མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་གྱི་བསླུ་བྲིད།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་གཞུང་གིས་དཔལ་འབྱོར་ཡར་རྒྱས་གཏོང་བཞིན་ཡོད་པའི་བོད་ཀྱི་ས་ཁུལ་ཁག་གི་མི་གྲངས་ཀྱི་བརྒྱ་ཆའི་ ༨ ཧན་མི་རིགས་ཡིན་སྐོར་བརྗོད་འདུག

 

460xཁ་སང་ཨེ་ཕེ་གསར་ཁང་གིས་བོད་ཕྱི་ནང་གི་བོད་མི་དང་རྒྱ་རིགས། དེ་བཞིན་ཕྱི་རྒྱལ་གྱི་བོད་དོན་ཉམས་ཞིབ་པ་མང་པར་བོད་ནང་གི་གནས་སྟངས་སྐོར་ལ་བཅར་འདྲི་བྱས་པ་བརྒྱུད་གནས་ཚུལ་སྤེལ་བའི་ནང། ཕྱི་ལོ་ ༡༩༥༡ ལོ་ནས་ད་ལྟའི་བར་རྒྱ་གཞུང་གིས་བོད་ནང་ཨ་སྒོར་ས་ཡ་ ༡༠༠ ལྷག་གི་འགྲོ་གྲོན་བཏང་ནས་དཔལ་འབྱོར་ཡར་རྒྱས་སུ་བཏང་ཡོད་ཡོད་ཀྱང་། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་བཟོ་བའི་དམ་དྲག་གི་སྲིད་ཇུས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། རྒྱ་གཞུང་གིས་མུ་མཐུད་དངུལ་དངོས་ཁོ་ནས་མཐུན་འགྱུར་བསྐྲུན་ཏེ། རྒྱལ་སྤྱིའི་སྟེང་ནས་བོད་ནང་འཛིན་པའི་རྒྱ་གཞུང་གི་དབང་སྒྱུར་སྲིད་ཇུས་མྱུར་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཟློག་ཐབས་དང་། བོད་མི་མང་གི་ཡིད་སེམས་བསླུ་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

 

དེ་ཡང་བཅར་འདྲིའི་ནང་ཁ་ན་ཌའི་ལྷོ་ནུབ་གྲོང་ཁྱེར་བན་ཁོ་བར་ནང་ཡོད་པའི་ཁོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་མཁས་དབང་ཚེ་རིང་ཤཀྱ་ལགས་སུ་བཅར་འདྲི་བྱེད་སྐབས། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་དྲག་གནོན་གྱི་ཐབས་ཇུས་ལ་འགྱུར་བ་བཏང་སྟེ་བོད་མིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པ་མ་ཟད། རྒྱ་གཞུང་གི་དཔོན་རིགས་ཚོར་ངན་པ་ལག་འབྲེལ་བྱེད་མཁན་ཁག་ཅིག་དང་ལྷན་དུ་བོད་དོན་སྒྲུབ་པའི་ཐབས་ཤེས་བྱེད་ཀྱི་ཡོད་ཅེས་དང་། བོད་རྒྱའི་གནད་དོན་མ་སེལ་བར་དུ། བོད་ནང་གི་དཔལ་འབྱོར་ཡར་རྒྱས་དང་རྒྱ་ནག་ནང་གི་དཔལ་འབྱོར་ཡར་རྒྱས་གཉིས་བར་གྱི་ཁྱད་པར་ཆེ་རུ་འགྲོ་གི་རེད། ཅེས་གསུངས་འདུག

 

ཡང་ནེའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་རའོ་བྷིར་ཊི་བྷར་ནི་ཊ་ལགས་ཀྱིས། འདས་པའི་མི་ལོ་ ༢༠ རིང་རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་པའི་སྲིད་ཇུས་དེ་དོན་དངོས་སུ་བོད་མི་མང་ལ་ཕན་ཐོགས་ཅི་ཡང་མེད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་རིང་གི་དཔལ་འབྱོར་གྱི་ཁེ་ཕན་ལ་བརྟེན་ནས་བོད་ཁུལ་དུ་གནས་སྤོར་བྱས་པའི་ཧན་མི་རིགས་ཀྱི་འཚོ་གནས་ལ་ཡར་རྒྱས་ཕྱིན་ཡོད་ཅིང་། དཔལ་འབྱོར་ཡར་རྒྱས་གཏོང་བཞིན་པའི་བོད་ཁུལ་གྱི་མི་གྲངས་ས་ཡ་ ༣.༢ ལྷག་གི་བརྒྱ་ཆའི་ ༨ རྒྱ་ནག་ཧན་མི་རིགས་ཡིན་ལ། ལྷག་པར་དུ་ཉེ་བའི་ཆར་རྒྱ་གཞུང་གིས་བོད་ཁུལ་དུ་དྲག་གནོན་བྱེད་མགོ་བརྩམས་ཡོད་པ་རེད། ཅེས་དང་།

 

ཡང་ཁོང་གིས། གལ་ཏེ་རྒྱ་ནག་གིས་དངོས་ནས་སྤྱི་ཚོགས་མཐུན་འགྲིག་དང་དཔལ་འབྱོར་དོ་སྙོམ་མེད་པའི་ས་ཁུལ་དུ་དངུལ་དངོས་ཀྱི་མཐུན་འགྱུར་བསྐྲུན་ཚེ། རྒྱ་ནག་གིས་བོད་ཁུལ་དུ་རྒྱ་མི་རིགས་གནས་སྤོ་བ་དང་ཁེ་ལས་ཁོ་ན་གཉེར་བ། ལྡོག་ཕྱོགས་ནས་ཤན་ཤུགས་སྤྲོད་པ། ལྷག་པར་དུ་དཔལ་འབྱོར་གྱི་དབང་སྒྱུར་སྲིད་ཇུས་སོགས་ཅི་ནས་ཀྱང་མཚམས་འཇོག་དགོས་ཡོད། ཅེས་བརྗོད་འདུག

 

ཡང་གནས་ཚུལ་ནང་། ཕྱི་ལོ་༢༠༠༩ ལོ་ནས་བཟུང་ད་ལྟའི་བར་བོད་ནང་བོད་མི་སེར་སྐྱ་ཕོ་མོ་ ༡༤༠ ལྷག་གིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་གི་དབང་བསྒྱུར་སྲིད་བྱུས་ལ་ངོ་རྒོལ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་བཏོན་ཏེ་མུ་མཐུད་ངོ་རྒོལ་བྱེད་བཞིན་ཡོད་སྐོར་སོགས་བཀོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese