མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་བློ་བཟང་སེང་གེར་ཕུལ་བའི་དྲི་བ་གཅིག

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། འཇམ་དབྱངས་དོན་གྲུབ།

 

ཟླ་འདིའི་ཚེས་དགུ་ཉིན་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྔར་རྒྱུན་བཞིན་ཞལ་ནུབ་ལ་གཟིགས་ནས་ཨ་རིར་ཕེབས་པ་དང་། ཨ་རིའི་གྲོང་ཁྱེར་ཉེའུ་ཡོག་ཏུ་ཕེབས་ནས་ཆུ་ཚོད་གསུམ་ཏག་ཏག་གི་རྗེས་སུ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་གྱི་བཅར་འདྲི་དང་ལེན་གནང་ཞིང་། བཅར་འདྲིའི་ནང་དོན་གཙོ་བོ་ནི་སྲིད་སྐྱོང་གི་ཞབས་བཀྱག་མཐོ་པོ་འདིའི་སྒང་དུ་བཞུགས་ནས་ལོ་ངོ་ཧྲིལ་པོ་བཞི་ཕྱིན་པའི་ནང་གྲུབ་འབྲས་གང་ཞིག་ཐོན་ཡོད་མེད་དང་། མ་འོངས་༢༠༡༦ལོའི་སྲིད་སྐྱོང་གི་འོས་མིར་སླར་ཡང་བཞེངས་དགོས་པའི་དགོས་དམིགས་སྐོར་ལ་ཡིན། སྲིད་སྐྱོང་མཆོག་གིས་འདས་པའི་ལོ་ངོ་ཧྲིལ་པོ་བཞིའི་ནང་གི་གྲུབ་འབྲས་ཆེ་ཤོས་ནི་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་སྔར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ལྷིང་འཇགས་བྱུང་བ་དེ་རེད་ཅེས་བཀའ་གནང་ཞིང་། དེ་ཡང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེན་པོ་འགྲོ་བའི་སྐབས་ལ་འཛམ་གླིང་ཤར་ནུབ་གང་སར་གནས་པའི་རྒྱལ་ཁབ་མང་ཆེ་བའི་ནང་རྙོག་དྲ་དང་འགལ་འདུ་མང་པོ་ཡོང་གི་ཡོད་ཀྱང་ང་ཚོའི་སྤྱི་ཚོགས་ནང་ཞོ་ལྟར་ལྷིང་འཇགས་ངང་གནས་ཐུབ་པ་བྱུང་ཡོད་པ་མ་ཟད། ད་དུང་བོད་མིའི་སྤྱི་ཚོགས་ནང་སྔར་ལས་ཀྱང་འཆམ་མཐུན་དང་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་སྐོར་གསུངས། དོན་དངོས་ཐོག་བོད་ཕྱི་ནང་གཉིས་ཀར་ཞོ་ལྟར་ལྷིང་འཇགས་སེ་གནས་པའི་སྤྱི་ཚོགས་འདི་འུར་ཟིང་ཆེ་རི་ཕྱིན་ཡོད་ལ། རྙོག་དྲ་དང་འགལ་ཟླ་ཆར་རྗེས་ཀྱི་མྱུ་གུ་བཞིན་ལོ་རེ་ནས་ལོ་རེར་འཕེལ་བཞིན་ཡོད་པ་མིག་མཐོང་ལག་ཟིན་ཡིན། བོད་ནང་ལ་མཚོན་ན་ཡང་རང་ལུས་མེར་བསྲེགས་གཏོང་གནང་མཁན་ག་ཚོད་བྱུང་ཡོད་པ་འོན་པ་ཞིག་ཡིན་ཡང་གོ་ཚོད་དང་ཞར་བ་ཞིག་ཡིན་ཡང་མཐོང་ཚོད་རེད། དེ་བཞིན་བཙན་བྱོལ་ནང་ལ་ཡང་དབུ་མའི་ལམ་དང་རང་བཙན་རྩོད་མཁན་ཚོའི་དབར་མེ་དང་སྤུ་ཐུག་པ་ནང་བཞིན་འགལ་ཟླ་རིམ་པར་བྱུང་ཡོད་ལ། ཇོ་ནང་ཆོས་བརྒྱུད་ཀྱི་རྩོད་རྙོག་དང་གྲོས་ཚོགས་ར་བའི་ནང་འཁྲུག་རྩོད་བྱུང་སྟེ་ཞབས་འདྲེན་གང་འདྲ་ཞུས་ཡོད་མེད། ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཉེན་ཁ་ག་རེ་འཕྲད་ཡོད་མེད་སོགས་རྟ་མོག་གི་སྤུ་བཞིན་མང་ཞིང་རྫོབ་པས་འདིར་ཚང་མ་བརྗོད་འདོད་མེད་ལ་བདག་གི་བཤད་བྱ་ཡང་མིན་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱའོ།

 

ད་རེས་འདིར་ཁོ་བོས་གལ་ཆེན་དོན་ཆེན་དུ་གླེང་བར་བྱ་བའི་གཞི་གཙོ་བོ་ནི། སྐབས་དེར་ཀུན་གླེང་ལེ་ཚན་གྱི་བཅར་འདྲི་གནང་མཁན་པ་སངས་དབྱངས་སྐྱིད་ལགས་ཀྱིས་མཐའ་དོན་དེར་སྲིད་སྐྱོང་མཆོག་ལ་མི་མང་འོས་འཕེན་མཁན་ཚོ་ལ་མ་འོངས་པར་དམིགས་བསལ་ཕྱག་ལས་འདི་དང་འདི་གནང་ཐུབ་ས་རེད་ཅེས་དམ་བཅའ་དང་ཁས་ལེན་ག་རེ་གནང་ཡག་ཡོད་དམ་ཞེས་བཅའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས།༼ངས་དཀའ་ལས་ཧུར་ཐག་འབད་ཐག་བརྒྱབ་པ་ཡིན། བློ་བཟང་སེང་གེས་དཀའ་ལས་བརྒྱབ་མ་སོང་ཟེར་ཡག་དེ་ཕལ་ཆེར་མི་སུ་ཞིག་གིས་ཀྱང་ལབ་མི་ཐུབ་པ་རེད། ངས་ལོ་བཞིའི་རིང་གཞིས་ཆགས་ཡོངས་རྫོགས་ལ་ཕྱིན་པ་ཡིན། སློབ་གྲྭ་ཡོངས་རྫོགས་ལ་ཕྱིན་པ་ཡིན། རྒན་གསོ་ཁང་མང་ཆེ་བ་དང་དགོན་སྡེ་མང་ཆེ་བར་ཕྱིན་པ་ཡིན།༽ཞེས་སྤོབས་པ་དང་གདེང་ཚོད་ཆེན་པོའི་སྒོ་ནས་གསུངས་སོང་། མི་མང་གིས་ཡིད་ཆེས་ཆེན་པོས་འོས་ཤོག་བླུགས་ཏེ་སྲིད་སྐྱོང་གི་ཁྲི་ལ་བསྐོས་ཤིང་། སྡོང་པོ་འགུལ་སྡོད་མེད་ཀྱང་རླུང་བུས་མི་འཇོག་ཅེས་པའི་དཔེ་བཞིན། མི་མང་གི་དབུ་ལ་བཞུགས་པའི་མི་ཆེན་དཔོན་ཆེན་ཞིག་གིས་ཞལ་དང་ཤངས་གཉིས་ཀྱི་དབར་དེ་ལྟ་བུའི་རྫུན་གཏན་ཆེན་པོ་དེ་འདྲ་གསུང་དགོས་དོན་ཅི་ཡིན་ནམ་སྙམ་ཏེ་ལམ་སེང་རྩོམ་ཡིག་འདི་འབྲི་བའི་འདུན་པ་ངམ་ངམ་ཤུགས་ཀྱིས་སྐྱེས་བྱུང་། བློ་བཟང་སེང་གེས་བཀའ་བློན་ཁྲི་པར་མ་བཞེངས་སྔོན་ལ་མི་མང་ནས་འོས་སློང་སྐབས། ཝཱ་རཱ་ཎ་སཱི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནི་༧གོང་ས་མཆོག་གིས་ཐུགས་རེ་ཆེན་པོ་གནང་སའི་ཤེས་ཡོན་གྱི་བསྟི་གནས་གཙོ་བོ་ཞིག་ཡིན་ཞིང་། བོད་ཕྱི་ནང་གཉིས་ནང་སྒང་པ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གཞུང་དང་ལེགས་བྱང་ཁག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་སའི་སློབ་ཆེན་ཞིག་ཡིན་པས་གལ་ཆེན་པོ་ཞིག་ལ་བརྩི་ཡི་ཡོད་པས། གཙུག་ལག་སློབ་གཉེར་ཁང་དེར་སློབ་གཉེར་བྱེད་བཞིན་པའི་སློབ་མ་རྣམས་ཀྱི་འཚོ་དོད་ཆེད་ལོ་ལྟར་བློ་བཟང་སེང་གེ་རང་ངོས་ནས་ཧིན་སྒོར་ཁྲི་འགའ་ཤས་གནང་གི་ཡོད་པ་དང་། མ་འོངས་པར་ཡང་གནང་འཆར་ཡོད་པའི་གཏམ་སྦྲང་རྩི་ལས་སྙན་པ་ཞིག་ས་ཕྱོགས་གར་སར་གསུངས་མྱོང་བ་རེད། འོན་ཀྱང་གུས་པ་རང་ཉིད་སློབ་ཆེན་འདིར་སླེབས་ནས་ལོ་ངོ་ཧྲིལ་པོ་དྲུག་ཙམ་ཕྱིན་སོང་ཡང་སློབ་གཉེར་བ་ཚོའི་ཞལ་ལག་ཡར་རྒྱས་དང་འཚོ་དོད་ཆེད་སྲིད་སྐྱོང་མཆོག་ནས་སྒོར་གཅིག་གནང་བ་གོ་མྱོང་ཡང་མེད་ལ། དངོས་ཡོད་གནས་ཚུལ་ལ་ཡང་དེ་དེ་བཞིན་ཡིན་པ་ཚང་མས་མཁྱེན་གསལ་ཡིན།   དེ་ལས་ཀྱང་རྫབ་ཆེ་བ་ཞིག་ལ་བློ་བཟང་སེང་གེ་སྲིད་སྐྱོང་གི་ཁྲི་ལ་ཕེབས་ནས་ལོ་ངོ་བཞི་ལྷག་འདས་ཟིན་ཅིང་། ལོ་ངོ་འདི་དག་རིང་སྟོབས་ཆེན་རྒྱལ་ཁབ་ཨ་རིས་གཙོས་འཛམ་གླིང་ཤར་ནུབ་གང་སར་ཞབས་ཟུང་གི་རེ་ཁ་མངོན་པར་འཁོད་ཀྱང་གནས་མཆོག་ཝཱ་རཱ་ཎ་སཱིར་གནས་བཅའ་བའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་འདིར་ཐེངས་གཅིག་ཀྱང་མ་ཕེབས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། སྲིད་སྐྱོང་མཆོག་གིས་སློབ་གྲྭ་ཡོད་ཚད་ལ་ཕེབས་པ་ཡིན་ཞེས་གསུངས་པས་འོ་ན་གཙུག་ལག་སློབ་གཉེར་ཁང་འདི་སློབ་གྲྭ་ཞིག་ལ་བརྩི་ཡི་མེད་དམ། ཡང་ན་ངེད་སློབ་ཆེན་གྱི་འཛིན་སྐྱོང་གྱི་དབུ་ལ་བཞུགས་པ་ཚོས་གདན་འདྲེན་ཞུས་མེད་པ་རེད་དམ། ཡང་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྟག་ཏུ་ཕེབས་རྐྱང་གནང་བས་བཙན་བྱོལ་ནང་སློབ་གྲྭ་འདི་འདྲ་ཞིག་ཡོད་པ་ཐུགས་ཀྱི་གཏིང་ནས་དྲན་པ་སྐྱུད་པ་ཡིན་ནམ། དྲི་བ་འདི་དག་ལ་ཅིས་ཀྱང་ལན་འདེབས་གསལ་པོ་ཞིག་གནང་རོགས་ཞེས་ཞུ་འདོད་བྱུང་།

 

སྐད་ཆ་དྲང་མོ་བཤད་ན། གཙུག་ལག་སློབ་གཉེར་ཁང་འདི་ནི་༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འོག་གསར་བཙུགས་གནང་བ་དང་། སློབ་དཔོན་ཆེན་པོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་ལོ་ངོ་ཧྲིལ་པོ་སུམ་ཅུ་དང་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ལོ་ངོ་བཅོ་ལྔའི་རིང་སྐུ་ངལ་ཚད་མེད་བསྐྱོན་ནས་ཕྱི་ནང་སྣོད་བཅུད་གཉིས་ཀ་ཕུན་སུམ་ཚོགས་པའི་དག་ཞིང་ཞིག་གི་ཚད་དུ་བསྐྱལ་ཡོད་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་མཁན་གྱི་ཚོགས་སྡེ་གལ་ཆེན་ཞིག་ཆགས་ཡོད་པ་མ་ཟད། ལྷག་པར་དུ་བོད་ཀྱི་ནང་ཆོས་གཙོ་བོར་གྱུར་བའི་རིག་གཞུང་དང་རིག་གནས་ཀུན་གྱི་མ་ཕྱིར་གྱུར་བའི་རྒྱ་གར་གྱི་གནའ་བོའི་སྐད་ཡིག་ལ་སློབ་སྦྱོང་བྱེད་སའི་ཤེས་རིག་གི་བསྟི་གནས་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཨ་རིའི་ཧྭ་ཧྤུ་གཙུག་ལག་སློབ་ཆེན་གྱིས་ཨ་རིའི་འཇོན་ནུས་ཅན་གྱི་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་བསྐྱེད་སྲིང་བྱས་དང་བྱེད་མུས་བཞིན། རྒྱ་གར་གྱི་གནའ་བོའི་གྲོང་ཁྱེར་ཀྭ་ཤིར་གཞིས་ཆགས་པའི་འགྲོ་བ་མིའི་བཟོ་གྲྭ་ཆེན་པོ་འདི་ནས་ཀྱང་ད་བར་མཁས་བཙུན་བཟང་གསུམ་གྱི་མི་སྣ་མང་པོ་ཞིག་བསྐྱེད་བསྲིངས་བྱས་ཡོད་པ་སྲིད་སྐྱོང་མཆོག་གིས་ཀྱང་མཁྱེན་ཚོད་ཡིན་ངེས། སྲིད་སྐྱོང་མཆོག་གིས་ནམ་རྒྱུན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཞེས་ཨ་མ་རྒན་མོའི་ཞལ་ནས་མ་ཎི་བགྲང་བ་བཞིན་གསུང་གནང་ཡང་། སྲིད་སྐྱོང་གི་ལས་ཡུན་ལོ་ངོ་ལྔ་རྫོགས་ལ་ཉེ་ཡང་ད་བར་སློབ་གླིང་འདིའི་ཐེམ་པ་ཙམ་ཡང་མི་བརྒལ་བ་དེ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་མ་རེད་དམ།

 

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༥ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 8

  1. བཀྲ་ཤིས་ཚེ་རིང་། says:
    ལོ་ 11 སྔོན།

    ངས་དེ་བཞིན་མཐོང་གིན་འདུག

    Reply
  2. བརྩོན་རྒྱམ། says:
    ལོ་ 11 སྔོན།

    འཇམ་དབྱངས་དོན་གྲུབ་ལགས་ཀྱིས་རྩོམ་ཡིག་འདི་ལ་ལྟས་ཙང་གནས་ལུགས་གང་ཙམ་འདུག་བསམ་པ་ཞིག་འདུག་རྒྱུ་མཚན་གང་ཡིན་ཟེར་ན་སྲིད་སྐྱོང་ལགས་ཀྱི་ལྷངས་འཇག་གསུང་བ་འདིའི་དོན་ངོས་གང་ཞིག་ལྷངས་འཇག་བྱུང་བ་ལ་དངོས་འཛིན་གནང་གི་ཡོད་བོད་མིའི་སྒྲིག་འཛུགས་ལ་ཆ་བཞག་ན་ལས་བྱེད་ཚོས་རྩ་དགོངས་ཞུ་མཁན་ག་ཚོད་བྱུང་འདུག་གཞུང་ཞབས་ཚོས་འདོད་བློ་མ་གང་བར་རྒྱུན་དུ་གནས་ལུགས་དང་རྒྱུ་མཚན་བཤད་བཞིན་ཡོད་པ་ཐོས་ཡོད་དམ།  མ་ཟད་རྩ་དགོངས་འདི་འདྲ་མང་པོ་ཞིག་གཞུང་ཞབས་ནང་ཡོང་དགོས་པ་གང་རེད།  དེ་ཚོ་ཐུགས་བསམ་གཏོང་དགོས་པ་རེད།  སྦྱི་འཐུས་ཐང་གཉིས་ཙམ་ལ་ཚོགས་མ་ཐུབ་པས་གནས་སྟངས་བྱུང་བ་རེད་འདི་ཡང་ལྷངས་འཇག་ལ་རྩི་བཞིན་ཡོད་དམ། ༸གོང་ས་མཆོག་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས་དོལ་ཚོགས་ཀྱི་སྐད་འབོད་ངོ་རྒོལ་གང་འདྲ་བྱེད་ཀྱིན་འདུག་འདི་ལྷངས་འཇག་ཡིན་ནམ།  མགོ་རིལ་སྣ་བའི་མི་ཚོལ་ཁ་བྱས་ན་དགེ་མཚན་ཞིག་མཐོང་མ་སོང་ཞེས་བརྗོད་འདོད་བྱུང་།

    Reply
  3. ངག་དབང་ says:
    ལོ་ 11 སྔོན།

    ༄༄། སྲིད་སྐྱོང་ལ་ཝཎ་མཐོ་སློབ་ནས་ཕེབས་རོག་ཞེས་ཞུ་མྱོང་ཡོད་དམ།

    Reply
  4. བོད་ཐད says:
    ལོ་ 11 སྔོན།

    ༼འཚོ་དོད་ཆེད་སྲིད་སྐྱོང་མཆོག་ནས་སྒོར་གཅིག་གནང་བ་གོ་མྱོང་ཡང་མེད་ལ། ༽
    ཁོ་རང་ལ་དངུལ ་དགོ་བ་འད྄་ ཨཁ་ཁག་མེད

    Reply
  5. བློ་གསལ། says:
    ལོ་ 11 སྔོན།

    དུས་རྒྱུན་ཡིན་ན་ཝར་ཎ་མཐོ་སློབ་གྱི་སློབ་མར་གདེངས་འཇོག་གང་ཙམ་ཡོད། ད་རེས་ལྷིང་འཇགས་ཞེས་པའི་ཚིག་འབྲུ་ཆུང་ངུ་འདིའི་དོན་མ་གཏོག་དུས་སྙིང་རླུང་སྟེང་ནས་འཚང་ཡོང་གི ལོ་ངོ་བཞི་རྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ལམ་ལུགས་ཧོབ་དེ་མེད་པ་གྱུར་ནས་ལམ་སྲོལ་གསར་པ་ཞིག་ལ་བསྐྱོད་དགོས་དུས། བོད་མི་ཚོར་སེམས་ཚབས་དང་ཞེད་སྣང་ཡོད་པ་གསལ་བོ་རེད་པ། དེ་ལྟ་བུའི་ཞེད་སྣང་དང་དངངས་སྐྲག་གི་གནས་ལ་གྱར་ནས་དཀའ་ལས་ཉིས་རྩགས་ཆགས་སྐབས། དེ་གང་ལ་གང་ཙམ་གྱི་”ལྷིང་འཇགས་” སུ་གཏོང་མཁན་དེ་སྲིད་སྐྱོང་དང་པོ་མ་ཡིན་ནམ། མ་གཞི་ནས་ཝར་ཎ་བོད་ཀྱི་མཐོ་ཁང་གི་དབུ་འཛིན་སྲིད་སྐྱོང་མ་རེད་པ། ཁ་ལག་མ་འགྲིགས་ན་འཛིན་སྐྱོང་ལ་ཡར་ཞུ་གནང་། བོད་ཀྱི་སྲིད་སྐྱོང་ལ་ཁ་ལག་སྤྲད་ཀྱིན་མི་འདུག་ལབ་ན་ལན་པོ་འདྲ་ཨེ་འདུག་གམ། ལྷག་དོན་བོད་ཀྱི་སྲིད་སྐྱོང་བོད་མི་ཡོངས་རྫོགས་ཀྱི་ལས་འགན་བཞེད་གནང་གི་ཡོད་ཙང་ཁྱེད་ཀྱི་ཁ་ལག་ལ་ཐུགས་བསམ་བཞེད་རིན་འདྲ་ཨེ་ཡོད་ན།

    Reply
  6. ལྷུན་གྲུབ། says:
    ལོ་ 11 སྔོན།

    འཇམ་དབྱངས་ལགས་ཀྱིས་དངོས་ཡོད་གནས་ཚུལ་་བཤད་དུས། ཆ་འཇིན་གཡམ་རྒྱུགས་ཅན་གྱི་ཆ་མེད་རྒྱུས་མེད་འགས། གནའ་སྔ་མོའི་དཔེ་ལྟར་”ངས་མེས་པོས་ཟེར་གྱི་འདུག་”ཅེས་་པ་དེ་ཅི་བས་བློ་ལ་མི་འབབ་པ་ཞིག་ཡིན། སྲིད་སྐྱོང་གིས་་གཞུང་འཛིན་པའི་རིང་། སློབ་གླིང་དེར་རྒྱུན་ཆགས་ནས་་ཐུགས་ཁུར་གནང་མེད་པ་་སྨྲོས་ཅི་དགོས། མདོར་ན་ཕྱི་མིག་ཞིག་ཀྱང་འཕངས་མྱོང་མེད་ཟེར་ནའང་ཆོག་པ་ཡིན། དེ་ལ་བརྟེན་ནས། བོད་ཕྲུག་མང་པོ་ཞིག་སེམས་ཤུགས་ཆག་གིན་ཡོད་པ་མཐོང་ཆོས་མྱོང་གསལ་ཡིན། མང་པོ་མི་བཤད། སྲིད་སྐྱོང་གིས་དངུལ་གྱི་རོགས་སྐྱོར་གནང་ཟེར་བ་དེ་རྫུན་གྱི་ནང་ནས་་རྫུན་ཆེན་ཡིན།

    Reply
  7. སྤོབས་པ། says:
    ལོ་ 11 སྔོན།

    ཁྱེད་ཀྱི་གསུངས་སྟངས་དེ་འདྲ་རང་ཨ་ཡིན་སྙམ། ཁོང་པ་ལོ་བཞི་རིང་ལ་མང་ཚོགས་ནས་འགན་གང་ཕུལ་བ་གནང་སོང་བ་ཐེ་འཚོམ་བྱ་མི་རུང་། སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིས་ཁོང་ལ་སྲིད་སྐྱོང་གི་འགན་མ་ཕུལ་གོང་ཝར་ཎ་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་པའི་ཟས་དོད་ལ་ཕེན་པའི་རོགས་དངུལ་ལོ་ལྟར་དང་ད་དུང་ཡང་མུ་མཐུད་ནས་རྒྱ་སྒོར་༣༠༠༠༠ ནས་༤༠༠༠༠ བར་གནང་མུར་ཡིན་པ་ད་ཁྱེད་ཀྱིས་ཟས་གད་སྙིགས་སྐྱག་པར་འགྱུར་ཟིན་པ་གར་སོང་ཆ་མ་རྟོགས་པ་ལྟ་བུ་དེ་ལ་ རྒྱགས་པའི་ཁ་ནས་བཙོག་དྲི་ཞེས་པ་ལྟར་གནང་རྒྱུ་མི་རུང་།

    Reply
  8. བསོད་ནམས། says:
    ལོ་ 11 སྔོན།

    ཝ་ཎ་སློབ་གྲའི་འགྲོ་སོང་རྒྱ་གར་གཞུང་ནས་གཏོང་གི་ཡོད་མ་རེད་པས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese