མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་ཁྲང་ཝན་ཆན་ཟེར་བ་ཞིག་གིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་བྱས་ཏེ། ཕྱིའི་ངན་སྐུལ་འཇིགས་སྣང་སྔོན་འགོག་གིས་སྤྱི་ཚོགས་བདེ་འཇགས་ཡོང་ཐུབ་ལ་བརྩོན་དགོས་ཟེར།

 

Chinese Defence Minister Chang Wanquan (4th R) claps next to his counterparts from South East Asian Nations (ASEAN) during the China-ASEAN Defense Ministers' Informal Meeting in Beijing, China, October 16, 2015. China's defence minister said on Friday that he is willing to hold joint drills in the disputed South China Sea with Southeast Asian countries, covering accidental encounters and search and rescue, striking a conciliatory tone over an increasingly tense spat. REUTERS/cnsphoto CHINA OUT. NO COMMERCIAL OR EDITORIAL SALES IN CHINA TPX IMAGES OF THE DAY - RTS4OSFདེ་ རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། པེ་ཅིན་གྲོང་ཁྱེར་དུ་ཁ་སང་ནས་འཚོགས་བཞིན་པའི་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ ༡༠ ཆེས་མཐོའི་དཔོན་རིགས་ཚོགས་ཆེན་སྟེང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་ཟེར་བའི་དམག་སྤྱི་ཆེན་མོ་དང་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་ཁྲང་ཝན་ཆན་ཟེར་བ་ཞིག་གིས། ད་ལྟའི་ཆར་སྤྱིར་བཏང་ལྷོ་ཤར་ཨེ་ཤ་ཡའི་མཚོ་ཁུལ་ཁག་གི་གནས་བབ་བརྟན་ལྷིང་ཡིན་རུང་། དཔལ་འབྱོར་ཉམས་ཆག་གི་གནོད་སྐྱོན་དང་རྒྱལ་སྲུང་རྩོད་ལེན་གྱི་དཀའ་རྙོག་མང་པོ་འབྱུང་མུས་ཡིན་ཞིང་། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་གིས་དྲ་ལམ་དང་སྤྱི་ཚོགས་བརྒྱུད་ལམ་སོགས་ཀྱིས་ལྷོ་ཤར་ཨེ་ཤ་ཡའི་མཚོ་ཁུལ་དུ་རྩོད་གླེང་བརྒྱུད་སྐུལ་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཚབས་བཟོ་བཞིན་ཡོད་སྟབས། རྒྱ་ནག་གིས་ལྷོ་ཤར་ཨེ་ཤ་ཡའི་ཞི་བདེ་དང་བརྟན་ལྷིང་འགན་སྲུང་བྱ་ཆེད། ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་དང་དམག་དོན་མཉམ་འབྲེལ་བྱེད་མོས་ཡོད། ཅེས་བརྗོད་འདུག་ཀྱང་། སྐབས་དེའི་གསར་འགོད་ལྷན་ཚོགས་ཐོག ཁོས་རྒྱ་ནག་ལྷོ་རྒྱུད་ཀྱི་མཚོ་ཁུལ་རྩོད་གླེང་གི་སྐོར་ལ་གསལ་བཤད་གང་ཡང་བྱས་མི་འདུག

 

འདས་པའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་ཝེ་ཋི་ནམ་དང་ཧྥེ་ལེ་ཕེན། མ་ལེ་ཞི་ཡ། ཐེ་ཝན། བྷུ་རུ་ནེ་སོགས་ལྷོ་ཤར་ཨེ་ཤ་ཡའི་གླིང་ཕྲན་རྒྱལ་ཁབ་ཁག་གི་མཚོ་ཁུལ་རྒྱ་ནག་གི་མངའ་ཁོངས་སུ་གླེང་སྟེ། རྒྱལ་ཁབ་དེ་དག་ནང་དམག་གྲུའི་ཚོང་གཉེར་ཐད་ཨ་སྒོར་ཐེར་འབུམ་མང་པོ་བཏང་ཡོད་ཀྱང་། ཉེ་ལམ་རྒྱ་གཞུང་གིས་ལྷོ་རྒྱུད་གླིང་ཕྲན་ཁག་ཅིག་བདག་བཟུང་གིས་གཞི་རྒྱ་ཆེ་བའི་འཛུགས་སྐྲུན་བྱས་པར་བརྟེན། རྒྱ་ནག་དང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་བར་མཚོ་ཁུལ་རྩོད་གླེང་རྣོ་ངར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གཞུང་གིས་ད་དུང་ནུབ་རྒྱུད་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱི་ཁ་ཆེ་དྲག་སྤྱོད་པས་དྲ་ལམ་ཁག་བརྒྱུད་ནས་ཕྱི་ཕྱོགས་ཀྱི་ཁ་ཆེ་དྲག་སྤྱོད་པར་ངན་འབྲེལ་བྱས་ཏེ་རྒྱ་ནག་ནང་ཟིང་ཆ་སློང་གི་ཡོད་ལུགས་བརྗོད་འདུག

 

ཕྱི་ལོ་ ༢༠༡༤ ལོ་ནས་ད་ལྟའི་བར་རྒྱ་གཞུང་གིས་ལྷོ་རྒྱུད་གླིང་ཕྲན་ཁག་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དང་། ཨ་རིའི་གཙོས་ནུབ་གླིང་རྒྱལ་ཁབ་ཁག་གིས་རྒྱ་གཞུང་གིས་གླིང་ཕྲན་འཛུགས་སྐྲུན་བྱེད་བཞིན་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཨ་རིའི་གཞུང་གིས་རྒྱ་ནག་གིས་འཛུགས་སྐྲུན་བྱེད་བཞིན་པའི་གླིང་ཕྲན་ཁག་ལས་སྤྱི་ལེ་ ༡༢ གྱི་མཚམས་ནས་རང་དབང་གི་མཚོ་ལམ་ལ་རྟོག་ཞིབ་དང་འགན་སྲུང་བྱ་རྒྱུ་ཐག་བཅད་པ་དང་། རྒྱ་གཞུང་གིས་ལྷོ་རྒྱུད་གླིང་ཕྲན་དེ་དག་འཛུགས་སྐྲུན་བྱེད་དོན་ནི་སྤྱི་མང་གི་ཁེ་ཕན་བསྒྲུབ་པའི་སླད་དུ་ཡིན་པ་ལས། དམག་དཔུང་རྒྱ་བསྐྱེད་པའི་ཆེད་དུ་མིན་པ་དང་། ཡང་རྒྱ་ནག་གིས་རང་དབང་མཚོ་ལམ་གྱི་རྒྱལ་སྤྱིའི་རྩ་ཁྲིམས་རྩིས་མེད་དུ་གཏོང་གི་མེད་ལུགས་སོགས་རྗོད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་རྒྱ་ནག་གིས་རྒྱལ་སྤྱིའི་རྩ་ཁྲིམས་འོག་དེ་སྔའི་གླིང་ཕྲན་ཁག་འཛུགས་སྐྲུན་དང་བདག་བཟུང་བྱས་མི་ཆོག་པ་མ་ཟད། རང་དབང་མཚོ་ལམ་གྱི་རྩ་འཛིན་ལ་བརྩི་སྲུང་དགོས་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༣ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༧ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese