མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་འོས་ཤོག་གི་སྐད་ཆ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

 

                          རྔ་བ་མེ་རོ།

ད་སྐབས་རྒྱལ་སྤྱིའི་ནང་ཁ་འཐོར་དུ་གནས་པའི་བོད་རིགས་ཚོས། རྒྱ་གར་ནང་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཕྱི་མ་གདམ་རྒྱུའི་ཐད་ལ་གྲོས་བསྡུར་གནང་བཞིན་པའི་སྒང་ཡིན། སྲིད་སྐྱོང་སྔོན་མའི་བྱུས་འཆར་གྱི་རྩ་དོན་བཞིའི་རྗེས་སུ་འབྲང་ནས། རང་ཉིད་ཀྱིས་ཀྱང་ཐོབ་ཐང་ལྟར་རྒྱབ་སྐྱོར་བྱས་ཡོད། ད་ཐེངས་ངས་རང་ཉིད་ཀྱི་འདོད་འདུན་སྔོན་དུ་བསྒྲགས་ནས། ངའི་འདོད་འདུན་སྒྲུབ་ཐུབ་མཁན་ཞིག་ལ་འོས་ཤོག་ལྡུག་ན་འདོད། གལ་ཏེ་ངའི་འདོད་འདུན་སྒྲུབ་ཐུབ་པའི་སྐྱེས་བུ་ཞིག་མེད་ཚེ། ངས་རང་གི་འོག་ཤོག་གཅིག་པུ་སུའང་ལ་ལྡུག་རྒྱུ་མིན། རྒྱུ་མཚན་ངས་ཡང་བསྐྱར་གནོང་འགྱོད་ཅིག་འཁུར་འདོད།

 

ངའི་འདོད་འདུན་ནི་རང་ཉིད་ཀྱི་སྲིད་གཞུང་ཉམས་རྒུད་ནས་སྐྱོབ་ཆེད་ཡིན། ངའི་སྲིད་གཞུང་ཐོག་མར་མང་གཙོ་ཀ་བ་གསུམ་ལྡན་ལ་ཆོས་སྲིད་ཟུང་འབྲེལ་གྱི་ཁྱད་ཆོད་ཡོད་པའི་ཐོག་༧གོང་མཆོག་གིས་གསར་འཛུགས་གནང་འདུག ཡང་དག་པའི་སྲིད་གཞུང་འདི་ད་སྐབས་ཉམས་རྒུད་ནས་ཉམས་རྒུད་ཡིན་པ་ལས་ཡར་རྒྱས་ཀྱི་རྣམ་པའི་ཆ་ཙམ་ཡང་མ་མཐོང་། གནད་དོན་དེ་བཀའ་སྤྱི་གང་གིས་ཀྱང་རྟོག་ཞིབ་ཀྱི་ལམ་ནས་སྔོག་འདོན་མ་བྱས་པར་ལྷག་ཡོད། ཉེན་ཁ་འདི་ལས་བསྐྱབ་པའི་ཐད་ལ་མི་བུ་སྐོར་ཞིག་གིས། ཤེས་ཡོན་གྱིས་འཚར་ལོངས་འབྱུང་རྒྱུའི་མ་འོངས་པའི་མི་རབས་གསར་བར་རེ་བ་བཅངས་ཡོད། ཁོང་ཚོའི་རེ་ལྟས་ཆེ་བའི་མི་རབས་གསར་བ་ལ་ལོ་ངོ་ཉི་ཤུ་ནས་ལྔ་བཅུའི་བར་ཐག་ཡོད། ངས་བསམ་ན་ལོ་ལྔ་བཅུའི་རྗེས་ནས་ངའི་སྲིད་གཞུང་གི་ཚེ་ཚད་རྫོགས་པའི་སྐབས་ཤིག་རེད་སྙམ། སྐབས་དེར་སུས་ཀྱང་བསྐྱབ་མི་ཐུབ། ད་སྐབས་སྐྱོབ་ན་སྐྱོབ་དུས་ཡིན་ལ། འདི་སྐྱོབ་མཁན་ནི་སྲིད་སྐྱོང་ལྟ་བུའི་མི་བུ་གཅིག་དང་། སྤྱི་འཐུས་ལྟ་བའི་མི་མང་ཁ་རྙོག་ཅན་ཚོ་མིན། འདི་སྐྱོབ་མཁན་ནི་རྒྱལ་སྤྱིའི་ཤེས་ཡོན་པའི་སྡིངས་ཆའི་ཐོག་བསླེབས་ཟིན་པའི་མི་རབས་ཤིག་ཡིན། མི་རབས་དེ་ནི་ད་ནས་བརྩིས་པའི་ལོ་ལྔ་བཅུའི་སྔོན་གྱི་མི་རབས་གསར་བ་དེ་རེད། མི་རབས་དེ་བཙན་བྱོལ་གཞུང་གིས་སྐྱེད་སྲིང་འོག་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན། མི་རབས་དེ་ད་སྐབས་གང་དུ་ཡོད་དམ། མི་རབས་དེ་ནི་བཙན་བྱོལ་གཞུང་གིས་སྐྱེད་སྲིང་བྱས་ཀྱང་། བཙན་བྱོལ་གཞུང་གིས་བོར་བརླག་སོང་བའི་མི་རབས་ཤིག་རེད། གསལ་བོར་བཤད་ན། བཙན་བྱོལ་གཞུང་གིས་དུས་ནམ་ཞིག་གི་ལོར། ཆེད་སྦྱོང་སློབ་མ་ཕྱི་ཡུལ་དུ་བཏང་ནས་ད་ལྟའི་བར་ལོ་ཅི་ཙམ་ལོན་ཡོད། ཆབ་དཔལ་རིག་གསུམ་གྱིས་བསྡུས་པའི་ཚད་མཐོའི་འབུམ་རམས་པའི་ལག་ཁྱེར་བླངས་ཡོད་པའི་མི་སྣ་ཅི་ཙམ་ཡོད། ཁོང་ཚོ་ཅིའི་ཕྱིར་རང་ཉིད་ཀྱི་སྲིད་གཞུང་ནང་མཉམ་ཞུགས་མ་གནང་བ་ཡིན། རྒྱུ་མཚན་ཅི་ཞིག་ལ་བཙན་བྱོལ་གཞུང་གིས་ཁོང་ཚོའི་ལས་གནས་དང་མཐུན་པའི་སྡིངས་ཆ་ཞིག་མ་བསྐྲུན་པ་རེད། མི་རབས་དེས་ཕྱི་ཡུལ་ནས་རང་ཉིད་ཀྱི་ཁྱིམ་ཚང་སྐྱོང་གིན་ཡོད་དམ། ཡང་ན་རང་མི་རིགས་ཀྱི་བདེ་མཐའི་སླད་དུ་ལས་དོན་སྒྲུབ་བཞིན་ཡོད། གལ་ཏེ་མི་རབས་དེས་ཕྱི་ཡུལ་གང་སྐྱིད་གང་བདེ་ནས་མི་ཚེ་སྐྱེལ་བཞིན་ཡོད་ན། ༧གོང་ས་མཆོག་གི་རྩ་བའི་དགོངས་གཞི་ལ་ལྡོག་ཕྱོགས་ཀྱི་འབྲས་བུར་གྱུར་འདུག

 

ང་ཚོ་ལ་ང་ཚོའི་ལོ་རྒྱུས་ཀྱིས་བཤད་ན། ང་ཚོ་ནི་རང་མི་རིགས་ཀྱི་བདེ་མཐའ་རྩོད་ཆེད་བཙན་བྱོལ་དུ་ཡོང་བ་ཡིན་ཟེར། ང་ཚོའི་གནས་སྟངས་ཀྱིས་ང་ཚོར་བསྟན་དོན་ལྟར་ན། ང་ཚོ་བཙན་བྱོལ་དུ་མི་ཚེ་སྐྱེལ་རྒྱུའི་ཆེད་དུ་ཡོང་བ་འདྲ། དོན་དངོས་ང་ཚོའི་དཀའ་སྡུག་གིས་བསགས་པའི་སྟོབས་ཤུགས་ཀྱིས་མི་ཚེ་སྐྱེལ་བཞིན་ཡོད་དམ། ཡང་ན་མི་རིགས་ཀྱི་བདེ་མཐའ་རྩོད་བཞིན་ཡོད། སྤྱིར་སློབ་གྲྭ་ནི་སྤྱི་ཚོགས་བཟོ་བྱེད་ཀྱི་བཟོ་གྲྭ་ཞིག་རེད། བཟོ་གྲྭ་དེ་ལས་ཐོན་པའི་ཐོན་དངོས་ཆེས་བཟང་ཤོས་བོར་བརླག་ཏུ་སོང་ན་དོ་བདག་ལ་ཁེ་གྱོང་ཅི་ཙམ་ཡོད་དམ།

 

ངས་སང་ལོའི་བཀའ་སྤྱི་གང་ཡིན་པའི་འོས་མི་གསར་བ་ལ། བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་རེ་བ་རྒྱག་རྒྱུ་ཕར་བཞག མཐའ་ན་བཙན་བྱོལ་གཞུང་མང་གཉིས་ཀྱི་དཀའ་ངལ་ཙམ་ཡང་སེལ་ཐུབ་རྒྱུ་རེད་བསམ་གྱི་མེད། རྒྱུ་མཚན་དཔེར་འཇོག་གིས་བཤད། ངའི་གློག་ཀླད་འདི་ཆེས་བཟང་བའི་བཟོ་གྲྭ་ལས་ཐོན་པའི་འཕྲུལ་ཆས་ཡག་ཤོས་ཤིག་ཡིན། འོན་ཀྱང་གློག་ཀླད་ནང་དྲ་འབུ་མང་སོང་བས་མ་ལག་ཡོངས་ཀྱི་དུག་འབུ་བསལ་མི་ཐུབ་པའི་གནས་སུ་ལྷག་ཡོད། གློག་ཀླད་ནང་ལ་མ་ལག་གསར་བ་རེ་བསྐྱར་བརྗེ་ཐུབ་ན། ད་གཟོད་གཞི་ནས་ངའི་དཀའ་ངལ་སེལ་ཐུབ་ལ། ངས་ལས་དོན་ཡང་བསྒྲུབ་ཐུབ། ངས་ནུས་སྟོབས་ཀྱང་འདོན་ཐུབ།

 

ངའི་འདོད་འདུན་ངོ་མ་དེ། གཞུང་ངོས་ནས་ཕྱི་ཡུལ་དུ་མངགས་པའི་ཤེས་ཡོན་གྱིས་འཚར་ལོངས་བྱུང་བའི་མི་སྣ་གང་ཡོད། ཕྱིར་རང་གཞུང་ནང་མཉམ་ཞུགས་བྱ་རྒྱུ་དེ་ཡིན། མི་སྣ་འདི་དག་ལ་ངའི་སྲིད་གཞུང་ཉམས་རྒུད་ནས་སྐྱོབ་ཐུབ་པའི་རེ་བ་ཡོད། རྒྱུ་མཚན་དེས་ཕྱིར། ངས་འོས་ཤོག་ལྡུག་འདོད་པའི་འོས་མི་དེས། ཕྱི་ཡུལ་དུ་མངགས་པའི་མི་སྣ་དེ་དག་ནང་འགུག་བྱེད་ཨེ་ཐུབ། ཁོང་ཚོའི་ཆེད་སྦྱོང་དང་མཐུན་པའི་ལས་གནས་སྤྲོད་ཨེ་ཐུབ། དེ་ངའི་འོས་ཤོག་གིས་འོས་མི་ལ་བཤད་པའི་སྐད་ཆ་ཡིན།

 

ད་དུང་ངའི་མ་འོངས་སྲིད་སྐྱོང་ལགས། ཁྱེད་དང་ང་གཉིས་ཐེ་བའི་ང་ཚོ་བཙན་བྱོལ་གཞུང་མང་གཉིས་ཀྱི་ནང་ཁུལ་ལ། གཟི་བརྗིད་མེད་ཀྱང་གཟི་བརྗིད་ངོམ་རྒྱུར་དགའ། ང་ཚོའི་དགའ་ཕྱོགས་དེའི་ཐོག་ནས་བལྟས་ན། ངའི་སྲིད་གཞུང་འདི་ཡར་རྒྱས་དང་གོང་འཕེལ་ཡིན། ང་ཚོའི་གཞུང་མང་གཉིས་དོན་དངོས་བཤད་རྒྱུར་མི་དགའ། བདེན་དོན་རྒྱབ་བླངས་དང་། དགེ་སྐྱོན་དབྱེ་འབྱེད་ཀྱིས་གཞུང་གི་སྲིད་བྱུས་ཡོ་བསྲང་བྱེད་ཐབས་ལ་མི་དགའ། ངས་ང་ཚོ་ཆེས་མི་དགའ་བའི་ཕྱོགས་ནས་ཅུང་ཙམ་བཤད།

 

ང་ཚོའི་སྲིད་གཞུང་གི་སྒྲོམ་གཞིའི་ནང་། ཆོས་ལུགས་གྲུབ་མཐའ་གོང་འཕེལ་གཏོང་ཐབས་ཀྱི་ལྷན་ཁང་ཡོད་ལ་ལས་གནས་ཡོད། ལས་ཁུངས་མང་། རྩོད་རྙོག་ཆེ་བའི་ཆོས་རྒྱུད་ཁག་གི་དཀའ་ངལ་ད་དུང་སེལ་མེད། ཤེས་ཡོན་སྲིད་བྱུས་དར་སྤེལ་གཏོང་ཐབས་ཀྱི་ལྷན་ཁང་ཡོད། ལས་གནས་ཡོད། ལས་ཁུངས་མང་། མཐའ་ན་བརྡ་སྤྲོད་ཐོག་གི་དཀའ་གནད་ཙམ་གསེད་འགྲོལ་དང་། བཀས་བཅད་ཀྱི་ལམ་ནས་གཏན་འབེབས་བྱས་ཐུབ་མེད། འཕྲོད་བསྟེན་བྱེད་སྒོའི་ཐད་ལྷན་ཁང་ཡོད་ལ་ལས་གནས་ཡོད། ལས་ཁུངས་མང་། སྨན་ཁང་ཡོད། ཛ་དྲག་གི་ནད་གཞི་མྱུར་སྐྱོབ་ཐུབ་པའི་སྨན་ཁང་མེད་སྨན་པ་མེད། དཔལ་འབྱོར་འཚོལ་སྒྲུབ་བྱེད་ཐབས་ཀྱི་ལྷན་ཁང་ཡོད། ལས་ཁུངས་མང་། ལས་གནས་ཡོད། མང་ཚོགས་ཀྱི་འཚོ་བ་དཀའ་ཁག་ཅན་ཡིན་པར་མ་ཟད། གཞུང་ཞབས་པའི་ཟླ་ཕོག་གིས་ཀྱང་རང་ཉིད་ཀྱི་ཁྱིམ་ཚང་སྐྱོང་ཐུབ་མིན་ཙམ་རེད། ད་ང་ཚོས་ནང་ཁུལ་ལ་གཟི་བརྗིད་ངོམ་ནས་འདུག་གམ། ཡང་ན་དོན་དངོས་བསྡུར་ནས་རྒྱལ་སྐྱོབ་འབངས་སྐྱོབ་ཀྱི་བྱེད་ཐབས་འཚོལ།

 

མང་ཚོགས་ཀྱི་ཚབ་མཚོན་ཐུབ་པའི་སྤྱི་འཐུས་གསར་བ་ལགས། དགྲ་ཕྱོགས་ལ་ས་ཚུགས་ཀྱིས་དབང་དུ་བྱས་ན། ང་ཚོས་ནང་ཁུལ་ལ་དཔའ་ངོམ་བྱེད་བཞིན། ཆོལ་ཁ་དང་ཆོས་ལུགས་བར་གྱི་རྒྱལ་ཕམ་རྩོད་ནས་བསྡད་ན་འགྲིག རྒྱུ་མཚན། མདུན་ཕྱོགས་སུ་རྒྱ་གར་དང་བལ་ཡུལ་གྱིས་བཅད་འདུག རྒྱབ་ཕྱོགས་སུ་རི་བོ་ཧི་མ་ལ་ཡའི་བྲག་ལྗོངས་བརྗིད་པས་ཡུལ་འདི་བཙན་ས་ཞིག་རེད། འོན་ཀྱང་། དགྲ་ཟླའི་སྟོབས་ཤུགས་ཀྱིས་འཛམ་གླིང་དབང་སྒྱུར་བྱེད་ཕྱོགས་ནས་བཤད་ན། ང་ཚོས་ནང་ཁུལ་ལ་དཔའ་ངོམ་བྱེད་དུས་མིན། རྒྱའི་དཔལ་འབྱོར་དང་རྒྱའི་མི་སེར་གྱིས་འཛམ་གླིང་གསུམ་ཆའི་གཉིས་ཙམ་ཟིན་བཞིན་ཡོད། ལྷག་པར་དགྲ་ཟླའི་ཆབ་སྲིད་དབང་བསྒྱུར་ཀྱང་ང་ཚོའི་སྒོ་འགྲམ་དུ་བསླེབས་ཟིན། དེ་ནི་བལ་ཡུལ་གཞུང་གི་སྲིད་ཇུས་དམར་ཤོག་ལམ་ལུགས་སུ་བསྒྱུར་ཉིན་ནས་རེད། ལམ་ལུགས་དེའི་མིང་ལ་མའོ་པཱ་ཏེས་ཟེར། ནང་དོན་མའོ་ཙེ་ཏུང་གི་རྗེས་འབྲང་བ་རེད། མའོ་ཙེ་ཏུང་གི་ཆབ་སྲིད་ལམ་ལུགས་རྒྱ་གར་གྱི་མཐའ་མཚམས་སཱོ་ནཱ་ལེའི་བར་དུ་བསླེབས་ཡོད། ད་དུང་རྒྱ་གར་ནང་དམར་ཤོག་ལམ་ལུགས་སུ་དགའ་མཁན་མི་གྲངས་ཉུང་ཉུང་མིན་ལ། མའོ་ཙེ་ཏུང་གི་ལམ་ལུགས་སུ་དགའ་མཁན་ཉུང་ཉུང་གཏན་ནས་མ་རེད། བལ་ཡུལ་ནང་ཡོད་པའི་ང་ཚོའི་གཞུང་གི་སྣེ་ལེན་ཁང་སྟོང་པ་ཆགས་འདུག་ལ། རྒྱ་གར་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་སྒོ་འགྲམ་ན་བོད་མི་ཚོས་འཚིང་ཁ་ཤིག་ཤིག་རེད། དོན་གནད་འདི་དག་ལ་ཕྱོགས་ཡོངས་ནས་ཁྱེད་ཀྱིས་རྟོགས་གཞིག་བྱས་མྱོང་ཡོད་དམ།

 

ངས་བསམ་ན་ང་ཚོའི་གནས་སྟངས་འདི་ཧ་ཅང་ཉེན་ཁ་ཅན་ཞིག་རེད། ད་ང་ཚོས་ནང་ཁུལ་ལ་གཟི་བརྗིད་མི་ངོམ། དཔའ་ངོམ་མི་བྱེད། ནང་ཁུལ་གྱི་རྒྱལ་ཕམ་མི་རྩོད། བོད་ནས་གསར་དུ་འབྱོར་བའི་རིགས་སུ་གཞུང་ངོས་ནས་སྐྱོ་གསོ་ཙམ་ཡང་སྤྲད་མ་ཐུབ་པ་དང་། གཞིས་འགོ་ཁག་གི་འཛུགས་བསྐྲུན་ཡར་རྒྱས་སུ་གཏོང་མ་ཐུབ་པས། མི་མང་ཤོས་ཕྱི་ཡུལ་དུ་འཁྱམ་བཞིན་ཡོད། མང་ཤོས་བོད་ནང་དུ་ཕྱིར་ལོག་བཞིན་ཡོད། གནད་དོན་དེ་སྐྱ་ཟད་སྔོ་སྡུག་གི་འཚོ་བ་རོལ་མ་ཐུབ་པས་རེད།

 

ང་ཚོས་བོད་ནང་གི་རྒྱའི་བཤུ་གཞོག་གཉའ་གནོན་གྱི་སྲིད་ཇུས་དེ། གཞིས་བཞུགས་སྤུན་ཟླ་ཚོས་བསྒྱུར་ཐུབ་རྒྱུའི་རེ་བ་བཅངས་ཡོད། དེ་ནི་ང་ཚོའི་ངོ་ཚ་རེད། རྒྱུ་མཚན་ང་ཚོའི་བཙན་བྱོལ་གཞུང་མང་གཉིས་ཀྱིས་ནུས་སྟོབས་ཅི་ཡང་མ་ཐོན་པས་ཡིན། ཕྱི་ཡུལ་དུ་སོང་བའི་བོད་རིགས་རྣམས་ལ་སྟོབས་ཤུགས་ལྡན་ཚེ། རྗེས་ཕྱོགས་རང་གཞུང་ནང་འཁོར་རྒྱུའི་རེ་བ་བཟུང་ཡོད། དེ་ནི་ང་ཚོའི་ས་བོན་ས་ལ་མ་བཏབ་པའི་ལོ་ཏོག་གི་འབྲས་བུ་ཞིག་རེད། རྒྱུ་མཚན། ང་ཚོའི་སློབ་གསོའི་ལམ་ལུགས་ཀྱི་ཐོག་ནས་ཁོང་ཚོའི་རྒྱུད་ལ་རྒྱལ་གཅེས་པའི་སེམས་ཁམས་ཅི་ཡང་འཇོག་ཐུབ་མེད། རྒྱ་གར་གྱི་སྐྱབས་བཅོལ་ལག་ཁྱེར་འཛིན་མཁན་ཚོར་གྱོང་གུད་དང་། ཕྱི་རྒྱལ་གྱི་མི་སེར་ལག་ཁྱེར་འཛིན་མཁན་ཚོར་ཁེ་བཟང་ཐོབ་པའི་ཉིན་ཞིག་བསླེབ་གྲབས་ཡོད། དེ་ནི་དགྲ་ཟླས་ཡུན་རིང་སྒུག་པའི་ཉི་མ་ཞིག་རེད་ལ། ང་ཚོས་རང་ཉིད་ཀྱི་སྲིད་གཞུང་རང་ཉིད་ཀྱིས་མུག་གསོད་བྱས་པའི་དུས་ངན་ཞིག་ཀྱང་རེད།

 

ངའི་མ་འོངས་པའི་སྲིད་སྐྱོང་ལགས། ད་སྔ་ང་ཚོས་ལས་འགུལ་སྤེལ་ཚད་ལ་ཕྱོགས་བསྡོམས་ཤིག་བྱས་ན། བོད་མི་མང་གི་བཟོད་དཀའ་བའི་སྡུག་བསྔལ་རྒྱལ་སྤྱིའི་ཐོག་བརྒྱུད་བསྒྲགས་སྤེལ་ཐབས་ཤིག་དང།  བོད་མི་མང་གི་མ་འོངས་པའི་བདེ་མཐའ་རྒྱ་གཞུང་བ་རེ་ཞུ་ཕུལ་ཐབས་ཤིག་རེད། མདོར་བསྡུས་ན། སྙན་ཞུ་དང་གསལ་བསྒྲགས་གཉིས་རེད། རྗེས་ཕྱོགས་ཁྱེད་ལ་ཤོག་ལྷེ་དེ་གཉིས་ལས་འདས་པའི་ལས་འགུལ་ཐད་ཐབས་བྱུས་ཅི་ཞིག་ཡོད། ངའི་མ་འོངས་པའི་སྤྱི་འཐུས་ལགས། ང་ཚོའི་གཞིས་འགོའི་འཛུགས་བསྐྲུན་ལ་ཕན་བྱེད་དང་། གཞིས་ས་གང་ཡང་མེད་པའི་གསར་འབྱོར་བའི་འཚོ་བ་ལ་ཕན་བྱེད། ཡུ་རོབ་ཕྱོགས་ཀྱི་སྐྱབས་བཅོལ་མ་རེག་པའི་མི་གྲངས་གཉིས་སྟོང་ཡས་མས་དང་། ཧྥ་རན་སའི་ཟབ་འོག་ཏུ་ཉལ་བའི་བོད་མི་ཚོ། ཨ་རིའི་མཚོ་མཐའི་གཟིངས་ཆག་ནང་སྡོད་པའི་མི་གྲངས་ལྔ་བརྒྱ་ཡས་མས་ཀྱི་དཀའ་ངལ་སེལ་ཐབས་སུ། ཁྱེད་ཀྱིས་སྲིད་གཞུང་ལ་གྲོས་འཆར་འདོན་ཐབས་ཅི་ཞིག་ཡོད་དམ། ང་ཚོའི་སྲིད་གཞུང་གིས་ཕྱི་རྒྱལ་ནང་རྒྱལ་ཡོངས་ཀྱི་བཙན་བྱོལ་མང་ཚོགས་ཀྱི་དཀའ་ངལ་སེལ་ཐུབ་བམ། མི་ཐུབ་ན་ང་ཚོའི་སྲིད་གཞུང་གི་སྟོབས་ཤུགས་འཐོར་འདེགས་གཏོང་ཐབས་སུ་ཁྱེད་ལ་དགོངས་འཆར་ཅི་ཞིག་ཡོད། ཁྱེད་ནི་མང་ཚོགས་ཀྱི་འཐུས་ཚབ་རེད།

 

མཇུག་མཐར། ང་རང་ཉིད་ཐེ་བའི་ང་ཚོར་དྲི་བ་ཞིག་འདོན། ང་ཚོས་གོ་སྐབས་བཟང་ཤོས་གཉིས་ཤོར་ཚར་ཡོད། གཅིག རྒྱ་ནག་གི་སྲིད་འཛིན་ཏུན་ཞོ་ཕིན་གྱིས་གྲོས་འཆར་ཚུར་གནང་བའི་གོ་སྐབས་དེ་རེད། གཉིས། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ཆེན་མོ་རྒྱ་ནག་ནང་འཚོགས་པའི་གོ་སྐབས་ཡིན། ད་ང་ཚོ་ལ་གོ་སྐབས་གསུམ་པ་ཞིག་ཡོད་དམ། ང་ནི་རང་གཞུང་ལ་དང་བླང་དཔྱ་ཁྲལ་འཇལ་བཞིན་པའི་མི་སེར་དཀྱུས་མ་ཞིག་ཡིན་རུང་། རང་ཉིད་ཀྱི་སྲིད་གཞུང་ལ་སེམས་ཁྲལ་ཡོང་གི།

ཕྱི་ལོ་ ༢༠༡༥། ༡༠ ། ༡༡ ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 7

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གང་ལྟར་འུ་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་གལ་ཆེན་ཞིག་ཅི་ཡིན་ཟེར་ན་མི་རིགས་འདི་འདས་མ་ད་གསུམ་ལ་བསམ་བློ་བཏང་ནས་རང་ནུས་གང་ཡོད་ཀྱིས་བསམ་ཚུལ་འབྲི་བ་དང་ལམ་སྟོན་གནང་བ་སོགས་བྱས་རྗེས་ཡོད་པ་ཞིག་བྱས་ན་དེ་ལ་ཡི་རངས་བྱེད་དགོས་པ་རེད་དྲན་ཡོད། གང་ཡིན་ཟེར་ན་གོང་ནས་རྔ་བ་མེ་རོ་ལགས་ཀྱིས་མི་རིགས་འདི་ལ་བསམ་བློ་བཏང་ནས་འདི་འདྲ་དཔྱད་བརྗོད་ཞིག་སྤེལ་བ་ལ་དགའ་བསུ་བྱེད་ཀྱི་ཡོད་མ་ཟད་འདི་དག་ནི་འུ་ཚོ་ལ་དགོས་པ་ཞིག་རེད་འདོད་ཡོད་དཔྱོད་བརྗོད་འདིའི་བརྗོད་དོན་དང་ཚིག་སྦྱོར་གང་གི་ཆ་ནས་ཡིན་རུང་བདེན་དོན་ཞིག་ཏུ་དངོས་འཛིན་བྱེད་འོས་པ་རེད་ལ་བྱེད་དགོས་པ་ཡང་རེད་འདོད་ཡོད། དེ་འདྲ་མ་ཡིན་པར་རང་སྣང་གང་དྲན་བྱས་ནས་སྦྱི་ཚོགས་ལ་གླེང་རྙོག་བཟོ་མཁན་ཚོ་ལ་ངེས་པར་ལན་གསལ་བོ་རྒྱབ་དགོས་པ་ཞིག་རེད་འདོད་ཡོད།

    Reply
  2. བརྩོན་རྒྱམ། says:
    ལོ་ 10 སྔོན།

    ཐོས་པ་དགའ་བཙན་བྱོལ་ནང་ཁ་བདེ་མོ་རང་རུང་རྩོམ་ཡིག་འབྲི་མཁན་ནི་ཉིན་མོའི་སྐར་མ་འདྲ་ཞིག་རེད་མ་ཟད་སྐབས་བབས་དང་མཐུན་པ་སྦྱི་ཚོགས་རྨོངས་གཉིད་ལ་སྤྲོག་ཐུབ་མཁན་ཉུང་ཉུང་རེད།  ད་བར་མེ་རོ་ལགས་ཀྱི་རྩོམ་ཡིག་བྲིས་པ་མ་འགྲིག་པ་གང་འདུག་བཙོ་བོ་དེའི་ཐོག་ནས་སྐད་ཆ་ཤོད་ར་གནས་ལུགས་འདུག་ཟེར་གཞན་དོན་མེད་ཀུ་ཅོ་སྒྲོགས་པས་ནུས་པ་ཐོན་ཁག་པོ་རེད།

    Reply
  3. ཐོས་པ་དགའ། says:
    ལོ་ 10 སྔོན།

    བཙན་བྱོལ་ནང་ཁ་བདེ་མོའི་རྩོམ་ཡིག་འབྲི་མཁན་མང་། དོན་དངོས་ཐོག་ལས་ཀ་བྱེད་མཁན་ཉུང་། གང་ལྟར་ཅི་ཙམ་བྲིས་ཀྱང་སུས་ཀྱང་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུར་ནུས་པ་བཏོན་ནས་ལམ་ཁར་འགྲོ་མཁན་ཉུང་དྲག་པའི་སྐྱོན་ཡོད་པ་ལས་རྩོམ་ཡིག་འབྲི་མཁན་མེད་པའི་སྐྱོན་ཆ་ཞིག་མཐོང་གི་མེད།

    Reply
  4. ཐུབ་བསྟན says:
    ལོ་ 10 སྔོན།

    གཞུང་ལ་ཞབས་ཞུ་ཅི་ཡང་མ་བསྒྲུབ་པར་ང ཚོའི་གཞུང་འདི་ཅིག་འགྲིག་མེད་ནི་འདྲ་བོ་མི་ལོ་ཁ་ཤས་ཀྱི་རྗེས་སུ་མཇུག་རྫོགས་རྒྱུ་ནི་འདྲ་བོ་རྐྱང་བཤད་ནས་བསྡད་ན་དོན་སྙིང་ཅི་མེད་དེ་ལས་ཁྱེད་རང་ཡང་བཙན་བྱོལ་གཞུང་གི་གསོ་ཕྲུག་ཅིག་ཡིན་སྟབས་ཁྱེད་ཀྱིས་ཀྱང་ཞབས་ཞུ་བསྒྲུབ་འོས་པ་ཞིག་ལས་ཡིན

    Reply
  5. བརྩོན་རྒྱམ། says:
    ལོ་ 10 སྔོན།

    རྔ་བ་མེ་རོ་ལགས་དོན་དང་ལྡན་པ་ཞིག་བྲིས་འདུག་མ་ཟད་རང་ཉིད་མི་བུ་གཅིག་གིས་མི་མང་ལ་བཅངས་བའི་བརྩེ་བ་དང་བོད་མིའི་སྒྲིག་འཛུགས་ལ་དཔྱད་པའི་བློ་གྲོས་སོགས་ཧ་ཅིང་ཟབ་པས་ན་འདི་ལྟར་གོ་བའི་བུ་ལ་བརྡ་དང་རི་སྤྱང་སྔོན་མོ་ཀི་ཟེར་བ་བཞིན་འཐུས་ཚང་བྲིས་འདུག་ངོ་མ་དགའ་ནས་ཡོད་གུས་པ་ཡང་ཁྱེད་ཀྱི་དགོངས་ཚུལ་ལས་ལྷག་གང་ཡང་ཞུ་རྒྱུ་མེད་ད་ལྟས་གནས་སྟངས་འདི་ཐོག་ནས་མ་འོངས་པའི་སྲིད་སྐྱོང་ཡག་པོ་ཞིག་མི་དམངས་ཀྱིས་འདེམས་དགོས་པ་གསལ་བོ་རེད། མ་ཟད་སྤྱི་འཐུས་དེ་བས་གལ་ཆེན་རེད་ངོ་མ་ཡག་པོ་བྲིས་འདུག་དགའ་བསུ་ཡོད།

    Reply
  6. འཇམ་དབྱང་རྒྱལ་མཚོ། says:
    ལོ་ 10 སྔོན།

    དེ་རིང་ང་རྒྱ་ནག་གཞུང་ཚབ་ཁང་ལ་སོང་བ་ཡིན་མི་༣༢༧་འདུག་ཚང་མས་དབུས་གཞུང་ལ་མུག་ལབ་ཁོ་ན་རེད།

    Reply
  7. ཨ་ཁུ་སྟོན་པ། says:
    ལོ་ 10 སྔོན།

    ཨ་ཁོ་རེ། རྔ་བ་མེ་རོ། ཁྱེད་ཕ་བཟང་གི་བུ་ཡིན་གོ། ངོ་མ་སྐད་ཆ་ཡག་པོ་སྐྲག་མོ་བཤད་གདའ་ལེ། ཁྱེད་འདྲ་འདྲའི་མི་ཕལ་ཆེར་དཀོན་པོ་ཡིན། སྐད་ཆ་གནད་ལ་འཁེལ་བ་བཤད་འདུག དེ་ག་རང་རེད། གནས་ལུགས་འདི་འདྲ་ཞིག་ད་ལྟའི་སྲིད་བཀའ་སྤྱི་ལས་ཐོག་དང་། ངས་འཇོན་ཁོས་འཇོན་གྱི་འོས་མི་ཕུད་ཕུད་ཚ་པོ་དེ་ཚོས་ཀྱང་ཤེས་ཀྱི་ཡོད་པ་མ་རེད་ལེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese