མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མོ་ཞིག་ལ་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་དེ་རྒྱ་ནག་གི་གསོ་རིག་ཚན་རིག་པ་བུད་མེད་ཞིག་དང་ཨ་རི་དང་ཉི་ཧོང་གི་སྨན་རྫས་རིག་པ་བ་གཉིས་བཅས་མི་གསུམ་ལ་ཐོབ་ཡོད་འདུག

8b4ce176-3d86-4d5d-ac19-bffb51fbb0bc-2060x1369ཁ་སང་སུད་ཌན་གྱི་གསོ་རིག་ཞིབ་འཇུག་བསྟི་གནས (Sweden’s Karolinska Institute) ཁང་གིས་འདི་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་དེ། རྒྱ་རིགས་སྲོལ་རྒྱུན་གསོ་རིག་ཚན་རིག་པ་ལྕམ་ཏོ་ཡའུ་ཡའུ་ (Tu Youyou) ལགས་དང་། ཨ་རིའི་སྨན་དཔྱད་ཚན་རིག་པ་ཝུ་ལེམ་ཁཱམ་བྷལ་(William Campbell) དང་ཉི་ཧོང་གི་སྨན་རྫས་རིག་པ་བ་སཱ་ཌོ་ཤི་ཨོ་མུ་ར་(Satoshi Omura) ལགས་བཅས་སུ་ཐོབ་ཡོད་པ་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ སྟེ་ནོ་བྷེལ་གཟེངས་རྟགས་སྲོལ་གཏོད་པ་ཨལ་ཕེཌ་ནོ་བྷེལ་ (Alfred Nobel) མཆོག་སྐུ་གཤེགས་པའི་དུས་དྲན་དང་བསྟུན་ཏེ། སུད་ཌན་རྒྱལ་ས་སི་ཌོག་ཧོམ་ (Stockholm) དུ་གཟེངས་རྟགས་འབུལ་བའི་མཛད་སྒོ་འཚོགས་ཏེ། གཟེངས་བསྟོད་ཕྱག་ཁྱེར་དང་མཉམ་དུ་ཨ་སྒོར་ ༩༥༠༠༠༠ ཡི་གཟེངས་བསྟོད་བྱ་དགའ་གནང་རྒྱུ་ཡིན་འདུག

ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ། ལོ་ན་ ༨༥ ཡིན་པའི་རྒྱ་རིགས་གསོ་རིག་ཚན་རིག་པ་ལྕམ་ཏོ་ཡའུ་ཡའུ་ལགས་ཀྱིས། འདས་པའི་ལོ་མང་རིང་དུག་སྦྲང་གི་ཚད་རིམས་(malaria) ལ་བརྟག་དཔྱད་བྱས་ཏེ། གནའ་དེང་ཟུང་འབྲེལ་གྱི་བརྟག་ཐབས་འདྲ་མིན་ཚོད་ལྟ་བྱས་རྗེས། དུག་སྦྲང་གི་ཚད་རིམས་སྔོན་འགོག་ཐུབ་པའི་རྒྱ་ནག་གི་སྲོལ་རྒྱུན་སྨན་ཨར་ཌི་མི་སི་ཎན་ (Artemisinin Therapy) ཞེས་པ་ཞིག་གསར་བཟོ་བྱས་ཏེ། ནད་པ་མང་པོ་ཞིག་གི་སྲོག་བསྐྱབས་པ་དང་སྲོག་ཉེན་ལས་ཐར་པའི་བྱས་རྗེས་བཞག་ཡོད་སྟབས། ཁོང་མོར་འདི་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཀྱི་བྱ་དགའི་མ་དངུལ་ཕྱེད་ཀ་སྤྲོད་རྒྱུ་ཡིན་པ་མ་ཟད། རྒྱ་རིགས་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཐོབ་མཁན་ཆེས་ཐོག་མ་དེ་ཡང་ཆགས་ཡོད། ཅེས་དང་། ཝུ་ལེམ་ཁཱམ་བྷལ་ལགས་དང་སཱ་ཌོ་ཤི་ཨོ་མུ་ར་(Satoshi Omura) ལགས་གཉིས་ཐུན་མོང་གིས། གཙང་ཚུ་ལས་ཡོང་བའི་སྲིན་འབུ་ (roundworm) ཞེས་པའི་ནད་འབུ་ནག་པོ་ (Blackflies) ཞེས་པ་ཞིག་སྐྱེད་སྲིང་བྱས་ཏེ། འབུ་དེས་མི་ལ་སོ་བརྒྱབ་ནས་ཟ་འཕྲུག་ལང་བ་དང་པགས་ནད་ན་བ། མིག་ནད་སོགས་བྱུང་སྟེ། ཨ་ཧྥི་རི་ཁ་གཙོས་རྒྱལ་ཁབ་ཁག་གི་མི་མང་ས་ཡ་མང་པོའི་མིག་ལོང་བ་དང་ནད་རྟགས་འདྲ་མིན་ཐོན་ནས་འདས་གྲོངས་སུ་ཕྱིན་ཡོད་སྟབས། ཁོང་རྣམ་གཉིས་ཀྱིས་མཉམ་འབྲེལ་ཐོག་སྔོན་འགོག་སྨན་ (Avermectin Therapy) གསར་གཏོད་བྱས་ཏེ། མི་མང་པོའི་ཚེ་སྲོག་བསྐྱབས་ཡོད་སྟབས། ནོ་བྷེལ་གཟེངས་རྟགས་ཐོབ་ཡོད་པ་རེད། ཅེས་བརྗོད་འདུག

ནོ་བྷེལ་གཟེངས་རྟགས་ཀྱི་གསར་འགོད་གསལ་བསྒྲགས་ནང་། གསར་རྙེད་བྱུང་བའི་སྨན་རིགས་འདི་གཉིས་ཀྱིས་ལོ་རེར་འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་ས་ཡ་མང་པོ་འཕྲོག་མཁན་གྱི་ནད་རིགས་གཉིས་སྔོན་འགོག་ཐུབ་ཡོད་པ་མ་ཟད། མིའི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་དང་སྡུག་བསྔལ་ཚད་ལས་འདས་པ་འཇོམས་ཐུབ་ཡོད། ཅེས་དང་། ཡང་ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་མི་ཧན་སི་ཧྥོར་སི་བྷག་ (Hans Forssberg) ལགས་ཀྱིས། ད་ཐེངས་སྨན་རྫས་རིག་པ་བ་མཁས་ཅན་གསུམ་གྱིས་རྒྱལ་སྤྱིའི་རྒྱལ་ཁབ་ ༡༠༠ ལྷག་གི་མང་ཚོགས་དུང་ཕྱུར་ ༣།༤ ཙམ་ལ་གནོད་སྐྱོན་བཟོ་མཁན་གྱི་ནད་རིགས་འཇོམས་ཐུབ་པའི་སྨན་གསར་བཟོ་བྱས་པ་དེས། འགྲོ་བ་མིའི་རིགས་དང་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་ཐང་ལ་ཕན་ཐོགས་ཆེན་པོ་བསྐྲུན་ཡོད། ཅེས་བརྗོད་འདུག

ཨ་རིའི་གསོ་རིག་ཚན་རིག་པ་ཝུ་ལེམ་ཁཱམ་བྷལ་(William Campbell) ལགས་ནི་ཕྱི་ལོ་ ༡༩༣༠ ལོར་ཨར་ལན་ཌི་རལ་མན་ཌོན་ནང་སྐྱེས་ཏེ། དམའ་རིམ་སློབ་གྲྭ་ཐོན་རྗེས་ཌུབ་ལིང་གཙུག་ལག་སློབ་ཁང་(Dublin) གི་ཁྱབ་ཁོངས་ཌུར་ཎི་ཌི་ (Trinity College) མཐོ་སློབ་ཏུ་རིག་གནས་རབ་འབྱམས་པ་དང་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཡོད་འདུག ཕྱི་ལོ་ ༡༩༥༢ ནས་ ༡༩༥༧ ལོའི་བར་ཨ་རིའི་ཝུ་སི་ཁུན་སན་ (University of Wisconsin) གཙུག་ལག་སློབ་ཆེན་ནང་ཞུགས་ནས་འབུམ་རམས་པ་ཐོན། ཕྱི་ལོ་ ༡༩༥༧ ནས་ ༡༩༩༠ ལོ་བར་མཱར་ཁཱེ་སྨན་བཅོས་བརྟག་ཐབས་ཞིབ་འཇུག་བསྟི་གནས་ཁང་ (Merck Institute for Therapeutic Research) དུ་ཕྱག་ལས་གནང་ཡོད་པ་དང་། སྐབས་དེར་བསྟི་གནས་ཁང་གི་ཚན་རིག་པ་རྒན་གྲས་དང་ཨད་སི་ཉམས་ཞིབ་དང་འཕེལ་རྒྱས་ (Assay Research and Development) ཁང་གི་འགན་འཛིན་གནང་ཡོད་པ་དང་། ད་ལྟ་ཁོང་གིས་ཨ་རིའི་ཌི་རུ་གཙུག་ལག་སློབ་ཆེན་ (Drew University) གྱི་ཉམས་ཞིབ་པའི་ལས་འགན་ཁུར་བཞིན་ཡོད་འདུག

ཉི་ཧོང་གི་སྨན་རྫས་རིག་པ་བ་སཱ་ཌོ་ཤི་ཨོ་མུ་ར་(Satoshi Omura) ལགས་ནི། ཕྱི་ལོ་ ༡༩༣༥ ལོར་ཉི་ཧོང་གི་ཡཱ་མཱ་ཎཱ་ཤི་ས་ཁུལ་དུ་སྐྱེས་ཡོད་པ་དང་། ཕྱི་ལོ་ ༡༩༦༨ ལོར་རྒྱལ་ས་ཀྲོག་ཁྱོག་གི་གཙུག་ལག་སློབ་ཆེན་ནང་ཞུགས་ཏེ། ཕྱི་ལོ་ ༡༩༧༠ ལོར་སྨན་སྦྱོར་རིག་པའི་ཐོག་འབུམ་རམས་པའི་ཡོན་ཚད་བླངས་ཡོད་འདུག ཕྱི་ལོ་ ༡༩༦༥ ནས་ ༡༩༧༡ ལོའི་བར་ཉི་ཧོང་གི་ཀི་ཌ་སཱ་ཌོ་བསྟི་གནས་ཁང་ (Kitasato Institute) གི་ཉམས་ཞིབ་པ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༧༥ ནས་ ༢༠༠༧ ལོའི་བར་ཀི་ཌ་སཱ་ཌོ་བསྟི་གནས་ཁང་གི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་ཡོད་འདུག ད་ལྟ་ཁོང་ཨི་མེ་རེ་ཌ་སི་ (Emeritus) ནང་རྟེན་གཞི་བྱས་པའི་ཀི་ཌ་སཱ་ཌོ་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཡིན་འདུག

རྒྱ་རིགས་གསོ་རིག་ཚན་རིག་པ་ལྕམ་ཏོ་ཡའུ་ཡའུ་ (Tu Youyou) ལགས་ནི། ཕྱི་ལོ་ ༡༩༣༠ ལོར་རྒྱ་ནག་ནང་སྐྱེས་ཤིང་། ཕྱི་ལོ་ ༡༩༥༥ ལོར་པེ་ཅིང་གསོ་རིག་སློབ་ཆེན་གྱི་སྨན་སྦྱོར་ཚན་ཁག་ནས་སློབ་སྦྱོང་ཐོན་རྗེས། ཕྱི་ལོ་ ༡༩༦༥ ནས་ ༡༩༧༨ ལོའི་བར་རྒྱ་ནག་གི་སྲོལ་རྒྱུན་གསོ་རིག་སློབ་ཆེན་གྱི་སློབ་དཔོན་གཞོན་པ་དང་། ཕྱི་ལོ་ ༡༩༧༩ ནས་ ༡༩༨༤ ལོའི་བར་གསོ་རིག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་དང་། ཕྱི་ལོ་ ༡༩༨༥ ལོར་སློབ་ཆེན་དེའི་སློབ་དཔོན་ཆེན་མོའི་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་ ༢༠༠༠ ལོ་ནས་ད་བར་རྒྱ་ནག་གི་སྲོལ་རྒྱུན་གསོ་རིག་སློབ་ཆེན་གྱི་གཙོ་གནད་དགེ་རྒན་དང་ཚན་རིག་པ་གཅིག་ལྕོགས་ཀྱི་འགན་ཁུར་བཞིན་ཡོད་འདུག

ཁ་སང་རྒྱ་རིགས་གསོ་རིག་ཚན་རིག་པ་ལྕམ་ཏོ་ཡའུ་ཡའུ་ལགས་སུ་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཐོབ་ཡོད་པ་ཕྱིར་བསྒྲགས་བྱས་རྗེས། ཁོ་མོས་ཆན་ཅིང་དགོང་དྲོའི་གསར་འགྱུར་(Qianjiang Evening News) བརྒྱུད་གཟེངས་རྟགས་འདི་ནི་རྒྱ་རིགས་ཚན་རིག་པ་ཡོངས་ཀྱི་བྱས་རྗེས་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་དང་། ཧོང་ཀོང་བྷེབ་ཌི་སི་ཌི་གཙུག་ལག་སློབ་ཆེན་ (Baptist University) གྱི་དགེ་ཆེ་ལུ་ཨེ་ཕིང་ (Lu Aiping) གིས། གཟེངས་རྟགས་འདིས་རྒྱ་ནག་གི་སྲོལ་རྒྱུན་གསོ་རིག་ལ་ཆེ་མཐོང་ངོས་འཛིན་ཐོབ་པ་མ་ཟད། མ་འོངས་པར་འདིས་རྒྱལ་སྤྱིའི་ཐོག་རྒྱ་སྨན་གྱི་གཟི་བརྗིད་སྦར་རྒྱུ་ཉག་ཅིག་རེད། ཅེས་བརྗོད་འདུག

དེ་རིང་འདི་ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་ཐོབ་མཁན་ཉི་ཧོང་གི་སྨན་རྫས་རིག་པ་བ་སཱ་ཌོ་ཤི་ཨོ་མུ་ར་ལགས་ཀྱིས། ཕྲན་ལ་གཟེངས་རྟགས་འདི་ཐོབ་པ་ནི་ཚན་རིག་པ་མང་པོ་ཞིག་གིས་ལོ་མང་དཀའ་ལས་བརྒྱབ་པ་ལས་བྱུང་བ་ཞིག་ཡིན་སྟབས། ཁོང་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ (Juleen Zierath) ལགས་ཀྱིས། ཕྱི་ལོ་ ༡༩༨༥ ལོར་ཨལ་ཕེཌ་ནོ་བྷེལ་ (Alfred Nobel) མཆོག་སྐུ་གཤེགས་རྗེས། ཁོང་གི་ཤུལ་བཞག་ལས་རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་རིགས་ལ་ཕུལ་བྱུང་ལེགས་སྐྱེས་ཕུལ་མཁན་ཚོར་ནོ་བྷེལ་གཟེངས་རྟགས་ཞེས་པ་ཞིག་གསར་གཏོད་གནང་བ་ནས་བཟུང་། ད་བར་གཟེངས་རྟགས་ ༥༠ ལྷག་སྤྲད་ཡོད་སྟབས། འདི་ལོ་ང་ཚོས་འགྲོ་བ་མིའི་རིགས་ཀྱི་ནད་རིགས་ཁག་ཅིག་སྔོན་འགོག་བྱེད་པར་ལེགས་སྐྱེས་ཕུལ་མཁན་གསུམ་ལ་ནོ་བྷེལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུ་ཐག་གཅོད་བྱས་པ་ནི། གཟི་བརྗིད་ཅིག་ཆགས་ཡོད་པ་མ་ཟད། མ་འོངས་པར་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་དང་བདེ་ཐང་འཕེལ་ཏེ། དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བདེ་འཁོད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་རྒྱུ་ཡིན་སྟབས། ཨལ་ཕེཌ་ནོ་བྷེལ་མཆོག་ཐུགས་སྤྲོ་པོ་ཡོང་གི་རེད། ཅེས་བརྗོད་འདུག

ཕྱི་ལོ་ ༡༩༠༡ ལོར་ནོ་བྷེལ་གཟེངས་རྟགས་ཐོག་མ་དེ་སྤྲད་ཡོད་པ་དང་། བདུན་ཕྲག་འདིའི་ནང་ ༢༠༡༥ ལོའི་ནོ་བྷེལ་དངོས་ཁམས་རིག་པ་དང་། རྫས་འགྱུར་རིག་པ། རྩོམ་རིག ཞི་བདེའི་གཟེངས་རྟགས་བཅས་འབུལ་ལམ་ཞུ་རྒྱུ་ཡིན་པ་མ་ཟད། ཟླ་འདིའི་ཚེས་ ༡༢ ཉིན་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་འབུལ་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༡༤ ལོའི་ནོ་བྷེལ་སྨན་རྫས་གཟེངས་རྟགས་དེ་ཨ་རིའི་ཀླད་རྩའི་ཚན་རིག་པ་ཇོན་ཨོ་ཁེ་ཧྥེ་ (John O’Keefe) ལགས་དང་། ནོར་ཝེའི་ཀླད་རྩའི་ཚན་རིག་པ་ལྕམ་བྷེར་ཌི་མོ་སར་ (May-Britt Moser) དང་ཁོ་མོའི་བཟའ་ཟླ་ཨེ་ཌི་ཝར་ཌི་མོ་སར་ (Edvard Moser) ལགས་བཅས་ལ་ཐོབ་ཡོད་ཅིང་། ཁོ་ཚོས་མིག་ཤེས་ཀྱི་རིག་པའི་གནས་ཚུལ་དག་ཀླད་པས་གསོག་ཉར་བྱེད་པར་བཀོད་སྒྲིག་བྱེད་མཁན་གྱི་ཀླད་རྩའི་མ་ལག་གི་ཕྱོགས་སྟོན་ས་ཁྲ་ (Inner GPS) ཞེས་པ་ཞིག་གསར་རྙེད་བྱུང་བ་དེར་སྤྲད་པ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༢ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese