མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིས་མེད་མཁས་པའི་བགྲོ་གླེང་དབུ་འཛུཊ་གནང་།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

གདན་ས་ཆེན་མོ་དགའ་ལྡན་དགོན་དུ་ཉིན་གྲངས་ ༡༡ རིང་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཚོགས་བཞིན་ཡོད་འདུག

 

121དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་ ༨༠ ལ་ཕེབས་པར་བཀའ་དྲིན་རྗེས་དྲན་ཆེད། ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༢༢ ཉིན་བར་དགེ་ལུགས་ཀྱི་གདན་ས་ཆེན་མོ་དགའ་ལྡན་དགོན་དུ། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་ཀྱི་མཁན་ཆེན་དང་། མཁན་པོ། ལྷ་རམས་པ་དང་། སློབ་དཔོན་རྣམ་པ་ལྷན་བཞུགས་ཀྱི་དབུ་ཚད་སེང་གེ་མཇིང་བསྣོལ་གྱི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོ་ཚོགས་བཞིན་ཡོད་འདུག

 

བགྲོ་གླེང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་ཚོགས་ཆུང་གི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་ཕེབས་བསུ་དང་འབྲེལ་མཛད་རིམ་ངོ་སྤྲོད་དང་། སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་ཡོངས་སུ་གྲགས་པའི་དོན་གནད་སྐོར་ལ་གསུང་བཤད་གནང་ཡོད་པ་དང་། དེ་བཞིན་སྒོ་མང་མཁན་པོ་དང་། ཤར་རྩེ་མཁན་པོ། བྱང་རྩེ་མཁན་པོ། བློ་གསལ་གླིང་མཁན་པོ་བཅས་ནས་བསྟན་བཅོས་བགྲོ་གླེང་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། ལུང་རིགས་ཀྱི་ལམ་ནས་དགག་བཞག་སྤོང་གསུམ་གྱིས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ལ་བགྲོ་གླེང་བྱས་ཏེ་ཆོས་བརྒྱུད་ཕན་ཚུན་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དང་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ཐུབ་པ་བཟོ་དགོས་རྒྱུ་དེ་དུས་བབ་ཀྱི་དགོས་མཁོ་དང་། རྒྱལ་བསྟན་སྤྱི་དང་བྱེ་བྲག་འཛམ་གླིང་གི་སྤྱི་ནོར། བོད་གངས་ཅན་གྱི་ཁྱད་ནོར་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་སྤྱིའི་རྩ་དོན་ཡིན་སྐོར་གསུང་བཤད་གནང་ཡོད་འདུག

 

3444ཉིན་རྒྱབ་ནས་བཟུང་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་སྔ་འགྱུར་རྙིང་མའི་སློབ་དཔོན་གཅིག་དང་། དཔལ་ལྡན་ས་སྐྱའི་མཁན་ཆེན་གཅིག་དང་། མཁན་པོ་གཉིས། བཀའ་བརྒྱུད་ཀྱི་མཁན་པོ་གསུམ་དང་། གཡུང་དྲུང་བོན་གྱི་དགེ་བཤེས་གསུམ། རི་བོ་དགེ་ལུགས་པའི་གདན་གསུམ་གྲྭ་ཚང་དྲུག་ནས་དགེ་བཤེས་ལྷ་རམས་པ་དྲུག་རེ་དང་། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་གཉིས། རྭ་སྟོད་གྲྭ་ཚང་གི་དགེ་བཤེས་གཅིག་བཅས་རིས་མེད་མཁས་པ་༤༦ གིས། མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་ཆེན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རྩ་བ་ཤེས་རབ་གཉིས་ཀྱི་བརྗོད་གཞི་གནད་འགག་ཅན་སྔོན་ཕུལ་ཐོག་ཕྱག་རྩོམ་བྲིས་ཏེ། སྐར་མ་༡༥ རེར་གསུང་བཤད་གནང་བ་དང་འབྲེལ། སྐར་མ་སུམ་ཅུ་རེར་དྲི་བ་དྲིས་ལན་དང་དགོངས་འཆར་གནང་སྟེ། ཚད་ཆེན་དང་རྩ་བ་ཤེས་རབ་ཀྱི་དགོངས་དོན་ལ་རྒྱ་ཆེ་གཏིང་ཟབ་ཀྱི་བགྲོ་གླེང་གནང་བཞིན་ཡོད་འདུག

 

གཞན་ཡང་། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད། འདི་ལོའི་ཕྱི་ཟླ་ ༡༡ པའི་ཚེས་༡༥ ཉིན་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་གཙོས་པའི་གདན་ས་ཁག་གི་དགེ་བཤེས་རྣམ་པས་རིམ་ལྔ་གསལ་སྒྲོན་གཞིར་བཟུང་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཚུགས་རྒྱུ་དང་། ཕྱི་ཟླ་ ༡༡ པའི་ཚེས་༡༨ ཉིན་དཔལ་ལྡན་འབྲས་སྤུངས་སུ་གདན་ས་གསུམ་གྱི་གཙོས་པའི་དགེ་ལུགས་པའི་དགོན་ཁག་བཅུ་གཅིག་གི་གཙོས་པའི་གཞུང་ལུགས་རབ་འབྱམས་སྨྲ་བས་ལེགས་བཤད་གསེར་ཕྲེང་དང་། རྩ་ཤེ་ཌིཀ་ཆེན་གཉིས་གཞིར་བཟུང་དབུ་ཕར་གྱི་རྩོད་པའི་ཆོས་ཐོག་ཚུགས་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese