མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་འཆར་གྱི་རྙོག་གླེང་།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་གྱི་སྲིད་བློན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆར་དོན་ཚན་བཞི་བཏོན་འདུག

 

un-general-assembly-summit_669a04b4-677a-11e5-86e2-e1a42b5fda15ཁ་སང་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་ཀཱ་ཤི་མེར་གྱི་རྩོད་ཉོག་དང་། རྒྱ་གར་དང་པ་ཀི་སི་ཐན་བར་གྱི་བརྟན་ལྷིང་དང་ཞི་འགྲིག་གི་གནད་དོན་ཐོག་གཏམ་བཤད་བྱེད་སྐབས། ཁྱིམ་མཚེས་རྒྱལ་ཁབ་བར་འཁོན་འཛིན་དང་ཁ་གཏད་གཅོག་རྒྱུ་མཚམས་འཛོག་བྱས་ཏེ་མཉམ་ལས་ཀྱི་སྒོ་མོ་ཕྱེ་དགོས་སྐོར་བརྗོད་འདུག

 

རྒྱ་གར་གྱི་བང་ཆེན་ཐོག་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས། ད་ལྟ་རྒྱལ་ཁབ་གཉིས་བར་གྲོས་མོལ་བྱ་དགོས་པའི་དུས་ལ་བབ་ཡོད་སྟབས། ཕན་ཚུན་ཁ་གཏད་གཅོག་རྒྱུ་མཚམས་འཇོག་བྱས་ནས་མཉམ་ལས་ཀྱི་ནུས་པ་གཅིག་ཏུ་སྤུངས་དགོས། ཀཱ་ཤི་མེར་གྱི་གནད་དོན་ནི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་རྩོད་གཞི་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ཀཱ་ཤི་མེར་གྱི་མང་ཚོགས་དང་གོ་བསྡུར་བྱས་ནས་དཀའ་རྙོག་སེལ་དགོས་པ་ཞིག་ཀྱང་ཆགས་ཡོད་སྟབས། ངས་ད་ཐེངས་གོ་སྐབས་འདི་བཟུང་ནས་མ་འོངས་པར་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡག་ཏུ་གཏོང་ཐུབ་པའི་སྤྱོད་སྒོ་ཆེ་བའི་གྲོས་འཆར་ཁ་ཤས་ཤིག་འདོན་རྒྱུ་ཡིན། ཞེས་བརྗོད་འདུག

 

ནཱ་ཝ་སེ་ཤཱ་རེབ་ཀྱིས་ཚོགས་ཐོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་ཆེད་གྲོས་འཆར་དོན་ཚན་བཞི་བཏོན་པའི་ནང་། དང་པོ། ང་ཚོས་པ་ཀི་སི་ཐན་དང་རྒྱ་གར་གྱིས་༢༠༠༣ ལོར་བཞག་པའི་རྒྱལ་ཁབ་གཉིས་བར་གྱི་གྲོས་ཆོད་ཀྱི་དགོངས་དོན་ལྟར། ཀཱ་ཤི་མེར་གྱི་མཐའ་ཁུལ་ (Line of Control) ཞེས་པའི་ཐོག་དམག་འཐབ་མཇུག་གཙང་བྱེད་དགོས་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དོན་རྟོག་ཞིབ་པ་རྒྱ་གར་དང་པ་ཀི་སི་ཐན་ནང་སྐད་བཏང་སྟེ། མེ་འཕེན་མཚམས་འཇོག་ཐད་ལྟ་སྲུང་ནན་མོ་བྱེད་དགོས། གཉིས་པ། རྒྱལ་ཁབ་གཉིས་པོས་ས་མཚམས་ཁུལ་དུ་ཛ་དྲག་གནས་སྟངས་གང་འདྲ་ཞིག་ཆགས་ཀྱང་། དམག་རྒྱག་པ་དང་དམག་གི་འཇིགས་སྐུལ་ནམ་ཡང་བྱ་རྒྱུ་མེད་པའི་འགན་ལེན་བྱེད་དགོས། འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཡིག་ནང་འཁོད་པའི་ཆ་རྐྱེན་གཙོ་བོ་དེ་ཡིན། གསུམ་པ། ཀཱ་ཤི་མེར་ནང་གི་དམག་ཤུགས་ཕྱིར་བསྡུ་བྱ་རྒྱུར་ངེས་པར་དུ་ཐབས་ཤེས་གཏོང་དགོས། བཞི་པ། ང་ཚོས་ཐུན་མོང་ཐོག་འཛམ་གླིང་གི་དམག་ས་མཐོ་ཤོས་སཱ་ཆེན་འཁྱགས་གཤོང་ (Siachen Glacier) གི་དམག་དཔུང་དག་ཆ་རྐྱེན་གང་ཡང་མ་བཏོན་པར་ཕྱིར་བསྡུ་བྱ་རྒྱུར་མོས་མཐུན་བྱེད་དགོས་པ་བཅས་ཀྱི་དགོས་འདུན་ཁག་བཏོན་ཡོད་སྟབས། དེ་རིང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝི་ཁཱ་སེ་ (Vikas Swarup) ཡིས་སྤྱི་ཚོགས་དྲ་རྒྱ་ཌོའུ་ཌར་བརྒྱུད། པ་ཀི་སི་ཐན་སྲིད་བློན་གྱིས་ཀཱ་ཤི་མེར་གྱི་དམག་ཤུགས་ཡོངས་རྫོགས་ཕྱིར་བསྡུ་བྱ་རྒྱུའི་དགོས་འདུན་བཏོན་པ་ལས། ང་ཚོར་པ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་རྒྱུ་གལ་ཆེ་བ་ཆགས་ཡོད། པ་ཀི་སི་ཐན་ནང་བརྟན་བརླིང་མེད་པར་བརྟེན། ད་ལྟ་ཁོ་ཚོའི་རྒྱལ་ཁབ་འཇིགས་སྐུལ་རིང་ལུགས་པ་སྐྱེད་སྲིང་བྱ་ཡུལ་ཞིག་ཏུ་འགྱུར་བཞིན་ཡོད་སྟབས། རང་སྐྱོན་སྦས་ཏེ་ཁྱིམ་མཚེས་རྒྱལ་ཁབ་ལ་ཁག་དཀྲི་བྱས་ན་དཀའ་ངལ་སེལ་ཐུབ་ཀྱི་མ་རེད་ཅེས་བརྗོད་འདུག

 

ཟླ་སྔོན་མའི་ཚེས་ ༢༧ ཉིན་པ་ཀི་སི་ཐན་གྱི་སྲིད་བློན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་མཆོག་དང་ཐུག་སྟེ། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གར་གཞུང་གིས་ཀཱ་ཤི་མེར་གྱི་མཐའ་མཚམས་ཁུལ་དུ་དམག་མི་ཕོན་ཆེ་འགྲེམས་འཇོག་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བརྟན་ལྷིང་ལ་གནོད་གཞིའི་བྱ་འགུལ་སྤེལ་བཞིན་ཡོད་སྟབས། རྒྱལ་ཚོགས་ངོས་ནས་དམག་དོན་ཉུལ་ཞིབ་པ་ཆེད་གཏོང་བྱས་ཏེ། མཐའ་ཁུལ་དང་ཀཱ་ཤི་མེར་གྱི་དཀའ་རྙོག་སེལ་དགོས་པ་བརྗོད་ཡོད་སྟབས། རྒྱ་གར་གཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནང་ཀཱ་ཤི་མེར་གྱི་གནད་དོན་གླེང་སློང་བྱས་རྗེས་ཀྱང་། སྤྱི་ཚོགས་དྲ་རྒྱ་ཁག་གིས་པ་ཀི་སི་ཐན་གྱི་སྲིད་བློན་ལ་ཁ་རྡུང་བཏང་ཡོད། པ་ཀི་སི་ཐན་གྱི་ཨ་རིའི་གཞུང་ཚབ་པ་ཟུར་པ་ཧུ་སན་གྱིས་ (Husain Haqqani) ཌོའུ་ཌར་དྲ་ཚིགས་ཐོག རྒྱལ་ཚོགས་ནང་གི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱི་གཏམ་བཤད་དེས། པ་ཀི་སི་ཐན་ལ་གང་ཡང་ཐོབ་མེད་པ་མ་ཟད། ལྡི་ལིའི་གཞུང་ལ་སྐྱོན་འཛུགས་བྱས་པར་རྒྱལ་སྤྱིའི་ངོས་ནས་དང་ལེན་བྱ་རྒྱུ་ཁག་པོ་ཡིན་སྟབས། པ་ཀི་སི་ཐན་རྒྱལ་ཡོངས་ནང་མ་གཏོགས་རྒྱ་གར་ལ་གཡོ་འཁྱོམ་འཐེབ་མི་སྲིད་པ་ཞིག་རེད་ཅེས་དང་། ཡང་པཱ་ཝན་དྷུ་ར་ཎེ་ཟེར་བ་ཞིག་གིས། པ་ཀི་སི་ཐན་མངའ་ཁུལ་གྱི་ཀཱ་ཤི་མེར་མང་ཚོགས་ཁག་ཅིག་གིས། པ་ཀི་སི་ཐན་གཞུང་ལ་ངོ་རྒོལ་བྱས་ནས་རྒྱ་གར་རྒྱལ་ཁོངས་སྡོད་རྒྱུ་ཡིན་པའི་འབོད་ཚིག་སྒྲོག་བཞིན་ཡོད་སྟབས། མ་འོངས་པར་རྒྱ་གར་དང་པ་ཀི་སི་ཐན་བར་རྩོད་ཉོག་ཉུང་དུ་འགྲོ་སྲིད་པ་ཞིག་རེད་ཅེས་བརྗོད་འདུག

 

ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༡ ནང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་རུ། ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་བརྒྱད་ཀྱི་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་ཐེངས་ ༡༨ པ་མ་ཚོགས་གོང་། པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་ཀྱིས། མ་འོངས་པར་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འབྲེལ་ལམ་དེ་གང་འདྲ་ཞིག་ཆགས་མིན་གྱི་སྤོ་ལོ་དེ་རྒྱ་གར་གྱི་རྩེད་རྭའི་ནང་ཡོད་སྟབས། རྒྱ་གར་གྱིས་རྩེད་མོ་གང་འདྲ་རྩེད་མིན་ལ་རག་ལུས་པ་བརྗོད་ཡོད། ཉེ་ལམ་པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་སློབ་སྟོན་པ་བར་གྱི་གྲོས་མོལ་ཕྱིར་བསྡུ་བྱས་ཡོད་པ་མ་ཟད། ནེའུ་ཡོག་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་སྐབས་དང་མ་འཚོགས་གོང་། རྒྱ་གར་སྲིད་བློན་དང་ཐུག་འཕྲད་མ་བྱས་པའི་གནས་ཚུལ་བྱུང་ཡོད།

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese