མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་གི་སང་ཉིན།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

———སྐད་ཡིག་ནི་མི་རིགས་ཤིག་གི་བསམ་བློའི་གཞུང་རྟ་དང་བླ་སྲོག་གི་རྟེན་ཕུར་ཡིན།

(2015/10/4) རྫ་ཚེ་རིང་བཀྲ་ཤིས།

 

 

སངས་རྒྱས་ལ་ཕྱག་འཚལ་ལོ།། སྐད་ཡིག་གིས་རིག་གནས་མཐའ་དག་གི་གཞི་འཛིན་པ་ཡིན།
ལར་སྐད་ནི་ཡིེ་གེ་ལས་སྔ་བར་མ་ཟད། དེས་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་།
བཟང་ངན་བདེ་སྡུག་གི་ཚོར་བ་དང་འཛིན་སྟངས་སོགས་མཚོན་པར་བྱེད།
ཡི་གེ་ནི་སྐད་ཀྱི་རམ་འདེགས་མཁན་ལྟ་བུ་ཡིན་ཞིང་།
བརྡ་རྟགས་ཀྱི་མཚོན་བྱེད་སྤྱད་དེ་སྔར་ལས་གཏིང་ཟབ་པོས་བྱ་དངོས་འབྲེལ་བརྗོད་བྱེད་པ་དང་།
མངོན་འདོད་དང་ཚོར་བ་མཚོན་པར་བྱེད།

 

 

རིགས་པའི་གཞུང་ལུགས་ནི་ཉམས་མྱོང་རིམ་བསགས་ཀྱི་སྡོམ་ཚིག་ལྟ་བུ་ཞིག་ཡིན་ཞིང་།
འཚོ་བ་དང་ལག་ལེན་ལས་བྱུང་བའི་གལ་ཆེའི་རིག་གཞུང་དང་ལེགས་བྱང་དེ་དག་མི་ཚོས་ཡི་གེར་བཀོད་ཅིང་།
མུ་མཐུད་དབྱེ་ཞིབ་བྱས་པའི་རྨང་གཞི་དང་ལག་ལེན་ལས་འཐུས་སྒོ་ཚང་ཞིང་རྙོགས་འཛིངས་ཆེ་བའི་མིའི་རིགས་ཀྱི་ཤེས་རིག་གི་དྲ་བ་འདི་གྲུབ་པ་རེད།

 

 

ད་ཆ་ང་ཚོས་ཤེས་རིག་འདིའི་འཕེལ་རིམ་དང་སྨིན་ཚད་ལས་ཡར་ཐོན་དང་རྗེས་ལུས་འཇོག་གིན་ཡོད་ལ།
བླུན་རྨོངས་དང་མཁས་པ་ཞེས་སུ་དགར་བཞིན་ཡོད། ད་དུང་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི།
དེ་ལྟ་བུའི་ཤེས་ཡོན་དེ་ཉིད་མིའི་ཚོགས་སྡེ་འདིའི་དངོས་ཡོད་ཀྱི་སྟོབས་ཤུགས་དང་།
རིན་ཐང་ཡོངས་རྫོགས་ཀྱི་ལྟེ་བ་ཆགས་ཟིན།

 

 

སྔར་ཡོད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱེད་དགོས་ནའང་འདྲ།
གསར་དར་གྱི་རིག་གནས་གོང་འཕེལ་གཏོང་དགོས་ནའང་འདྲ།
གཞན་རིགས་ཀྱི་རིག་གནས་ནང་འདྲེན་བྱེད་དགོས་ནའང་འདྲ།
མེད་ཐབས་མེད་པའི་གཞི་རྩའི་ཆ་རྐྱེན་ནི་འཐུས་སྒོ་ཚང་བའི་སྐད་ཡིག་གི་མ་ལག་ཡིན་ཞིང་།
དེ་ལ་སྐད་ཡིག་རང་སྟེང་ན་ཡོད་པའི་ལེགས་ཆ་ལས་གཞན།
སྐད་ཡིག་དེ་ཉིད་འཚོ་བ་དངོས་ཀྱི་ཁྱབ་ཁོངས་སུ་གཏིང་ཟབ་པོས་འཛུལ་ཟིན་པ་དང་།
ཉིད་དང་ཚེ་སྲོག་གཞི་རྩའི་ལྟེ་ཐག་གཅིག་གིས་སྦྲེལ་བའི་བེད་སྤྱོད་གཏོང་མཁན་གྱི་མི་རིགས་ཤིག་དགོས། སྐད་ཡིག་གང་ཡིན་ཡང་དེ་ཉིད་རང་གི་ཐུན་མོང་མིན་པའི་སྐྱེ་འཚར་གྱི་ཁོར་ཡུག་ཅིག་གི་བསྐྱེད་འབྲས་ཡིན་ཞིང་།
ཁོར་ཡུག་དེ་དང་འཚེ་མ་སྲོག་གཅིག་གི་འབྲེལ་བ་ཞིག་གྲུབ་སྟེ་ཡོད།

 

 

ལོ་ཙཱ་བ་མང་པོ་ཞིག་གིས་སྐབས་མང་པོ་ཞིག་ཏུ། ཅི་ཙམ་གཏིང་ཟབ་པའི་ཚོར་བ་དང་།
འཚོ་བའི་ཐུན་མིན་གྱི་ཟབ་སར་སྙོགས་པའི་དམངས་ཁྲོད་ཀྱིགཏམ་བརྗོད་དང་སྙན་ཚིག་སོགས་བསྒྱུར་དཀའ་བར་ཡོང་བའང་།
ངས་བལྟས་ན་སྐད་ཆ་དེ་རིགས་སྐད་ཡིག་དེ་དང་མཉམ་སྐྱེས་མཉམ་འཚར་གྱི་འབྲེལ་བ་ཁྱད་པར་ཅན་ཞིག་ཡོད་ངེས་པ་དེ་ཡིན་ཞིང་།
དེ་ནི་སྐད་ཡིག་བྱེ་བྲག་པ་དང་རིག་གཞུང་བྱེ་བྲག་པའི་བར་གྱི་ཁྱད་པར་གྱི་འབྲེལ་བ་གྲུབ་སྟངས་དངོས་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
དེ་ལ་སྐད་ཆ་གཞན་གྱིས་ཚབ་བྱེད་པ་ནི་སྐྱེ་ཁམས་བར་གྱི་འགལ་ཟླ་བཞིན་དཀའ་རྙོགས་ཀྱི་གཞི་རྩ་་གསར་པ་བཟོ་མཁན་ཡིན།

 
འབྲེལ་བ་འདིས་བལྟས་ན།
རིག་གནས་ཞིག་གི་གཏིང་ཟབ་ས་དེ་སྐད་ཡིག་ཅིག་གི་གཏིང་ཟབ་ས་ན་ཡོད་ཅིང་།
སྐད་ཡིག་ཅིག་གི་གཏིང་ཟབ་ས་དེ་མི་རིགས་ཤིག་གི་འཚོ་བའི་གཏིང་ཟབ་ས་ན་འཚོ་བ་ལས་གཞན་པའི་ལམ་ཁ་ཞིག་མེད་པ་དེ་རེད།

 

 

བཤད་སྟངས་གཞན་ཞིག་བྱས་ན།

མི་ཞིག་གིས་རང་གི་ཕ་མེས་ཀྱི་སྐད་ཡིག་ཡག་པོ་ཞིག་མ་ཤེས་ན།
རང་གི་མེས་པོ་དག་གི་ཤུལ་བཞག་གི་རིག་གནས་ལ་ངོས་འཛིན་ལེགས་པོ་ཞིག་ཐོབ་མི་སྲིད་ལ།
གཏིང་ཟབ་པོའི་ཤེས་རྟོགས་ནི་དེ་བས་ཀྱང་མི་སྲིད། དེ་མི་སྲིད་ན།
བརྒྱུད་འཛིན་དང་དར་སྤེལ་ནི་དེ་ལས་ཀྱང་ཡོང་ཐབས་མེད་པ་ཞིག་རེད། གནས་སྟངས་ཤིན་ཏུ་མང་པོ་ཞིག་གི་ཐོག་ནས་སྐད་ཆ་འདི་ཚོ་བཟང་ཕྱོགས་སུ་ཁ་བསྒྱུར་རྒྱུ་ནི་དཀའ་ཚེགས་ཅན་ཞིག་རེད།

 

 

མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་ལུག་རྫི་རྒད་པོའི་ཀུ་སྒྲ་ཞེས་པའི་ཕྱག་དེབ་ཏུ་ཞིབ་ཚགས་པོས་གླེང་སློང་གནང་བ་ལྟར།
ད་ལྟའི་དུས་འདིར་གོ་ལ་འདིའི་སྒང་གི་སྐད་ཡིག་མང་པོ་ཞིག་གིས་ཁྲོམ་རའི་དགོས་མཁོ་བསྐོང་མི་ཐུབ་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་ཧ་ཅང་མང་པོ་ཞིག་གིས་འཚོ་གནས་ཉེན་ཁ་ཅན་དུ་གྱུར་ཡོད།
བོད་ཀྱི་སྐད་ཡིག་ལ་མཚོན་ན་ཡང་།
ཕ་སྐད་དང་མ་ཡིག་གི་ངོ་བོས་བེད་སྤྱོད་གཏོང་མཁན་བོད་མི་བྱིངས་དང་ཧི་མ་ལ་ཡའི་རི་ཁུལ་ཕལ་མོ་ཆེ།
ཆོས་ལུགས་གཅིག་པའི་སློབ་སྦྱང་གི་མ་ལག་ཏུ་བེད་སྤྱོད་བྱེད་མཁན་སོག་པོའི་ནང་པ་སོགས་དང་།
ཞིབ་འཇུག་རྣམ་གྲངས་ཀྱི་ལག་ཆར་བེད་སྤྱོད་བྱེད་མཁན་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་ཀྱི་མཐོ་སློབ་དང་མི་སྒེར་ལྟ་བུ་ངེས་ཅན་ཞིག་ཡོད་མོད།
དོན་གྱི་ཆ་ལ་རྒྱ་དབྱིན་གྱི་ཡི་གེ་ཤེས་མཁན་མང་དུ་ཕྱིན་པ་དང་སྤྱོད་གོ་ཆེ་རུ་ཕྱིན་པས་བོད་མི་ཡིན་ཡང་རང་གི་སྐད་ཡིག་ལ་དོ་སྣང་ཉམས་པ་དང་།
མི་རིགས་གཞན་དག་གིས་ཀྱང་བོད་ཀྱི་རིག་གནས་དང་ནང་ཆོས་སོགས་ཀྱི་སློབ་སྦྱོང་ཆེད་བོད་ཡིག་སློབ་
སྦྱོང་དགོས་པའི་ལྟ་ཚུལ་ལ་འགྱུར་བ་འགྲོ་ངེས་ཡིན་པ།
སྤྱི་ཚོགས་ཁ་འཐོར་གྱི་རྣམ་པ་དང་མཉམ་འདྲེས་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་པས་སྐད་ཡིག་གི་ཁོར་ཡུག་ལ་དོ་ཕོག་ཆེན་པོ་འགྲོ་བཞིན་པ་སོགས་ཀྱི་དཀའ་ངལ་མང་དག་ཅིག་གིས་ང་ཚོའི་སྐད་ཡིག་གི་མདུན་ལམ་ནི་སྤྲོ་བ་འདྲེན་པ་ཞིག་མ་རེད།

 

 

འོན་ཀྱང་། བོད་ཀྱི་རིག་གཞུང་གི་བླ་ན་མེད་པའི་མཛེས་སྡུག་དང་།
ཕུན་སུམ་ཚོགས་པའི་རིན་ཐང་། ད་དུང་བོད་ཡིག་རང་སྟེང་གི་ལེགས་ཆ་དང་།
བརྡ་འཕྲིན་མ་ལག་གི་བཟང་ཕྱོགས་ཀྱི་མཐུན་སྦྱོར།
ཁྱད་པར་ང་ཚོ་བོད་པ་དག་གི་བྱ་སྤྱོད་ཀྱི་ཐོག་ནས་མངོན་པའི་སེམས་ཤུགས་དང་འགུལ་བསྐྱོད་མང་པོ་ཞིག་ཡོང་དང་ཡོང་བཞིན་པ་དག་གིས་ང་ཚོར་མུ་མཐུད་རེ་བ་ཡོད་པ་མཚོན་གྱིན་ཡོད་ཅིང་།
ང་ཚོས་ཀྱང་མི་རེ་ངོ་རེ་ནས་མི་རིགས་གི་འཚོ་གནས་དང་། སྐད་ཡིག་གི་འཚོ་གནས།
རིག་གཞུང་གི་འཚོ་གནས་བཅས་ཀྱི་འཚེ་མ་སྲོག་བཅིག་ལྟ་བུའི་འབྲེལ་བ་ངོས་ཟིན་པར་བྱས་ཏེ།
སྔར་ལས་ལྷག་པའི་འབད་པ་ཆེན་པོས་སྒོ་ཧ་ཅང་མང་པོ་ནས་རིན་བྲལ་གྱི་ནོར་བུ་ལྟ་བུའི་སྐད་ཡིག་འདི་མུ་མཐུད་མི་རིགས་འདིའི་བསམ་བློའི་གཞུང་རྟ་དང་བླ་སྲོག་གི་རྟེན་ཕུར་དུ་གནས་རྒྱུར་ཁེག་ཐག་བྱ་རྒྱུའི་ཆོད་སེམས་མ་ཉམས་པ་དགོས།

 

 

འོན་ཀྱང་།
ཆེས་གལ་ཆེ་བ་ཞིག་ནི་འབོད་ཚིག་འདི་དག་མི་རེ་ངོ་རེ་ནས་རང་སྟེང་ནས་མངོན་གྱུར་བྱེད་པ་དང་།
ལག་ལེན་དངོས་ཀྱིས་ངོན་གྱུར་བྱེད་པ།
ཡོངས་ཁྱབ་རང་བཞིན་གྱིས་མངོན་གྱུར་བྱེད་པ་སྟེ།
མངོན་གྱུར་བྱེད་པ་གསུམ་གྱི་ཆེད་འབད་བརྩོན་ཆེན་པོ་བྱ་དགོས་སོ།།

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

སྐར་མ ༣༣ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

མཆན། 1

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 11 སྔོན།

    བཀྲ་ཤིས་བདེ་ལེགས། སྐུ་ཉིད་ཀྱི་རྩོམ་ཡིག་འདི་ང་ཚོ་སྐད་ཡིག་རྒྱུན་འཛིན་ཚོགས་པའི་འདོན་ཐེངས་རྗེས་མའི་གསར་ཤོག་ཏུ་འགོད་ན་འཐུས་སམ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese