མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་དཀའ་ངལ་ལ་དོ་འཁུར་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

བྲག་མགོ་རྫོང་མཁའ་ཉ་གྲོང་ཚོའི་ནང་གློག་མེད་ལ་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་གྲོང་ཚོའི་ལྟེ་གནས་སློབ་ཆུང་སྟོང་པ་ཆགས་པ་སོགས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ས་གནས་མི་མང་གིས་སྲིད་གཞུང་དང་རྒྱལ་སྤྱིའི་ཐོག་ཁོང་ཚོའི་དཀའ་ངལ་ལ་དོ་འཁུར་དགོས་པའི་འབོད་སྐུལ་གནང་གི་འདུག

IMG_9482འདི་གར་བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་དཀར་མཛེས་ཁུལ་བྲག་མགོ་རྫོང་མཁའ་ཉ་གྲོང་ཚོའི་ནང་དུ། རྒྱ་གཞུང་གིས་དབུལ་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་མཚམས་འཇོག་བྱས་པར་བརྟེན། ད་ལྟའི་ཆར་མཐའ་འཁོབ་རི་ཁུལ་དུ་གནས་ཤིང་འགྲིམ་འགྲུལ་སྟབས་བདེ་མིན་པའི་གྲོང་ཚོ་དེའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་དང་རྗེས་ལུས་ཡིན་སྟབས། ས་གནས་མི་མང་གིས་འབྲེལ་ཡོད་ལས་ཁུངས་ལ་དབུལ་སྐྱོབ་ལས་གཞི་བསྐྱར་དུ་མགོ་འཛུགས་དགོས་པའི་འབོད་སྐུལ་གནང་བཞིན་ཡོད་པ་མ་ཟད། རྒྱལ་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནད་དོན་འདི་ཕྱིར་བསྒྲགས་བྱས་ཏེ། རྒྱལ་ཕྱིའི་ཐོག་ནས་དོ་སྣང་དང་། རོགས་རམ་གནང་ཐབས་དགོས་པའི་འབོད་སྐུལ་གནང་བྱུང་།

མཁའ་ཉ་གྲོང་ཚོའི་བོད་མི་ཞིག་གིས། ཕྱི་ལོ་ ༢༠༠༨ ནས་བཟུང་སྲིད་གཞུང་གིས་མཁའ་ཉ་གྲོང་ཚོར་དབུལ་སྐྱོབ་དང་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ཚང་མ་མཚམས་འཇོག་བྱས་པར་བརྟེན། ང་ཚོའི་གྲོང་ཚོ་ཡུན་རིང་ནས་ཧ་ཅང་དབུས་ཕོངས་རྗེས་ལུས་ཀྱི་གནས་སྟངས་འོག་ལུས་པ་དང་། དབྱར་ཁའི་ཆར་ཆུ་དང་དགུན་ཁའི་ཁ་བ་མཐུག་པོས་རི་ཁུལ་གྱི་བགྲོད་ལམ་འགོག་སྐབས། མཐའ་འཁོབ་ཀྱི་རི་ཁུལ་འདི་ནས་ང་ཚོར་བཟའ་བཏུང་དང་འཚོ་བའི་ཡོ་ཆས་སོགས་ཀྱི་ཐོག་དཀའ་ངལ་འཕྲད་ཀྱི་འདུག་ཀྱང་། སྲིད་གཞུང་གིས་ད་ལྟའི་བར་དཀའ་ངལ་སེལ་ཐབས་གང་ཡང་བྱས་ཡོད་པ་མ་རེད། ཡིན་ནའང་། ཁོ་ཚོས་རྒྱུན་དུ་བོད་མི་རྣམས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་སྐོར་ཕྱི་ཕྱོགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། དེ་ཚོ་ཚང་མ་སྐྱག་རྫུན་རེད། ང་ཚོའི་ཤི་གསོན་ལ་གཏན་ནས་དོ་ཁུར་བྱེད་ཀྱི་མི་འདུག ཅེས་དང་།

ཡང་ཁོང་གིས། མཁའ་ཉ་གྲོང་ཚོ་རུ་དེ་སྔོན་མཁའ་ཉ་ལྟེ་གནས་སློབ་ཆུང་ཟེར་བ་ཞིག་ཡོད་པ་དང་། སྐབས་དེར་གྲོང་ཚོའི་བྱིས་པ་ཚོ་སློབ་གྲྭར་འགྲོ་བའི་གོ་སྐབས་རག་གི་ཡོད་ཀྱང་། གྲོང་ཚོའི་ནང་དུ་གློག་དང་ཁ་པར་སྐུད་ལམ། རང་བྱུང་ཆུ་ཁུངས་བཅས་མེད་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཀྱིས་གྲོང་ཚོའི་སློབ་ཆུང་གི་དགེ་རྒན་རྣམས་འདུག་འདོད་མེད་པར་ས་གནས་གཞན་དུ་ཕྱིན་ཡོད་སྟབས། ད་ལྟ་གྲོང་ཚོའི་སློབ་ཆུང་ནང་དགེ་རྒན་དང་སློབ་ཕྲུག་གཅིག་ཀྱང་མེད་པར་སྟོང་པ་ཆགས་བསྡད་ཡོད་པ་རེད། དངོས་གནས་མཐོང་ན་སེམས་སྐྱོ་བ་ཞིག་རེད། ཅེས་བརྗོད་བྱུང་།

ཡང་ས་གནས་བོད་མི་གཞན་ཞིག་གིས། དེ་སྔོན་སྲིད་གཞུང་གིས་མཁའ་ཉ་གྲོང་ཚོའི་ནང་གློག་སྐུད་ཀ་བ་བཙུགས་ཏེ་གློག་འཐེན་ཡོད་ཀྱང་། ཕྱིས་སུ་འཕྲོ་བརླག་ཏུ་ཕྱིན་ནས་བསྐྱར་བཟོ་གཏན་ནས་མ་བྱས་པར་ལྷག་སོང་སྟབས། དེང་སང་གྲོང་ཚོའི་ནང་གློག་མེད་ལ། ཁ་པར་ཡང་འགྲོ་ཡི་མེད་སྟབས། སྲིད་གཞུང་ལ་རེ་ཞུ་ཅི་ཙམ་བྱས་ཀྱང་ཉན་འཇོག་བྱེད་ཀྱི་མི་འདུག ཅེས་དང་།

མཁའ་ཉ་གྲོང་ཚོ་ནི་རི་བོ་མཐོན་པོས་བསྐོར་བའི་ཡུལ་མཐའ་འཁོབ་ཅིག་ཏུ་གནས་ཡོད་པ་དང་། བྲག་མགོ་རྫོང་དུ་འགྲོ་བ་ལའང་རི་ཁུལ་གྱི་བགྲོད་ལམ་ཀྱག་ཀྱོག་བརྒྱུད་ནས་འགྲོ་དགོས་པ་སོགས་འགྲིམ་འགྲུལ་སྟབས་བདེ་མིན་སྟབས། གྲོང་ཚོ་ནས་བྲག་མགོ་རྫོང་དུ་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱེད་པ་ལའང་ཆུ་ཚོད་ ༦ ནས་ ༧ བར་འགོར་བ་དང་། དྲག་ཆར་དང་ཁ་བ་མཐུག་པོ་བབ་སྐབས་རི་ཁུལ་གྱི་བགྲོད་ལམ་འགག་སྟེ་ཉིན་མ་མང་པོར་འགྲོ་འོང་བྱེད་ཐུབ་ཀྱི་མི་འདུག ང་ཚོའི་གྲོང་ཚོ་འདི་བྲག་མགོ་རྫོང་ཡོངས་ཀྱི་ནང་ནས་དབུལ་ཤོས་དང་རྗེས་ལུས་ཐེབས་པ་ཚབས་ཆེ་ཤོས་རེད། ཅེས་བརྗོད་བྱུང་།

གཞན་ཡང་། ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། མཁའ་ཉ་གྲོང་ཚོའི་ཉེ་འཁྲིས་སུ་ནགས་ཚལ་སྟུག་པོ་ཡོད་པའི་གནས་རི་ཞིག་ཡོད་ཀྱང་། རྒྱ་གཞུང་གིས་ཉེ་བའི་ལོ་ཤས་ནང་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༨ ནས་བཟུང་གྲོང་ཚོའི་དབུལ་སྐྱོབ་འཛུགས་སྐྲུན་མཚམས་བཞག་སྟེ། ས་གནས་ཀྱི་ཤིང་ནགས་མང་པོ་གང་བྱུང་དུ་གཅོད་གཏུབ་བྱས་ནས་ཕྱི་ལ་དབོར་བར་བརྟེན། ཤིང་ནགས་ཀྱི་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་མ་ཟད། ས་ཆུ་ལའང་གནོད་པ་ཐེབས་ནས་རང་བྱུང་གི་གནོད་འཚེ་སྣ་ཚོགས་འབྱུང་བའི་ཉེན་ཁ་བཟོས་ཡོད་འདུག

287༡༢4

102

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese