མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ཤ་བཅད་ནས་ཁྱི་ཁར་གཡུག

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

ཉེ་བའི་ལོ་ཤས་ནས་བཟུང་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་སྒོ་མོ་ཆེས་ཆེར་ཕྱེས་ཡོད་པའི་རྣམ་པ་བསྟན་ཏེ། བོད་ནང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། ཕྱི་ན་ཡོད་པའི་བོད་རིགས་ཚོ་བོད་དུ་ལོག་རྒྱུར་དགའ་བསུ་ཡོད་སྐོར་གྱི་དྲིལ་བསྒྲགས་སྣ་ཚོགས་བྱས་པ་དང་བསྟུན། གཞིས་བཞུགས་ཕ་མ་གཉེན་ཉེ་དང་བཟའ་ཟླ་བུ་ཕྲུག ད་དུང་དད་ལྡན་སེར་སྐྱ་ཁྲི་འབུམ་གྱི་རེ་སྨོན་ལྟར། རྒྱ་བལ་འབྲུག་གསུམ་གྱི་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་ནང་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་དང་གཏན་དུ་སྡོད་མཁན་ཧ་ཅང་མང་པོ་ཡོད་པ་རེད།

 
གཞིས་བཞུགས་བོད་མི་ཚོས་བོད་ས་དང་རྒྱ་ནག་ཅེས་ཚིག་གིས་འབོད་སྟངས་ལོག་ག་ཡིན་ལ། སེམས་ཀྱིས་འཛིན་སྟངས་ཀྱང་རྦད་དེ་ཐ་དད་རེད། ཡིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རང་མི་རང་ཡུལ་དུ་ལོག་ནའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡིད་ཐང་ཆད་སོང་བའམ་རེ་བ་བརླགས་སོང་བ། ཡང་ན་ངོ་ལོག་སྟེ་རྒྱ་ནག་ལ་མགོ་བཏགས་པའི་ཚོར་སྣང་ངམ། བཤད་ཡམས་མེ་ལྕེ་ལྟ་བུ་ཞིག་མཆེད་ཀྱིན་ཡོད་པ་དེ་རང་ཤ་བཅད་ནས་ཁྱི་སྔུན་དུ་གཡུག་པ་དང་ཨ་ན་མ་ན་རེད། ད་ལྟ་ང་ཚོ་གཞན་ཡུལ་དུ་ཡོད་ཀྱང་བོད་གངས་རིའི་ལྗོངས་དེ་ང་ཚོ་ཚང་མའི་ཆེས་མཐའ་མཇུག་གི་དུར་ས་ཡིན་པ་གཏན་ནས་བརྗེད་མི་རུང་།

 
སྔར་གྱི་བཀའ་ཤག་རིམ་པས་རང་ས་རང་སྲུང་བྱེད་པ་གལ་གནད་དུ་གཟིགས་ཏེ། གཞིས་སུ་བཞུགས་པའི་བོད་མི་ཚོས་རང་ཡུལ་ནས་བརྟན་པོར་གནས་བཅས་ཏེ་རང་ཡུལ་སྲུང་དགོས་པའི་བཀའ་སློབ་ཐེངས་མང་ཕེབས་མྱོང་ལ། ད་ལྟའི་བཀའ་ཤག་གིས་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ལྟར། མ་འོངས་ལོ་ངོ་ ༥ ཡི་ཆབ་སྲིད་ཀྱི་དམིགས་ཡུལ་ཆེ་ཤོས་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཡིན་ཞེས་ཁ་གསལ་གཏིང་གསལ་གྱིས་གསུངས་ཡོད་པ་དང་། དེ་བཞིན་མི་མང་གི་ངོས་ནས་བཤད་ནའང་། དབུ་མ་དང་རང་བཙན་གྱི་ལྟ་བ་གླེང་མཁན་དང་བརྩོན་ལེན་བྱེད་མཁན་སུ་ཡིན་ནའང་མཐར་ཐུག་གི་དམིགས་ཡུལ་རང་ཡུལ་དུ་ལོག་རྒྱུ་དེ་ཡིན་ལ། གཏན་ནས་མ་ནོར་བའི་འདམ་ག་ཞིག་ཀྱང་ཡིན་ངེས་རེད།

 
རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ནུས་མེད་འགུལ་མེད་དུ་གཏོང་ཆེད། དྲིལ་བསྒྲགས་ཀྱི་བློ་ཁ་བོད་ནང་དུ་ཕྱོགས་ནས་བཙན་བྱོལ་བོད་མིར་གཞི་མེད་བསྙོན་འཛུགས་དང་འཁྱོག་བཤད་སྣ་ཚོགས་བྱེད་ཀྱིན་ཡོད་ལ། དྲིལ་བསྒྲགས་ཀྱི་བློ་ཁ་ཕྱི་ཕྱོགས་སུ་གཏད་ནས་གཞིས་བཞུགས་བོད་མི་ཚོས་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་བཞིན་ཡོད་པ་དང་། གུང་ཁྲན་ཏང་གི་དབང་བསྒྱུར་འོག་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཤར་ཡོད་སྐོར་གྱི་འུར་གཏམ་བསྒྲགས་ཏེ། བོད་ཕྱི་ནང་གཉིས་བར་གྱི་ཡིད་ཆེས་དང་དམ་ཚིགས་ཉམས་དམས་སུ་གཏོང་ཐབས་དང་། བོད་མི་ནང་ཁུལ་ལ་འགལ་བ་བཟོ་ཐབས་ཀྱི་སྲིད་ཇུས་འདྲ་མིན་སྣ་ཚོགས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བཞིན་ཡོད་པ་རེད།

 
བོད་ཕྱི་ནང་གཉིས་བར་འགྲོ་འོང་གི་ལམ་ཁ་ཏོག་ཙམ་ཡོད་པ་འདི་ལ་བརྟེན་ནས། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་གཞིས་བྱེས་གཉིས་བར་གྱི་བསམ་བློའི་འབྲེལ་ཐག་དང་། ཕ་མ་བུ་ཕྲུག་དང་གཉེན་ཉེ་རིང་གི་འབྲེལ་ཐག ཆོས་ལུགས་དང་ཟང་ཟིང་གི་འབྲེལ་ཐག ཆབ་སྲིད་ཀྱི་གནས་བབ་རྒྱུས་ལོན་དང་སྐྱིད་སྡུག་མཉམ་མྱོང་གི་འབྲེལ་ཐག་བཅས་རྒྱུན་གནས་ཐུབ་པ་དེ་གང་ལ་བསྟེན་ནས་བྱུང་བ་རེད། ཐ་ན་བོད་ནང་གི་འདས་པོའི་བསྔོ་རྟེན་དང་གསོན་པོའི་སྐྱབས་རྟེན་དྷ་སར་འབྱོར་ཐུབ་ཀྱིན་ཡོད་ལ། སྔ་དྲོར་ཕར་རྒྱབ་ནས་ཀུ་བཏབས་པ་ཕྱི་དྲོར་ཚུར་རྒྱབ་ནས་ཐོས་ཐུབ་པ་དག མི་རབས་བརྗེས་ཀྱང་འབྲེལ་ཐག་མ་ཆད་པའི་བོད་ཕྱི་ནང་གཉིས་བར་གྱི་འགྲོ་འོང་ཁོ་ནར་བརྟེན་ནས་བྱུང་བ་རེད། དེ་བས་གནས་སྐབས་ཀྱི་ཆབ་སྲིད་མིག་རྒྱ་དོག་པོ་ཙམ་དང་། གློ་བུར་བའི་ཚོར་ཤུགས་ཐན་ཐུན་གྱི་དབང་དུ་སོང་སྟེ།  གཞིས་བྱེས་གཉིས་བར་གྱི་འགྲོ་འོང་ལ་བཀག་སྡོམ་བྱེད་པ་དང་། རང་ཡུལ་བོད་དུ་ལོག་མཁན་ཚོར་ནག་ཉེས་ཀྱི་ཞྭ་མོ་མ་སྐོན་རོགས།

འབྲེལ་ཡོད་གསར་འགྱུར།

ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

ཆུ་ཚོད་ ༡༡ སྔོན་ལ།
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦
དཀར་མཛེས་རྫོང་འབྲུང་རྔ་གྲོང་གི་དཀར་མཛེས་ད་དགོན་པའི་དགེ་རྒན་དཔལ་ལྡན་ཡེ་ཤེས་ལགས། ནོར་ཝེ་རླུང་འཕྲིན་ཁང་གི་པར། 
Mobile App

རྒན་དཔལ་ལྡན་ཡེ་ཤེས་ལགས་ཀྱི་སྤུན་མཆེད་ཀྱང་བདུན་ཕྲག་གཅིག་ལྷག་རིང་བཀག་ཉར་གྱིས་གཅར་རྡུང་བྱས་འདུག 

༢༠༢༦/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese