མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོལ་མ་སྐྱབས་ལཊ་བཙོན་གྲོལ་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་བོད་ཀྱི་ཆབ་སྲིད་བཙོན་པ་རྒྱལ་གཅེས་དཔའ་བོ་སྒྲོལ་མ་སྐྱབས་ལགས་བཙོན་གྲོལ་བཏང་ཡོད་འདུག

 

unnamedཨ་རིག་འགྱུར་མེད་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་ ༨ ཉིན་གྱི་སྔ་དྲོར་རྒྱའི་བཙོན་འོག་ཏུ་ལོ་ངོ་ ༡༠ ལྷག་རིང་མནར་གཅོད་མྱངས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་རྒྱལ་གཅེས་དཔའ་བོ་སྒྲོལ་མ་སྐྱབས་ལགས་ལྷ་སའི་ཆུ་ཤུར་བཙོན་ཁང་ནས་ཀློད་གྲོལ་བཏང་སྟེ། ལྷ་ས་ཉེན་རྟོག་པས་ཟི་ལིང་བར་བསྐྱལ་ཡོད་པ་དང་། ཟི་ལིང་ནས་མདོ་ལ་རྫོང་ཉེན་རྟོག་པར་རྩིས་སྤྲད་དེ་མདང་དགོང་མཚན་མོར་ནང་དུ་བསྐྱལ་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་འདུག

 

 

གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་སྟེ། ད་ལྟའི་རྒྱ་གཞུང་གིས་ས་ཁོངས་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་ཨ་རིག་སྡེ་བའི་སློབ་ཆུང་དང་། རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར་པ་དང་། རྗེས་སུ་པེ་ཅིན་སློབ་ཆེན་དུ་ཞུགས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་སློབ་གཉེར་གནང་ཡོད་པ་རེད། ཕྱི་ལོ་ ༢༠༠༣ ལོར་རྒྱ་གར་ལ་བཙོན་བྱོལ་ཏུ་ཕེབས་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་སྦྱོང་ཞོར་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་བརྩམས་གནང་ཡོད་ལ། ཕྱི་ལོ་ ༢༠༠༤  ལོར་ཕྱིར་བོད་ནང་དུ་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཏེ།  ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཏང་བའི་ཉེས་མིང་གཡོགས་ཏེ། གསང་བའི་ཐོག་ནས་ཁོང་ལ་ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོའི་ཟླ་ ༧ པའི་ནང་ཁོང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་བཙོན་ཁང་དུ་གནས་སྤོ་བྱས་ཡོད་འདུག

 

 

11059897_1072430482768409_7513067829864847265_nཕྱི་ལོ་ ༢༠༠༩ ལོར་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་(Hellman/Hammett) ཕུལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༢ ལོར་རྒྱའི་རང་དབང་སྨྱུག་ཚོགས་ཀྱི་རྒྱུན་ལས་མཐུན་ཚོགས་ཀྱིས་བོད་རིགས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་དང་། དཀོན་མཆོག་ཚེ་བྷེ། གངས་སྐྱེས་སྒྲུབ་པ་སྐྱབས། དེ་བཞིན། རྒྱ་རིགས་རྩོམ་པ་པོ་ཁྲིན་ཞི་དང་ཀོ་ཀྲི་ཧྲིན། རའོ་ཝུན་ཝེ། ལིས་པིས་ཧྥིན་བཅས་འཕྲལ་དུ་བཙོན་གྲོལ་དགོས་པའི་རྩོམ་པ་པོ་གཙོ་བོའི་གྲས་སུ་དམིགས་སུ་བཏོན་ཏེ་རྒྱལ་སྤྱིའི་སྨྱུག་ཚོགས་ལ་སྙན་གསེང་ཞུས་ཡོད་པ་ལྟར། ལོ་དེར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས། བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཕུལ་ཡོད་པ་རེད།

 

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་༼བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག༽ཞེས་པའི་ནང་དུ། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་འཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་བྲིས་ཡོད་པ་རེད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 11 སྔོན།

    ཨ་རིག་བུ་ངོ་མ་མྱི་ཟེར་ནོ་རེད་གཏམ་བཟང་འདི་འདྲ་ཁྱབ་བསྒྲགས་གནང་བ་དགའ་བ་འབུམ་གྱི་གང་སོང་ཐུགས་རྗེ།  གཏམ་བཟང་རེད་རྒྱལ་གཅེས་པ་ཁོང་གིས་སྙིང་སྟོབས་ལ་ཡིད་རིང་ཡོད་པར་མ་ཟད་གོང་གིས་ལྷང་འཇགས་མེད་པའི་ཧི་མ་ལ་ཡ་ཞེས་པ་བྲིས་རྩོམ་དེ་རིན་ཐང་ལྡན་པ་ཞིག་ཡིན་གང་ལྟར་ཁོང་ནད་མེད་ཚེ་རིང་ངང་འབྱོར་བ་རྟེན་འབྲེལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese