཆོས་བརྒྱུད་སྤྱི་མཚུངས་ ཀྱི་ཐོབ་ཐང་སྤྲད་ན་མི་འོས་པ་རེད། འདི་ནི་ང་ཚོར་མཚོན་ན་ཤེས་འདོད་པའི་གསང་བ་ལྐོག་གྱུར་བ་ཞིག་རེད།

 

གཉིས། ཇོ་ནང་བས་ནམ་ཡང་རང་གཞུང་ལ་ངོ་ལོག་བྱས་མ་མྱོང་།

༡༽ མི་རིགས་ཁ་ལ་འཁྱེར་མཁན་རེ་ཟུང་གིས་བསམ་བཞིན་དུ་ཇོ་ནང་བར་ཞྭ་མོ་སྣ་ཚོགས་བཟོ་བཞིན་ཡོད། ཇོ་ནང་བས་བཙན་བྱོལ་རང་གཞུང་ལ་ངོ་ལོག་བྱས་རབས། ཆོལ་གསུམ་མཐུན་སྒྲིལ་ལ་གཏོར་བརླག་བཏང་རབས་སོགས་ཁ་ཕྱོགས་གཞན་ཞིག་ལ་དཀྱོག་ཐབས་ཀྱི་བྱ་ངན་འདྲ་མིན་སྤེལ་བཞིན་ཡོད། ཡིན་ནའང་། བློ་རྣལ་དུ་ཕབས་ནས་བསམ་གཞིག་བྱོས་དང་། ཇོ་ནང་བས་ཞི་འབོད་འདི་དག་གིས་གཞུང་ལ་ངོ་ལོག་བྱས་པ་རེད་དམ་བློ་དཀར་བྱས་པ་རེད། དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་ཡིན་པས་ང་ཚོས་ཀྱང་འདི་ལྟར་ཞི་འབོད་བྱེད་ཐུབ་སོང་བ་རེད། བརྡ་འདིས་གཞུང་ལ་བདེན་པའི་སྨྲ་ལྕེ་ཞིག་སྤྲད་པ་རེད། ང་ཚོ་ཇོ་ནང་བའི་ཚུལ་ལྡན་འབངས་མི་གཉོམ་ཆུང་དག་གིས་ཀྱང་ལག་ཟུང་ཐལ་མོ་སྦྱར་ཞིང་། ཁ་བཏགས་དཀར་བོ་ཕྱག་ཏུ་བསྣམས་ཏེ་འཐུས་མི་རེ་རེ་བཞིན་”དྲང་བདེན་ལ་རྒྱབ་སྐྱོར་གནང་རོགས། ཐུགས་རྗེས་གཟིགས།”ཞེས་མགོ་སྒུར་སྒུར་དང་། ངག་འདར་འདར་གྱིས་རེ་ཞུ་བྱས་པ་ཡིན། འདིས་ཆོལ་ཁ་དང་ཆོས་བརྒྱུད་བར་ཇི་ལྟར་དཀྲུག་ཤིང་དང་ངོ་ལོག་བྱས་སོང་བ་རེད།
༢༽ ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༠ ཉིན་གྱི་ཞོགས་པའི་དུས་ཚོད་ ༧:༣༠ སྟེང་ལ་༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་ཐུགས་བརྩེ་གཟིགས་ཀྱིས་དད་པ་དང་དམ་ ཚིག་འགྱུར་བ་མེད་པའི་ཕྱི་སྡོད་ཇོ་ནང་བའི་དད་འབངས་རྣམ་པར་དམིགས་བསལ་གཟིམ་ ཆུང་མཇལ་ཁ་གནང་སྐབས་སུ། “ཁྱེད་རང་ཚོར་ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད། སྔོན་མ་ནས་བཤད་ཡིན་པ།”ཞེས་ལམ་སྟོན་བཀའ་སློབ་ཡང་དག་པ་བསྩལ་གནང་མཛད་ཡོད། ཇོ་ནང་བར་བདེན་པ་དང་ཐོབ་ཐང་མེད་པ་ཞིག་ཡིན་ན་༧གོང་ས་རྒྱལ་བའི་དབང་བོ་མཆོག་ གིས་ཞལ་རྫུན་དང་སྤྲེལ་ལད་འཁྲབ་སོང་བ་རེད་དམ། ནམ་རྒྱུན་༧གོང་ས་མཆོག་ཁ་ལ་ཁྱེར་ནས་ལག་པ་འཕྱི་བར་དགའ་མཁན་དང་དད་པ་དག་སྣང་ གིས་ཐལ་མོ་སྦྱོར་མཁན་དག་གིས་ཐུགས་བསམ་གནང་རོགས། བླ་མའི་བཀའ་གསུང་དང་བོད་མིའི་མངོན་འདོད་ལས་རིང་དུ་བརྒལ་སོང་ཚེ་རང་ཉིད་གཞུང་ ལ་ངོ་ལོག་མཁན་ཞིག་ཡིན་པ་ཤེས་དགོས་སྙམ།

 

གསུམ། ཇོ་ནང་བ་དྲང་བོར་འགྲེང་ཡོད།

༡༽ ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འདྲ་མཉམ་དུ་ཡོད་ནའང་སྤྱི་འཐུས་ ཀྱི་རྐུབ་སྟེགས་ཙམ་ཞིག་རྩོད་ཀྱིན་ཡོད་ཅེས་འགྲེལ་ལོག་བྱེད་མཁན་མང་ཚོད་འདུག མ་གཞི་སྤྱི་འཐུས་ཀྱི་རྐུབ་སྟེགས་དེའང་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་ཞིག་ཅིས་ཀྱང་ཡིན་འོས་མོད། ང་ཚོས་བྱེ་བྲག་པའི་ཐོབ་ཐང་དེ་ཙམ་ཞིག་གཏན་ནས་སྔོན་ཆད་བརྩད་མྱོང་མེད་ལ་ད་ལྟ་ རྩོད་ཀིའང་མེད། དེ་ནི་དགོས་མཁོ་མེད་པའི་ཐོབ་ཐང་ལྷག་མ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་ང་ཚོ་ཇོ་ནང་བ་བོད་མིའི་བཅའ་ཁྲིམས་སུ་མི་ཐེ་བར་བྱས་ཡོད་ལ། ཆོས་རིག་གི་སྒྲིག་ཁོངས་སུའང་མི་འདུ་བ་རེད། རྒྱུ་དེ་ལ་བརྟེན་ནས་ཆོས་རིག་གིས་གོ་སྒྲིག་མཛད་པའི་ཆོས་ལུགས་དང་འབྲེལ་བའི་ མཛད་སྒོ་ཁག་གང་ལའང་ཇོ་ནང་བ་མཉམ་ཞུགས་བྱེད་དབང་མེད་པ་རེད། ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཞེས་རིས་གཅོད་ཀྱི་བཀའ་ཡིག་དང་ སྦྱར་བྱང་། ཐ་ན་འཚོགས་འདུའི་སྒོ་བྱང་ཙམ་པོས་ཀྱང་ཇོ་ནང་བ་གཏན་ཕུད་བྱས་ཡོད་པས་ཐོབ་འོས་པ་ དག་ཇོ་ནང་བར་རག་གི་མེད། དེའི་ཕྱིར་”ཁ་ཡག་ལ་བསྒྱུར། མགོ་ཡོག་ལ་བསྐོར་”མ་གནང་རོགས་ཞུ།

 
༢༽ ༧གོང་ས་རྒྱལ་བའི་དབང་བོ་མཆོག་གིས་”ཐོབ་ཐང་ནི་ཡོད་རེད། བདེན་པ་ཡང་ཡོད་རེད། བཤད་དགོས་རེད།”ཅེས་སྐྱོན་གྱིས་མ་གོས་པའི་བཀའ་གསུང་དེ་འདྲ་གནང་དགོས་པའི་རྒྱུ་མཚན་ཅི། ང་ཚོ་ཇོ་ནང་བས་ཐོབ་མི་འོས་པ་ཞིག་དང་། བདེན་པ་མ་ཡིན་པ་ཞིག་བཤད་ཀྱིན་ཡོད་ན་ཁོང་གིས་དེ་ལྟར་བཀའ་གནང་སྲིད་དམ། བཙན་དང་དབང་མེད་པ། རྒྱུ་དང་སྟོབས་མེད་པའི་ཚུལ་ལྡན་ཇོ་ནང་བར་འདི་ལྟར་ནམ་དང་དུས་སུ་བརྩེ་གཟིགས་གནང་དོན་ཅི། དེ་ནི་བདེན་པ་ཞེས་པའི་སྒུལ་ཤུགས་དེ་ཡོད་སོང་བས་རེད། གནས་ལུགས་ཞེས་པའི་སྲོག་ཤིང་དེ་ཡོད་སོང་བས་རེད། གནས་ལུགས་དང་བདེན་པ་རྩོད་ཀྱིན་པའི་འུ་ཅག་གིས། གཞན་ལ་ལྟ་བྱེད་ཀྱི་མིག་ཟུང་དེ། རང་ཉིད་འཆར་སའི་མེ་ལོང་ཞིག་ཏུ་བསྒྱུར་ཐུབ་དགོས།

 

 

མཇུག་བསྡུ་བ།

ཐོབ་འོས་པ་དེ་མ་སྤྲད་ན་བཙན་གྱིས་འཕྲོག་པ་རེད། མི་ཐོབ་པའི་རྒྱུ་མཚན་བཤད་དུ་མེད་དུས་ཐོབ་ཐང་དེ་ཡོད་པ་རེད། རྒྱུ་མཚན་རྡུལ་ཙམ་བཤད་མཁན་མེད་དུས་ང་ཚོའང་མི་ཡོང་ཐུ་མེད་དུ་གྱུར་བའོ།། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

 

 

ཕྱི་ལོ་ ༢༠༡༥/༩/༡༦ གཟའ་ལྷག་པའི་ཉིན་ཆར་ཞོད་ཁྲོད་གྲོས་ཚོགས་ར་བའི་མདུན་ཐང་ནས་མཇུག་རྫོགས་པར་བྲིས།

འབྲེལ་ཡོད་གསར་འགྱུར།

མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་རྒྱ་གར་གྱི་གཟེངས་རྟགས་མཐོ་ཤོས་དེ་དབུལ་དགོས་པའི་འབོད་སྐུལ་ཞུས།

སྐར་མ ༤༢ སྔོན་ལ།
རྒྱ་གར་ཡུལ་མི་རྣམས་ཀྱིས་བོད་རིགས་བྱིས་པའི་བྲིས་པའི་རི་མོར་གཟིགས་ཞིབ་གནང་བཞིན་པ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༥།༧།༧
Mobile App

བརྩེ་བའི་སྐུ་མདུན་ཞེས་པའི་རི་མོའི་འགྲེམས་སྟོན་བྱེད་བཞིན་འདུག 

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཝང་ཡུང་།
གསར་འགྱུར།

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་གཞོན་པ་ཟུར་བ་ཞིག་ལ་སྲོག་ཁྲིམས་གཅད་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

༢༠༢༥/༠༧/༠༨
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

༢༠༢༥/༠༧/༠༨
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

༢༠༢༥/༠༧/༠༨

མཆན། 9

  1. ཨ་ཐུབ། says:
    ལོ་ 10 སྔོན།

    ཇོ་ནང་ལ་སྤྱི་འཐུས་ཐོབ་ཐང།
    ཁ་ཆེ་ལ་སྤྱི་འཐུས་ཐོབ་ཐང།
    ཡི་ཤུ་ལ་སྤྱི་འཐུས་ཐོབ་ཐང།
    ཐོབ་ཐང་རྩོད་ན་བོད་རང་དབང་རྩོད།

    Reply
  2. བདེན་པས says:
    ལོ་ 10 སྔོན།

    དངོས་གནས་སངས་རྒྱས་ཀྱི་བསྟན་པའམ་དཔལ་ཇོ་ནང་བའི་བསྟན་པ་ལ་ཤ་ཚ་མཁན་ཞིན་ཡིན་ན་དེའི་གཞུང་ལུགས་སོགས་ལ་བསླབ་པ་སློབ་གཉེར་བྱེད་དགོས་པ་ལས་སྤྱི་འཐུས་ཀྱི་རྐུབ་བཀྱགས་ཤིག་ཐོབ་ཀྱང་དེས་ཇོ་ནང་གི་བསྟན་པ་ལ་ཕན་དམིགས་བསལ་བ་གང་ཐོགས་པའི་གཞི་མ་མཆིས་སོ། དཔེར་ན་ད་བར་ཇོ་ནང་བ་ལ་ཆོས་རྒྱུད་རང་སྐྱ་འཕེར་བའི་མཚན་གནས་དང་སྤྱི་འཐུས་སོགས་མེད་ཀྱང་དེ་ལ་དམིགས་བསལ་གྱི་ཇོ་ནང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་གྱོང་གང་ཡང་ཕོགས་མེད།

    Reply
  3. བདེན་པས says:
    ལོ་ 10 སྔོན།

    དངོས་གནས་སངས་རྒྱས་ཀྱི་བསྟན་པ་བསམ་གྱི་ཡོད་ན། སྤྱི་འཐུས་ཀྱི་རྐུབ་བཀྱགས་ཐོབ་དང་མ་ཐོབ་ལ་ག་རེ་ཁྱད་པར་ཡོད་རེད་དམ། སྤྱི་འཐུས་ཀྱི་རྐུབ་བཀྱགས་ལ་དགའ་མཁན་ཚོས་གོ་སྐབས་འཚོལ་གྱིན་པར་རྒྱ་ཆེས་མི་མང་གིས་མཁྱེན་རྟོགས་ཡོང་བ་གལ་ཆེ

    Reply
  4. ངག་དབང says:
    ལོ་ 10 སྔོན།

    མ་གཞི་ཆོས་བརྒྱུད་སྤྱི་འཐུས་འདི་དགོས་ཡ་མི་འདུག་ ཡོད་ན་ཇོ་ནང་ལ་ཡང་ཡོད་དགོས་

    Reply
  5. ཁ་རི་ཁ་ཐུག says:
    ལོ་ 10 སྔོན།

    སྤྱིར་བཏང་ཆོས་པ་ཚོས་སངས་རྒྱས་ཀྱི་ཆོས་ལ་ཉམས་སུ་བླངས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བརྩོན་དགོས་པ་ལས་དེ་མིན་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ན་དེ་ནི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་དོ་ཕོག་གཏོང་པར་འདོད་། གང་ལྟར་ཡང་། དེང་སྐབས་ཆོས་ལུགས་ཆེ་བ་ཁག་ནས་ཆོས་ལུགས་སྤྱི་མཐུས་ཡོད་སྟབས་དེ་བཞིན་ཇོ་ནང་པ་ལ་ཡང་སྤྱི་མཐུས་ཡོད་དགོས་པར་འདོད། དེར་བརྟེན་གྲོས་ཚོགས་ནས་ཇོ་ནང་པར་སྤྱི་མཐུས་ཀྱི་ས་མིག་སྤྲོད་གལ་ཆེ། དེ་མིན་སླར་ཡང་ཆོས་ལུགས་ཀྱི་རྩོད་རྙོག་ཞིག་ཡོང་མི་སྲིད་པ་མ་རེད། ཆོས་ལུགས་ཀྱི་རྩོད་རྙོག་ནི་རྩོད་རྙོག་ཆུང་ཆུང་མིན་པར་དེ་ནི་གལ་གནད་ཞིག་ཡིན།
    ས་སྐྱ་བས་སྤྱི་མཐུས་དང་དེ་རིགས་ཀྱི་ལྟ་བ་མཁྲེགས་ཟུང་མ་བྱས་པར་ཁོ་ཚོའི་རེ་འདོད་བཞིན་སྤྱི་མཐུས་ས་མིག་སྤྲོད་རོགས།

    Reply
  6. རིག་གྲོལ་ལ་མ། says:
    ལོ་ 10 སྔོན།

    གོང་བྲིས་ལྟར་ན་ཇོ་ནང་པ་ཙམ་མ་ཟད་ཆོས་བརྒྱུད་གཞན་ཚང་མའི་ཐོབ་ཐང་རྩོད་ཡུལ་ནི་གྲོས་ཚོགས་མིན་པར། ཆོས་རིག་ལས་ཁུངས་སུ་རེད་སེམས། གང་ལ་ཞེས་ན་ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ་དང་དགེ་འདུན་པ་ནི་ཆབ་སྲིད་ལས་བྲལ་ནས་་གནས་དགོན་དུ་ཞུགས་ཏེ། ནང་བསྟན་ཁག་ལ་སློབ་གཉེར་གྱིས་འགྲོ་བ་སྤྱིར་ལམ་མ་མཐར་ཡང་རང་སྐྱིད་དགོས་པ་ན་གཞན་ལ་སྐྱིད་སྤྲོད་ཅེས་པའི་གོ་དོན་བསྐྲུན་རྒྱུར་དུས་དང་རྣམ་པ་ཀུན་ཏུ་འབད་རྒྱུ་དེ་ཁོང་རྣམ་པའི་ལས་འགན་གཙོ་བོ་རེད། དེ་སླད་ལྟོ་གོས་གཏམ་གསུམ་གྱི་གནས་མལ་དགོས་ཀྱི་ཡོད། དེ་ཆོས་རིག་ལས་ཁུངས་དང་འབྲེལ་བ་ཡོད་པ་ལས་གྲོས་ཚོགས་དང་འབྲེལ་བ་མེད། གྲོས་ཚོགས་ནི་བོད་གཏན་སྲིད་ཀྱི་ཆོས་དང་རིགས་གཞུང་སྲུང་སྐྱོབ་དང་། མདོར་ན་བོད་ཀྱི་བདེན་མཐའ་སླད་ཡིན་པ་ལས་གཏོར་བརླག་གཏོང་རྒྱུར་བཙུགས་པ་ཞིག་མིན་ལ་ད་བར་དེ་ལྟར་གནང་བཞག་པའི་ལོ་རྒྱུས་ཀྱང་མེད། དྲང་པོར་ཞུས་ན། ད་ལྟའི་འཆར་ང་ཚོའི་སྤྱི་ཚོགས་ནང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཀྱི་དགོས་པ་དེ་ཙམ་མེད་པ་དང་། དེ་ལས་བོད་མི་མང་པོ་ཕྱིའི་རྒྱལ་ཁག་ནང་ཁ་ཐོར་གྱིས་རྒྱལ་ཁག་གང་སར་བོད་མི་མང་དུ་འགྲོ་ཡི་ཡོད་པ་དཔེར་ན་ཐན་ཝན་དང་། ཨོ་སི་ཊུ་ལོ་ཡ། དེ་བཞིན་ཡུ་རོབ་སོགས་ཀྱི་སྤྱི་འཐུས་འཐུས་མི་མང་དུ་གཏོང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཡིན་པར་བཤད་མཁན་ཤུགས་ཇི་མང་དུ་འགྲོ་ཡི་ཡོད་ལ། གནད་དོན་འདི་ད་ལྟའི་འཆར་གྲོས་ཚོགས་ནས་གལ་ཆེར་བཟུང་སྟེ་ཇོ་ནང་པའི་རྩོད་གཞི་འདིའི་གོ་སྐབས་དང་བསྟུན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་དང་གལ་སྲིད་དགོས་ན། ཇོ་ནང་ཡང་འཇུག་དགོས་པ་དང་། མི་དགོས་ན། དོན་གཞན་དེའི་ཐོག་དགོངས་པ་ཆེར་བཞེས་གནང་དགོས་འདུག་སྙམས། མཐར་དོན། གལ་སྲིད་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་ན་བོད་ལ་ཆོས་ལུགས་གཉིས་ལས་མེད་པས། དེ་གཉིས་ལས་གྲངས་གང་ཙམ་ཞིག་གི་འཐུས་མི་འཇག་པ་ལས་གཞན་དགོས་པ་མིན་འདུག་བསྙམས་དེ་ནི་ང་རང་གི་བསམ་ཚུལ་རང་ཡིན། ཇ་ནང་ཙམ་མིན་པར། ཆོས་བརྒྱུད་ཁག་གི་བླ་སྤྲུལ་རྣམ་པ་དང་། གྲོས་ཚོགས་ཀྱི་འཐུས་མིས་གནད་དོན་འདིའི་ཐོག་དགོངས་པ་བཞེས་ཡོད་ཤག་ཀྱང་། དགོངས་པ་བཞེས་པ་ཙམ་མིན་པར་ལས་དོན་དངོས་མངོན་རྒྱུའི་དུས་འབབ་འདུག་པས་ཐུགས་ཞིབ་གནང་བར་འཚལ།

    Reply
  7. དད་པ་རྒྱལ་པོ། says:
    ལོ་ 10 སྔོན།

    ཇོ་ནང་པ་ལ་མི་འདོད་པའི་གདམ་ག་ཞིག་སྤྲོད་རྩིས་འདུག སྐབས་དེར་ག་ཟུ་དང་སྤྱི་འཐུས་ཁག་ཅིག་གི་འགྱོད་པ་རྟ་ཕོས་མི་གོམ། གདམ་ག་འདི་གཞུང་ལ་དང་བླང་དཔྱ་ཁྲལ་འབུལ་འཚམས་འཇོག་པ་ཙམ་མ་རེད། དེ་ནི་འཛམ་གླིང་འདིའི་ཁྲོད་ཀྱི་མི་གྲངས་ས་ཡ་འགས་དེར་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཤིག་ལ་ཐུག ་ཡོད། གོ་དགོས་པ་ཐམས་ཅད་ཀྱིས་གོ་བར་གྱིས་ཤིག

    Reply
  8. རྒྱ་ཚ says:
    ལོ་ 10 སྔོན།

    གསེར་ས་འོག་ལ་ཡོད་ན་་་་འོད་ནམས་མཁར་ཁྱབ་ཟེརོ་་་་་བཙན་བྱོལ་གཞུང་ལ་ངོ་ལོག་པས་ཁེངས་ཡོངས་ས་རེད་་་་

    Reply
  9. བཀྲ་ཤིས། says:
    ལོ་ 10 སྔོན།

    ཇོ་ནང་པ་ཚོ་དཔེ་ཆ་བལྟས་ནས་མ་བཞུགས་པར་སྲིད་དོན་ནང་གང་རེ་གནང་རྩིས་ཡོད་དམ། སྲིད་དོན་ལ་དོ་དབྱིངས་ཡོད་ན་དཔེ་ཆ་སྐྱུར་ནས་སྲིད་དོན་ལ་འཇུག་འཚལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese