མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བའི་དཀའ་རྙོག་དང་རྒྱ་ནག་གི་གླེང་ཕྱོགས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

 

རྩོམ་མཁན་ཁེར་སི་ཊན་ཊ་ཊི་ལོ། (Kirsten Tatlow)

_____རྒྱ་ནག་ལ་མཚོན་ན་ཡུ་རོབ་གླིང་གི་སྐྱབས་བྱོལ་བའི་དཀའ་རྙོག་དེ་གཞན་གྱི་ཉེས་སྐྱོན་དང་གཞན་གྱི་འགན་བབ་ཅིག་ཏུ་གླེང་གི་ཡོད།

 

ད་ལོའི་ལོ་སྟོད་ཙམ་ནས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཡ་ང་བའི་ཟིང་འཁྲུག་ལངས་པ་དང་། སེ་རེ་ཡའི་མི་སེར་ཁྲི་སྟོང་མང་པོ་ཡུ་རོབ་གླིང་དུ་བྲོས་བྱོལ་ལ་ཡོང་བ་དང་འབར་མའི་དམག་གཞུང་གི་དམར་གསོད་ཆེན་པོའི་ཁྲོད་དུ་རོ་ཧན་ཡ་མི་རིགས་འཇིག་ཉེན་ལ་གཡོལ་བཞིན་པའི་གནས་སྟངས་འོག འདི་ལོའི་ཕྱི་ཟླ་ ༦ པར་བྷིལ་ཇེམ་རྒྱལ་ས་བྷུར་སིལ་ནང་རྒྱ་ནག་དང་ཡུ་རོབ་གླིང་གི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་ཆེན་བསྡུས་པའི་གོ་སྐབས་དང་བསྟུན་ནས། ཡུ་རོབ་གླིང་གི་ཕྱི་སྲིད་ལས་དོན་པ་ཚོའི་བསམ་པར། འཛམ་གླིང་གི་སྐྱབས་བྱོལ་བའི་དཀའ་རྙོག་འདི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོ་དང་ལྷན་དུ་གླེང་སློང་བྱས་ན་སྙམ་ཡོད།

 

འོན་ཀྱང་ཡིད་སྐྱོ་བ་ཞིག་ལ། གནས་ཚུལ་དེའི་ཐད་རྒྱུས་མངའ་ཆེ་ཡང་རང་མིང་བརྗོད་བདེ་བོ་མེད་པའི་ཡུ་རོབ་ཀྱི་ཕྱི་སྲིད་ལས་དོན་པ་ཞིག་གིས་དངོས་ཡོད་གནས་ཚུལ་བརྒྱུད་བསྒྲགས་བྱས་པར་གཞིག་ན། རྒྱ་ནག་གིས་དེ་ལ་མཐའ་གཅིག་ཏུ་དགག་རྒྱག་གི་བསམ་ཚུལ་བཏོན་པའི་ནང་། རྒྱ་ནག་གཞུང་འཛམ་གླིང་གི་འགྲོ་བ་མིའི་དཀའ་སྡུག་སེལ་བའི་རྙོག་འཛིང་ནང་ཞུགས་འདོད་མེད་ཚུལ་བསྟན་འདུག་ལ། གོང་ཞུས་ཕྱི་སྲིད་ལས་དོན་པ་དེ་གཅིག་པུ་ཙམ་མ་ཡིན་པར། གོ་ལའི་ཤར་ནུབ་ཀྱི་ཡུལ་མི་མང་པོས་ཀྱང་བསམ་ཚུལ་དེ་ག་རང་འདོན་གྱི་ཡོད།

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་དོན་འབྲེལ་མཐུད་ལྷན་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༢ ལོ་ནས་ད་ལྟའི་བར། རྒྱ་ནག་གིས་སེ་རེ་ཡའི་རྒྱལ་ནང་གི་དཀའ་སྡུག་འོག་གི་ཟང་ཆ་ཞི་འཇགས་སུ་གཏོང་ཐབས་སུ། རོགས་དངུལ་ཨ་སྒོར་ས་ཡ་ ༡༤ བསྡུ་ལེན་བྱས་པའི་ནང་ནས་བརྒྱ་ཆའི་ ༠.༡ ཙམ་འཛམ་གླིང་རྒྱལ་ཁབ་གཞན་དག་དང་སྒྲིག་འཛུགས་ཁག་གིས་ཞལ་འདེབས་སུ་གནང་བ་ཡིན་འདུག དེར་བརྟེན་འཛམ་གླིང་སྒང་འདིར་དངུལ་ལོར་གསོག་འཇོག་དང་དཔལ་འབྱོར་འཕེལ་རྒྱས་ཅན་རྒྱ་ནག་གཞུང་འཛམ་གླིང་གི་སྐྱབས་བཅོལ་བར་རོགས་སྐྱོར་གནང་མཁན་རྒྱལ་ཁབ་དག་གི་གྲས་ནས་གནས་རིམ་ ༣༢ བར་ལྷུང་བ་དང་། གནས་རིམ་ ༩ ཆགས་པའི་ཉི་ཧོང་གཞུང་གིས་རོགས་དངུལ་ཨ་སྒོར་ས་ཡ་ ༤༤༥ མཐུན་སྦྱོར་གནང་པ་མ་ཟད། ད་དུང་ཨ་སྒོར་ས་ཡ་ ༢༤ མཁོ་འདོན་བྱ་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

 

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༡ ལོར་ལེ་བྷ་ཡའི་རྒྱལ་ནང་གི་ཟིང་འཁྲུག་དང་འདི་ལོར་ཡ་མན་རྒྱལ་ཁབ་ཀྱི་ནང་འཁྲུག་སྐབས་སུ། གྲུ་གཟིངས་མང་པོ་མངག་གཏོང་གིས་རྒྱལ་ཁབ་དེ་གཉིས་ནང་ཡོད་པའི་རང་གི་མི་སེར་རྣམས་སྲུང་སྐྱོབ་བྱས་ཡོད་ནའང་། རྒྱ་ནག་གིས་ཡུ་རོབ་གླིང་གི་ཡུལ་བྱོལ་བའི་དཀའ་སྡུག་དེ་ཡུ་རོབ་དང་ཨ་རིའི་གཞུང་གཉིས་ཀྱི་ཉེས་སྐྱོན་ཞིག་ཡིན་སྟབས། གནད་དོན་དེའི་འགན་བབ་ཡང་ཡུ་རོབ་དང་ཨ་རི་གཉིས་ལ་ཡོད་པར་འདོད་ཅིང་། དེའི་རྒྱུ་མཚན་ནི་རྒྱ་ནག་གི་བསམ་པར། ཨ་རི་དང་ཡུ་རོབ་གླིང་གིས་སེ་རེ་ཡ་དང་ལེ་བྷ་ཡ་ལྟ་བུའི་རྒྱལ་ཁབ་ཁག་ཅིག་ནང་སྲིད་འགྱུར་གྱི་ངན་སྐུལ་སློང་གི་ཡོད་པར་སྙམ།

 

རྒྱ་ནག་གི་དེང་རབས་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཆེད་མཁས་པ་ཐེན་ཝན་ལིན་ཟེར་བ་ཞིག་གིས་མི་མང་ཉིན་རེའི་ཚགས་པར་སྟེང་དུ། གནད་དོན་དེའི་ཕྱོགས་གཅིག་ནི་རྒྱལ་ཁབ་དེ་དག་ནང་མང་གཙོ་རུ་འབོད་པའི་གྲང་ཉུང་མི་རིགས་ཀྱི་དཀའ་རྙོག་ཅིག་ཡིན་ཞིང་། དེའི་རྒྱུ་མཚན་གཙོ་བོ་ཨ་རི་དང་ཡུ་རོབ་གླིང་གིས་རྒྱལ་ཁབ་དེ་དག་ནང་སྲིད་འགྱུར་སློང་བའི་གོ་སྐབས་དམ་འཛིན་བྱས་པ་རེད་ལ། དོན་དངོས་སུ་ཨ་རི་དང་ཡུ་རོབ་གླིང་གི་ཆེས་གདུག་རྩུབ་ལྡན་པའི་ཕྱི་འབྲེལ་དྲིས་ཇུས་དེ་ནི་ཧ་ཅང་འཇིགས་སུ་རུང་བའི་གླེན་རྟགས་ཤིག་ཡིན་པ་དང་། དེ་ལྟའི་ཕྱི་འབྲེལ་སྲིད་ཇུས་ཤིག་ལ་བརྟེན་ནས་ཨེ་ཤ་ཡའི་ནུབ་རྒྱུད་དང་ཨ་ཧྥི་རེ་ཁའི་བྱང་ཕྱོགས་སུ་གནོད་སྐྱོན་དང་གོད་ཆག་ཚབས་ཆེན་བསླངས་པའི་མཇུག་འབྲས་དེ། ད་ལྟ་གཞི་ནས་ཨ་རི་དང་ཡུ་རོབ་གླིང་གི་མགོ་ཐོག་ཏུ་ཡོང་གི་ཡོད། ཅེས་བརྗོད་འདུག

 

ཡིན་ན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བྱོལ་ལས་ཁང་ནས་བཏོན་པའི་སྙན་ཐོར་གཞིག་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བར་རོགས་སྐྱོར་གྲོས་ཆོད་ཁག་ (ཕྱོ་ལོ་ ༡༩༥༡ དང་ཕྱི་ལོ་ ༡༩༦༧ ལོའི་གྲོས་མཐུན) གཞིར་བཟུང་ཐོག རྒྱ་ནག་གཞུང་ལའང་འཛམ་གླིང་གི་སྐྱབས་བཅོལ་བའི་དཀའ་རྙོག་སེལ་བའི་འགན་ཁུར་ཅི་ནས་ཀྱང་ཡོད་པ་མ་ཟད། འཛམ་གླིང་སྒང་འདིར་རྒྱ་ནག་ནས་ཡོང་བའི་སྐྱབས་བཅོལ་བ་ས་ཡ་གཅིག་གི་བཞི་ཆའི་གཅིག་ཙམ་གྱིས་འཛམ་གླིང་ཡུལ་ལུང་གང་སར་སྐྱབས་གནས་འཚོལ་བཞིན་པའི་སྐབས་འདིར། རྒྱལ་ཁབ་གཞན་གྱི་སྐྱབས་བྱོལ་བ་སྟོང་ཕྲག་ ༣༠༠ ལྷག་གིས་རྒྱ་ནག་ལ་སྐྱབས་བཅོལ་གྱི་འདུག

 

ཕྱི་ཕྱོགས་ཀྱི་སྲིད་གཞུང་དང་སྒྲིག་འཛུགས་ཁག་གིས་རྒྱ་ནག་གཞུང་ལ་ཡུ་རོབ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐྱབས་བྱོལ་བའི་དཀའ་སྡུག་ལ་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཀྱང་། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་ནས་ཐད་ཀར་དུ་བརྡ་ལན་མ་སྤྲད་པར། རྒྱ་ནག་གཞུང་ནས་དེང་གི་ཡུལ་བྱོལ་བའི་དཀའ་རྙོག་ལ་དོ་སྣང་བྱུང་ཡོད། ཅེས་དང་། ཡང་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་ནས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་། ཡུ་རོབ་གླིང་གིས་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཇགས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ་ཡུལ་བྱོལ་བའི་གནས་སྐབས་ཀྱི་དཀའ་རྙོག་སེལ་ཐབས་བྱེད་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་རེ་སྨོན་ལྟར། ཡུ་རོབ་གླིང་གིས་མངོན་གསལ་དོད་པོར་ཁྲིམས་འགལ་གྱིས་སྐྱབས་བྱོལ་དུ་ཡོང་བར་དམ་དྲག་བྱེད་པ་དང་འགྲོ་བ་མིའི་རིགས་ཀྱི་དཀའ་སྡུག་ཁུར་དུ་ལེན་དགོས། མ་ཟད་ཡུལ་བྱོལ་བའི་གནད་དོན་ནི་ཆེས་རྣོ་ངར་ལྡན་པའི་རྙོག་འཛིང་ཞིག་ཡིན་ཞིང་། རྙོག་འཛིང་དེའི་རྩ་བ་རྒྱལ་ནང་གི་སྲིད་འགྱུར་དང་དཔལ་འབྱོར་ཉམ་རྒུད་ལ་ཐུག་ཡོད། དེ་བས་ཡུ་རོབ་གླིང་གི་རྒྱལ་ཁབ་ཁག་ཆིག་སྒྲིལ་གྱིས། ཁྱབ་ཆེ་བའི་དཀའ་རྙོག་འདི་རིགས་སེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་དང་སྤྱི་ཚོགས་བརྟན་ལྷིང་བཟོ་བར་ང་ཚོས་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད། ཅེས་བཀོད་འདུག

 

གང་ལྟར་ཤར་ནུབ་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་གླེང་ཕྱོགས་ལ་གཞིག་ན། རྒྱ་ནག་གིས་སེ་རེ་ཡའི་སྐྱབས་བཅོལ་བ་ཚོ་རྒྱལ་ནང་དུ་ཡོང་བར་འགོག་རྒོལ་བྱེད་ཀྱི་འདུག་ཅིང་། རྒྱ་ནག་ནང་སྐྱབས་གནས་འཚོལ་བའི་ཡུལ་གྱར་བའི་མི་འབོར་ནི་ཡུ་རོབ་རྒྱལ་ཁབ་ཁག་ནང་བྲོས་བྱོལ་དུ་ཕྱིན་པའི་གྲངས་འབོར་ལས་བརྒྱ་ཆའི་ ༥༣ ཟིན་ཙམ་འདུག

 

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བྱོལ་ལས་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་ནང་སྐྱབས་གནས་འཚོལ་བའི་ཡུལ་བྱོལ་བ་བརྒྱ་ཆའི་ ༡༤ ཨ་ཧྥི་གྷ་ནེ་སི་ཐན་དང་། བརྒྱ་ཆའི་ ༤ ཨ་རེ་ཊ་རེ་ཡ་ནས་ཡིན་ཞིང་། དེ་མིན་གཞན་མང་ཆེ་བ་ལྷོ་ནུབ་ཨ་ཧྥི་རེ་ཁའི་རྒྱལ་ཁབ་ཁག་ནས་ཡིན་འདུག

 

ཧོང་ཀོང་རང་དབང་གསར་ཁང་གིས་བསྒྲགས་པའི་གསར་གནས་ཤིག་གི་ནང་། རྒྱ་ནག་གིས་དུས་ཡུན་རིང་བོར་ཕྱི་ཕྱོགས་ཀྱི་སྐྱབས་བྱོལ་བ་ཚོ་རྒྱལ་ནང་དུ་ཡོང་བར་འགོག་རྒོལ་བྱེད་པ་མ་ཟད། རྒྱ་ནག་ལ་དཀྱིལ་ཤར་ཡུལ་གྲུ་ཁག་གི་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་འགན་བབ་མེད་ལ། རྒྱ་ནག་མི་མང་དུས་ད་ལྟ་ད་དུང་དབུལ་ཕོངས་ཀྱི་གནས་སུ་འཚོ་བཞིན་ཡོད་སྟབས། སྐྱབས་བཅོལ་བ་འདི་དག་རྒྱ་ནག་ནང་ཡོང་རྒྱུར་འདོད་མོས་མེད་སྐོར་བཀོད་འདུག་ཀྱང་། རྒྱ་ནག་གི་ཐེན་ཡ་དྲ་ཁང་གི་གསར་གནས་བརྒྱུད་སྤེལ་བྱེད་མཁན་ཧྥ་རན་ཁེ་ཟེར་བ་ཞིག་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ། སྔོན་ཆད་ཧེ་ཊི་ལིར་གྱི་དམར་གསོད་སྐབས་སུ། རྒྱ་ནག་གཞུང་གིས་འཇེའུ་མི་རིགས་དང་ཡུ་རོབ་གླིང་ནས་ཡོང་བའི་ཨ་རིའི་རྒྱལ་ནང་གི་ཡུལ་གྱར་བ་དང་ལས་བཟོ་བ་ས་ཡ་མང་པོ། དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྐྱབས་བྱོལ་བ་རྣམས་རྒྱ་ནག་ནང་ལེན་ཐབས་སུ་འབད་བརྩོན་བྱས་པའི་ལོ་རྒྱུས་ཀྱི་གནས་ཚུལ་བྱུང་བ་རེད། ཅེས་བརྗོད་འདུག

 

མ་རྩོམ་འབྲེལ་ཐག http://sinosphere.blogs.nytimes.com/2015/09/09/for-china-migrant-crisis-is-someone-elses-fault-and-responsibility/

པདྨ་རྒྱལ་གྱིས་བསྒྱུར།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. tenzintsetso says:
    ལོ་ 11 སྔོན།

    དངོས་གནས་རེད་ལགས།

    Reply
  2. tenzintsetso says:
    ལོ་ 11 སྔོན།

    ཡག་བྱུང་།

    Reply
  3. བསྟན་འཛིན་ says:
    ལོ་ 11 སྔོན།

    རྣམས་པ་ཚོས་ཡག་པོ་གསུང་གི་འདུག་བཀྲ་ཤིས་བདེ་ལེགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese