མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུས་ཚད་ན་ཚ་ཁྱབ་བརྡལ་དུ་ཕྱིན།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རུས་ཚད་ན་ཚ་(Dengue)འགོས་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་པ་ལྟར་བོད་མི་ ༧༥ ལྷག་ལ་ན་ཚ་དེ་ཕོག་ནས་སྨན་བཅོས་བྱས་དང་བྱེད་བཞིན་ཡོད་འདུག

 

unnamedཉེ་སྔོན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གཙོས་གྲོང་ཁྱེར་ཁག་ཅིག་ཏུ་རུས་ཚད་ན་ཚ་འགོས་ཁྱབ་ཆེན་པོ་ཕྱིན་ཏེ། ནད་པ་མང་དྲགས་པའི་རྐྱེན་གྱིས་སྨན་ཁང་ཁག་ཏུ་ཉལ་ཁྲི་སོགས་ཀྱིས་འདང་གི་མེད་པའི་གནས་ཚུལ་ཐོན་གྱི་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལི་བསམ་ཡས་གླིང་གི་ས་གནས་གཞིས་མགོ་ལེགས་སྐྱེས་རྡོ་རྗེ་ལགས་སུ། བོད་མིའི་ནང་ན་ཚ་དེ་ཕོག་མཁན་ག་ཚོད་ཡོད་པ་དང་། ཁོང་ཚོའི་གནས་སྟངས་ག་འདྲ་ཡོད་པ། དེ་བཞིན་སྨན་བཅོས་དང་སྔོན་འགོག་གི་མཐུན་རྐྱེན་ག་འདྲ་བསྐྲུན་གྱི་ཡོད་མེད་སྐད་ཆ་དྲིས་པར་ཁོང་གིས། འདི་ཟླའི་ནང་བསམ་ཡས་གླིང་གཞིས་གྲོང་གི་བོད་མི་ ༧༥ ལྷག་ལ་རུས་ཚད་ན་ཚ་ཕོག་ཡོད་ནའང་། དུས་ཐོག་ཏུ་སྨན་ཁང་ལ་བསྟན་པ་དང་སྨན་བཅོས་ལེགས་པོ་བྱས་སྟབས་ཅུང་ཡག་པོ་དྲག་འདུག དེ་མིན་ད་སྔར་རུས་ཚད་ན་ཚ་ཚབས་ཆེན་པོ་དེ་འདྲ་བྱུང་མ་སོང་། ང་ཚོས་ཉེ་ལམ་མངའ་སྡེ་གཞུང་ལ་སྙན་སེང་ཞུས་པ་བརྒྱུད་ནང་དགོང་གཉིས་ལ་སྡོད་ཁང་གི་མཐའ་འཁོར་དུ་སྨན་རྫས་དང་ས་སྣུམ་གྱི་དུད་རླངས་གཏོང་བ་དང་། སྡོད་ཁང་ནང་གི་གྲང་ཆས་དང་ཁོར་ཡུག་གཙང་སྦྲ་བཟོ་བ་བཅས་ལ་བརྟེན་ནས་དུག་སྦྲང་གི་རུས་ཚད་ན་ཚ་སྔོན་འགོག་བྱེད་ཀྱི་ཡོད། ཅེས་བརྗོད་བྱུང་།

 

གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ད་ལྟའི་བར་ཉུང་མཐར་མི་གྲངས་ ༡༩༠༠ ལྷག་ལ་ན་ཚ་དེ་འགོས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྨན་ཁང་ཁག་ནང་སྡོད་དགོས་བྱུང་ཡོད་པ་མ་ཟད། ཉུང་མཐར་མི་གྲངས་ ༡༤ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག

 

རྒྱ་གར་གཞུང་འབྲེལ་སྨན་ཁང་ཁག་ཡོངས་ནས་རུས་ཚད་ན་ཚ་ཕོག་པའི་ནད་པ་མང་པོར་བརྟག་དཔྱད་སྨན་བཅོས་བྱེད་ཀྱི་ཡོད་ནའང་། ཉིན་འདི་དག་རིང་རུས་ཚད་ན་ཚ་ཁྱབ་བརྡལ་ཆེན་པོ་ཕྱིན་པའི་རྐྱེན་གྱིས། སྨན་ཁང་ཁག་ཏུ་ནད་པ་བཞི་ལ་ཉལ་ཁྲི་གཅིག་ལས་ཐེམས་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། རྒྱ་གར་དབུས་འཕྲོད་བསྟེན་ལས་ཁུངས་ནས་སྒེར་བཙུགས་སྨན་ཁང་ཁག་ལ་ཉལ་ཁྲི་དང་བརྟག་དཔྱད་ཡོ་ཆས། སྨན་པ་དང་སྨན་ཞབས་སོགས་ཀྱི་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བརྟེན། གཞུང་འབྲེལ་སྨན་ཁང་ཁག་ཏུ་ཉལ་ཁྲི་ ༡༠༠༠ ལྷག་ཇེ་མང་དུ་བཏང་ཡོད་པ་མ་ཟད། རུས་ཚད་ན་ཚར་བརྟག་དཔྱད་བྱེད་པར་ཧིན་སྒོར་ ༦༠༠ ཡན་ལེན་མི་ཆོག་པ་དང་། ནད་པའི་སྨན་རིན་དང་མྱུར་མཁོའི་ཡོ་ཆས་སོགས་གཞུང་ངོས་ནས་གཏོང་རྒྱུ། དེ་བཞིན་སྒེར་བཙུགས་སྨན་ཁང་ཁག་ནས་རུས་ཚད་ན་ཚ་ཅན་གྱི་ནད་པ་རྣམས་སྨན་ཁང་ནང་འདུག་ཏུ་བཅུག་སྟེ། བརྟག་དཔྱད་སྨན་བཅོས་ལེགས་པོ་བྱེད་དགོས་པ་ལས། ཉལ་ཁྲི་དང་སྨན་བཅོས་ཀྱི་དཀའ་ངལ་འོག་ནད་པ་རྣམས་སྨན་ཁང་ནས་ཕྱིར་ཕུད་བཏང་བ་ཡིན་ན། སྨན་པའི་ཐོབ་ཐང་ཕྱིར་བསྡུ་གནང་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

 

བདུན་ཕྲག་སྔོན་མའི་ནང་ལྡི་ལིར་གནས་སྡོད་ལོ་ན་ ༦ ནས་ ༧ བར་གྱི་རུས་ཚད་ན་ཚ་ཕོག་པའི་བྱིས་པ་གཉིས་ལ་སྒེར་བཙུགས་སྨན་ཁང་ཁག་གིས་བརྟག་དཔྱད་མ་བྱས་པར་ཕྱིར་ཕུད་བཏང་ཡོད་པ་དང་། ཕྱིས་སུ་བྱིས་པ་དེ་གཉིས་འདས་གྲོངས་སུ་གྱུར་ཡོད་པར་བརྟེན་བྱིས་པའི་ཁྱིམ་མི་དང་སྨན་ཁང་བར་རྙོག་གླེང་ཆེན་པོ་བྱུང་ཡོད་པ་དང་། དེ་བཞིན་རུས་ཚད་ན་ཚ་ཅན་གྱི་ནད་པ་རེ་ཟུང་ཨ་ཆད་འུ་ཐུག་གིས་རང་སྲོག་གཅོད་ཀྱི་ཡོད་པའི་ཛ་དྲག་གི་གནས་ཚུལ་དཀའ་ངལ་བྱུང་བཞིན་ཡོད་འདུག

 

སྤྱིར་བཏང་རྒྱ་གར་ནང་རུས་ཚད་ན་ཚ་འདི་ཆར་དུས་རྗེས་ཀྱི་ཕྱི་ཟླ་ ༡༠ ཡས་མས་ནང་བྱུང་གི་ཡོད་པ་དང་། རུས་ཚད་ན་ཚ་བྱུང་སྐབས་ལུས་ཡོངས་སུ་ཚ་བ་རྒྱས་པ་དང་མགོ་ན་བ། ཤ་རྒྱུས་དང་རུས་ཚིགས་གཟེར་བ། ཚ་འབྲུམ་འབུད་པ་དང་མགོ་ཡོམ་འཁོར་བ། སྣ་ཁྲག་བཞུར་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པ་དང་། འགོས་ནད་དེ་སྔོན་འགོག་བྱེད་པར་ཉེ་འགྲམ་གྱི་ཁོར་ཡུག་དང་རང་ལུས་ལ་གཙང་སྦྲ་བྱེད་དགོས་པ་མ་ཟད། ཕྱི་ལོགས་སུ་འགྲོ་སྐབས་གྱོན་གོས་རིང་ཙམ་གྱོན་ཏེ་ལུས་སྨད་ཀྱི་ཤ་མི་མངོན་པ་བྱས་ན་ཕན་ཐོགས་ཡོད་པ་དང་། དེ་བཞིན་ཆུ་མང་པོ་འཐུང་བ་དང་འབུ་མི་འཁོར་བའི་བྱུག་རྫས་རིགས་བྱུག་ནའང་ཕན་ཐོགས་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese