མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གསོད་ལག་དམར་གསུམ་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

ཉེ་ལམ་ཚེས་ ༣༠ ཉིན་གྱི་དགོང་མོར། དྷ་ས་བྷག་སུའི་ལམ་ཁར་རྒྱ་གར་བ་གསུམ་གྱིས་བོད་པའི་ཕོ་གསར་ཞིག་ལ་དོན་མེད་དུ་གྲིས་བརྒྱབ་སྟེ་བསད་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་རྒྱ་གར་ཉེན་རྟོག་པས་མི་གསོད་ལག་དམར་གསུམ་འཛིན་བཟུང་བྱས་ཏེ། ད་ལྟ་དྷ་ཤོད་ཀ་ཅ་རུལ་བཙོན་ཁང་དུ་ཁྲིམས་བཤེར་བྱེད་བཞིན་ཡོད་འདུག

 

༡་༡༢༡༢༡༢དེ་རིང་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ་འཕགས་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཚེས་ ༣༡ ཉིན་གྱི་ཞོགས་པར་གནས་ཚུལ་དེ་ང་ཚོས་གོ་མ་ཐག ང་ཚོས་ས་གནས་ཉེན་རྟོག་ལས་ཁུངས་དང་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཚང་མར་འབྲེལ་བ་བྱས་པ་ཡིན། སྐབས་དེར་༧གོང་ས་མཆོག་གཙུག་ལག་ཁང་དུ་བཞུགས་ཡོད་སྟབས་ང་ཚོ་སྨན་ཁང་ལ་འགྲོ་རྒྱུ་བྱུང་ཡོད་པ་མ་རེད། ས་གནས་མགོ་འཛིན་དང་མདོ་སྨད་དབུས་རྒྱུན་ལས་རྣམ་པ་ཚོས་དངོས་གནས་ཡག་པོ་བྱས་སོང་། དངོས་ཡོད་གནས་ཚུལ་ལ་ལྟ་རྒྱུ་དེ་གལ་ཆེན་པོ་རེད། བོད་མི་ཞིག་འདས་གྲོངས་ཕྱིན་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། ཞེས་གསུངས་སོང་།

 

DSC_2037རྒྱ་གར་ཉེན་རྟོག་པས་དོགས་ཡོད་མི་གསུམ་འཛིན་བཟུང་བྱས་ཡོད་རབ་འདུག་པ་དེ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། དེ་བདེན་པ་རེད། ཚེས་ ༣༡ ཉིན་རྒྱབ་ནས་འཛིན་བཟུང་བྱས་འདུག ཁོ་ཚོས་ཀྱང་ངོས་ལེན་བྱས་འདུག མི་བསད་པ་དེ་ནག་ཉེས་ཆེན་པོ་རེད། ད་ལྟ་ཁྲིམས་ལ་སྦྱར་ཡོད་པ་རེད། ཁྲིམས་ལ་ང་ཚོ་ཚང་མས་བརྩི་བཀུར་བྱ་དགོས། རྒྱ་གར་ཡུལ་མི་དང་ང་ཚོ་བཙན་བྱོལ་བོད་མི་སུ་ཡིན་ཡང་ཁྲིམས་ལ་བརྩི་བཀུར་བྱ་དགོས་པ་རེད། ཁ་སང་དེ་རིང་སྤྱི་ཚོགས་ནང་སྐད་ཆ་འདྲ་མིན་དང་གཞོན་སྐྱེས་ཚོས་ངར་ཤུགས་ཆེན་པོ་བྱེད་ཀྱི་ཡོད་ས་རེད། ཐུགས་ཁག་ཡོད་པ་མ་རེད་དེ། དེ་འདྲ་མ་གནང་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

 

མཇུག་ཏུ་ཁོང་ལ་དགོང་མོ་དེར་གྲོངས་ཟིན་པའི་ཕོ་གསར་དེ་དང་མཉམ་དུ་ཡོད་པའི་བུ་མོ་དེའི་སྐོར་དྲིས་པར་ཁོང་གིས། ཁ་སང་ས་གནས་མགོ་འཛིན་དང་མདོ་སྨད་དབུས་རྒྱུན་ཚོགས་གཙོ་སོགས་སོང་སྟེ། ཉེན་རྟོག་པར་བུ་མོ་དེར་སྲུང་སྐྱོབ་ཡག་པོ་བྱེད་རོགས་ཞེས་སྙན་སེང་ཞུས་འདུག ད་ལྟ་མི་གསོད་མཁན་འཛིན་བཟུང་བྱས་ཟིན་པ་དང་། ཁྲིམས་ཐོག་ཐག་གཅོད་ཡོང་རྒྱུར་བརྟེན་བུ་མོའི་བདེ་འཇགས་ལ་སྐྱོན་ཡོང་གི་མ་རེད་བསམ་གྱི་འདུག ཅེས་གསུངས་སོང་།

 

DSC_2047གསར་འགོད་པས་དྷ་རམ་ས་ལའི་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་སུ། བོད་པའི་ཕོ་གསར་གསོད་མཁན་གྱི་རྒྱ་གར་བ་དེ་དག་གང་ནས་ཡིན་པ་དང་། ཁོང་ཚོའི་ཁྲོད་ཀྱི་མི་གཅིག་སྔོན་ཆད་དྷ་སྟེང་བོད་ཁྱིམ་སློབ་གྲྭར་ཞུགས་མྱོང་རབ་འདུག་པ་བདེན་པ་ཡིན་མིན་དྲིས་པར་ཁོང་གིས། གྲི་རྒྱག་མཁན་གཅིག་སྔོན་མ་བོད་ཁྱིམ་སློབ་གྲྭའི་ནང་ཞུགས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན་པ་བདེན་པ་རེད། དེ་ཁ་གསལ་པོ་ཆགས་ཚར་བ་རེད། ཁོ་རང་ཨ་མདོའི་གྲོང་གསེབ་རང་ལ་འདུག་མཁན་གྱི་ཡུལ་མི་ཞིག་གི་བུ་ཕྲུག་རེད། གྲི་རྒྱག་མཁན་གཞན་པ་དེ་ཚོའི་ནང་ནས་གཅིག་ད་ལྟ་བྷག་སུའུ་ནང་ལས་ཀ་བྱེད་མཁན་རེད།

 

ཐེངས་འདིའི་གནད་དོན་གྱི་འགན་གཙོ་བོ་སུས་འཁུར་གྱི་ཡོད་མེད་དྲིས་པར། ད་ལྟའི་གནས་སྟངས་འདྲ་བོ་ཡིན་ན། ས་གནས་མགོ་འཛིན་གྱིས་དམིགས་བསལ་གྱིས་འགན་འཁུར་བའི་ཐོག་ནས་མདོ་སྨད་ཆོལ་ཁའི་རྒྱུན་ལས་རྣམ་པས་འགན་འཁུར་གྱི་ཡོད་པ་རེད། མ་འོངས་པར་ཁྲིམས་ཁང་ནས་ཐག་གཅོད་བྱེད་སྐབས་དཔང་རྟགས་ཡག་པོ་དགོས་ཀྱི་ཡོད་སྟབས། དཔང་རྟགས་ཀྱི་ཆེད་དུ་ང་ཚོ་ཚང་མ་མཉམ་རུབ་བྱེད་དགོས་པ་རེད། གཡས་གཡོན་གྱི་བོད་པ་གཅིག་གཉིས་ཀྱིས་དངོས་སུ་མཐོང་འདུག་ཀྱང་། ཁོང་ཚོ་མདུན་ལ་ཐོན་ནས་བཤད་ཐུབ་ཀྱི་མེད་སྟབས། ཁོང་ཚོར་ང་ཚོས་བདེན་དཔང་གནང་རོགས་ཟེར་ནས་འབོད་སྐུལ་ཞུ་ཡི་ཡོད། ག་ཚོད་ཀྱིས་མི་མང་པོས་ལབ་པ་ཡིན་ན། ནག་ཉེས་འདི་རིགས་ཀྱི་ནང་ཉེས་ཅན་ཁྲིམས་ཁང་ནས་ཀློད་གྲོལ་བཏང་ཟེར་བའི་གནས་སྟངས་རྩ་བ་ཉིད་ནས་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

 

WeChat_1446460357དེ་རིང་བུ་མོ་དེས་ཉེས་ཅན་ངོ་རྟགས་འཛིན་གྱི་ཡོད་པའི་སྐོར་ལ་ཁོང་གིས། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཐོག་བུ་མོ་དེས་ཉེས་ཅན་རྣམས་ངོས་འཛིན་བྱ་རྒྱུ་ཡིན་པ་དང་། ངོས་འཛིན་བྱེད་སྟངས་དེ་ག་འདྲ་རེད་ཟེར་ན། ཉེས་ཅན་གསུམ་དང་ཁོ་ཚོ་འདྲ་བོ་དྲུག་བདུན་ཞིག་མཉམ་དུ་བཞག་སྟེ། ཤེལ་སྒོ་ཞིག་གི་ནང་ནས་བུ་མོས་ཁོ་ཚོ་མཐོང་བ་དང་། ཁོ་ཚོས་བུ་མོ་མི་མཐོང་བ་བཟོས་ཏེ་མི་དེ་དག་ངོས་འཛིན་བྱ་དགོས་པ་རེད། ང་ཚོའི་ངོས་ནས་བུ་མོ་དེས་གྲི་རྒྱག་མཁན་དེ་རེད། སྦག་སྦག་གཏོང་མཁན་དེ་རེད་ཅེས་ངོ་རྟགས་ཆོད་པར་ཡིད་ཆེས་ཡོད། ཅེས་གསུངས་སོང་།

 

གསར་འགོད་པས་མདོ་སྨད་དབུས་རྒྱུན་ཚོགས་གཙོ་གངས་རི་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཚེས་ ༣༡ ཉིན་གྱི་ཞོགས་པར་གནས་ཚུལ་དེ་ཐོས་མ་ཐག མདོ་སྨད་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས། དྷ་སའི་ས་གནས་མགོ་འཛིན། འདས་པོའི་མི་བདག་དགེ་བསྟན་པ་བཀྲ་ཤིས་ལགས་དང་ང་ཚོ་ཉེན་རྟོག་པའི་སར་སོང་པ་ཡིན། ཉེན་རྟོག་པ་ཚོར་སྙན་སེང་ཞུ་དུས་ཁོ་ཚོས་དཔེ་ཡག་པོ་བྱས་སོང་། ཉི་མ་དེའི་ཉིན་རྒྱབ་ཉེན་རྟོག་པས་ལག་དམར་གསུམ་འཛིན་བཟུང་བྱས་ཡོད་ས་རེད། ང་ཚོར་སྟོན་གྱི་མི་འདུག ཉེན་རྟོག་པ་ཚོས་ས། “ཁྱོད་རང་ཚོས་སེམས་ཁྲལ་མ་བྱེད། ཁོ་ཚོའི་གྲི་དང་སྦག་སྦག་ཚང་མ་བཟུང་ཡོད། བློ་བདེ་བོ་བྱོས” ཞེས་ནས་ཤོད་ཀྱི་འདུག དེ་ནས་ང་ཚོས་ཉེན་རྟོག་པར་ཁྱོད་རང་ཚོས་དྲང་མོ་དྲང་བཞག་གནང་རོགས་ལབ་པ་ཡིན། ཞེས་བརྗོད་སོང་།

 

11049613_1668007370153142_4057573329918989891_nའདས་པོའི་གྲོགས་མོ་དེའི་སྐོར་དྲིས་པར་ཁོང་གིས། བུ་མོ་དེར་ང་ཚོ་དངོས་སུ་ཐུག་སྟེ། སེམས་ཁྲེལ་རྩ་བ་ནས་བྱེད་དགོས་མ་རེད། ཁྱེད་རང་སྲུང་མཁན་ང་ཚོས་གོ་སྒྲིག་བྱེད་ཀྱི་ཡོད། དགོང་མོ་དེར་ཁྱོད་རང་གཉིས་ལ་ག་རེ་བྱུང་བ་དེ་ཉེན་རྟོག་པར་གསལ་བོ་ལབ་དགོས་པ་རེད། ང་ཚོར་བདེན་དཔང་གཅིག་ཡོད་པ་དེ་བུ་མོ་ཁྱོད་རང་རེད། ཁྱེད་རང་ག་བ་ཐུག་པ་ཡིན་ན་དྲང་མོ་དྲང་རྐྱང་བཤད་དེ་ཁྱེད་རང་གིས་ཤུགས་རྒྱག་དགོས་རེད། ཅེས་ལབ་པ་ཡིན། མོ་རང་གིས་ཀྱང་ཡིན་དང་ཡིན་ལབ་སོང་། ཁ་སང་ཉེན་རྟོག་པ་ཚོས་ཀྱང་ང་ཚོས་ལས་ཀ་བྱེད་དགོས་པ་དེ་བྱས་ཡོད། མཐའ་མ་ཁྱེད་རང་ཚོ་རེད་ཅེས་ནས་བཤད་ཀྱི་འདུག

 

ཉེན་རྟོག་པ་ཚོས་ཕུང་བོར་བརྟག་དཔྱད་བྱས་རྗེས་ང་ཚོར་སྤྲད་སོང་། དེ་རིང་གཟའ་ཟླ་བ་ཉི་མ་ཡག་པོ་ཞིག་ཡིན་སྟབས། ཕུང་པོ་མེར་བསྲེགས་གནང་པ་རེད། མདང་དགོང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མ་ཕེབས་སོང་ལ། དེ་རིང་ཞོགས་པར་མེར་བསྲེགས་སྐབས་སུའང་མི་ཧ་ཅང་མང་པོ་ཕེབས་ཏེ་གདུང་སེམས་མཉམ་སྐྱེད་གནང་གི་འདུག དེ་བཞིན། དེ་རིང་དྷ་རམ་ས་ལའི་ཚོང་ཁང་དང་ཟ་ཁང་ཚང་མས་མྱ་ངན་བྱས་ཏེ་སྒོ་རྒྱག་གི་ཡིན་ཟེར་གྱི་འདུག དེར་མ་ཟད། ཕལ་ཆེར་སང་ཉིན་གནང་ཉིན་ཞི་བའི་སྒོ་ནས་སུ་གང་ལ་སྡུག་མེད་པར་བློ་ཕམ་ཡོད་པའི་སྒང་ནས་སྒོ་བརྒྱབ་ནས་སྡོད་ཀྱི་ཡིན་ཟེར་གྱི་འདུག ང་ཚོས་ཀྱང་སྒོ་རྒྱག་དགོས་པ་མ་རེད་ཟེར་ནས་ལབ་ཤེས་ཀྱི་མ་རེད། ཅེས་བརྗོད་སོང་།

 

DSC_2040དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མི་སྣ་དང་དྷ་ས་ཁུལ་གྱི་མང་ཚོགས་ཚོས་དེ་རིང་ཞོགས་པར་འདས་པོའི་ཕུང་བོ་མེར་བསྲེགས་གནང་རྗེས་དྷ་ཤོད་ཀ་ཅ་རུལ་ཁྲིམས་ཁང་སྒོ་ཁར་འཛོམས་ཏེ། མི་མང་ ༢༠༠ ལྷག་གི་ས་རྟགས་བསྡུ་རུབ་གནང་སྟེ། ས་གནས་ཆེས་མཐོའི་ཉེན་རྟོག་མགོ་བ་(Abhishek dhulal)ཞུ་བ་ཁོང་ལ། བོད་པའི་ཕོ་གསར་དེའི་ཆེད་དུ་བོད་མི་ཚོས་དོ་ནུབ་མྱ་ངན་གྱི་མར་མེ་ཁྲོམ་སྐོར་གནང་རྒྱུ་དང་། སང་ཉིན་མུ་མཐུད་དུ་དྷ་ས་ཁུལ་གྱི་མང་ཚོགས་ཀྱིས་ཚོང་ཁང་ཟ་ཁང་ཁག་སྒོ་བརྒྱབ་སྟེ་མྱ་ངན་མཆོད་འབུལ་བྱ་རྒྱུའི་ཆོག་མཆན་ཞུས་ཏེ་བཀའ་འཁྲོལ་རེག་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༦ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༡ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. ཀརྨ་ཚེ་རིང་། says:
    ལོ་ 10 སྔོན།

    རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་བོད་པ་གསོད་མཁན་གྱི་ལག་དམར་བ་དག་གི་མིང་། ཀེ་ལ་ཤ (Kailash)དང་། ཪིནཀུ་ (Rinku)། མ་ཧེ་ཤ་ཀུ་མར་ (Mahesh Kumar) བཅས་ཡིན་འདུག

    Reply
  2. Jampa2020 says:
    ལོ་ 10 སྔོན།

    འོ་ཡ་ཚིག་གཅིག་གཉིས་ཞིག་བྲིས་མཆོག་པ་ཞུ་ཡི་གེའི་དག་ཆ་དེ་ཙམ་ཡག་པོ་མེད་དེར་དགོང་དག་བྱས། འོ་ཡ་ད་ནང་དོན་ཅི་ཡིན་ཟེར་ན་ཁྲིམས་ལ་ཡིད་ཆེས་བྱས་མིག་གི་དངོས་སུ་ཐོང་མཁན་གི་དཔང་པོ་བྱས་དེ་ནས་ཡུལ་མི་དང་ཕན་ཚུལ་མཐུན་པོ་བྱས་འོ་ཡ་ཕན་ཚུལ་དབར་རྣམ་འགྱུར་གང་བྱུང་མ་བརྟན་ན་ཡག་ལེ་རེད་བསམ་གི་འདུག་རྡ་རམས་ས་ལ་རི་ཙོག་ཙོག་དེའི་སྟིང་ནམ་ཡང་བོད་མེར་དབང་བའི་ས་ལག་ཐེལ་ཙམ་ཡང་མེད་བྱས་ཙང་འགྲོན་བདག་ལ་རྣམ་འགྱུར་མི་ལེགས་པ་མི་བརྟན་པར་དཔེར་ན་༼བྱ་མི་སྒྲོག་པར་སྒོ་ང་ལེན་༽ཞེས་པའི་དཔེ་ལྟར་བྱས་ན་ཁེ་མ་ཏོག་གྱོང་ཙ་བ་ནས་རག་གི་མ་རེད་ཨ་རོ་དེ་རྒན་པོ་ངའི་ཤ་ཚའི་བསམ་ཚུལ་ཡིན་ཏ་

    Reply
  3. དགེ་ལེགས་ལུང་རིགས says:
    ལོ་ 10 སྔོན།

    དངོས་གནས་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། ཡིན་ཡང་གཞན་ལ་གནོད་ཤུགས་དང་འཁོན་འཛིན་གྱིས་འདས་པོ་ལ་ཕན་མི་སྲིད། ཁྲིམས་ལུགས་ལག་སྟར་བྱས་རྒྱུ་ཤིན་ཏུ་གལ་ཆེ་ལ་དེ་ལ་ཡིད་ཆེས་ཡང་དགོས།

    Reply
  4. ཚེ་རྣམ། says:
    ལོ་ 10 སྔོན།

    མི་གསོད་ལག་དམར་གཏེ་བོ་དེའི་ཐོག་བརྩེགས་ཁང་པ་ཞིག་ཨ་མདོའི་གྲོང་གསེབ་ཏུ་ཡོད་པ་དང་། ཁང་པ་དེའི་ནང་བོད་པ་གསར་འབྱོར་བ་མང་པོ་བསྡད་ཡོད་པའི་སྐད་ཆ་འདུག གྲོངས་ཟིན་པའི་བོད་པའི་ཕོ་གསར་དེའི་ངོ་ཤེས་གྲོགས་པོ་མང་པོ་ཞིག་གིས་ལག་མར་གྱི་ཁང་པའི་ནང་སྡོད་མཁན་ཚོར་འབོད་སྐུལ་ཞུས་ཏེ། ཁང་པ་དེའི་ནང་ནས་བོད་པ་མི་གཅིག་ཀྱང་མི་སྡོད་རྒྱུ་དང་། གལ་སྲིད་ཁང་པ་རེག་མིན་དང་དངུལ་གྱི་དཀའ་ངལ་སོགས་འཕྲད་ན་འདས་པོའི་གྲོགས་ཕོ་མོ་ཚོས་རོགས་རམ་བྱ་རྒྱུར་འབོད་སྐུལ་དང་བརྒྱུད་སྐུལ་བྱེད་བཞིན་འདུག འདི་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ད་རེས་ཀྱི་གོ་སྐབས་འདི་བརྒྱུད་དེ་རྡ་རམ་ས་ལ་ཁུལ་གྱི་བོད་མི་ཚོས་ཁྱོན་ཡོངས་ནས་རྒྱ་གར་བ་ཚོར་རྣམ་འགྱུར་ཞིག་སྟོན་དགོས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese