མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱོགས་གཉིས་ཀྱི་ཐོབ་ཐང་ལ་བརྩི་བཀུར་དགོས།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

གོ་མིན་ཏང་དང་གུང་ཁྲན་ཏང་འཐབ་འཁྲུག་མཇུག་བསྒྲིལ་བའི་ལོ་ངོ་ ༦༠ རྗེས་ཀྱི་རྒྱ་ནག་དང་ཐའེ་ཝན་གྱི་སྲིད་འཛིན་ཐུག་འཕྲད་ཐོག་མ་གནང་རྒྱུ་ཡིན་འདུག

༡༢ཁ་སང་ཐའེ་ཝན་སྲིད་འཛིན་ལྷན་ཁང་གི་མགྲིན་ཚབ་པ་ཁྲིན་ཡེ་ཞིན་ (Chen Yixin) གྱིས། ཟླ་འདིའི་ཚེས་ ༧ ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅའུ་ (Ma Ying-jeou) དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་སེང་གྷ་པུར་ནས་ཐུག་འཕྲད་བྱ་འཆར་ཡོད་པ་ཁྱབ་བསྒྲགས་བྱས་འདུག དེ་ནི་ཕྱི་ལོ་ ༡༩༤༩ ལོར་རྒྱལ་ཁབ་གཉིས་བར་འཐབ་འཁྲུག་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག

མགྲིན་ཚབ་པ་ཁྲིན་ཡེ་ཞིན་གྱིས། སྲིད་འཛིན་མཱ་ཡོན་ཅའུ་ཡི་ཐུག་འཕྲད་དེའི་དམིགས་ཡུལ་གཙོ་བོ་རྒྱ་མཚོའི་མཐའ་ གཉིས་ཞི་བདེ་ལྷང་འཇགས་ཡོང་ཐབས་དང་། ད་ལྟའི་ཐའེ་ཝན་གྱི་མཚོ་མཐའ་མུ་མཐུད་གནས་ཐབས་བྱ་རྒྱུ་དེ་རེད། སྐབས་དེར་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་གཏམ་བཤད་དང་གྲོས་ཆོད་ལ་ས་རྟགས་རྒྱག་རྒྱུ་གང་ཡང་ཡོད་པ་མ་རེད། ཅེས་བརྗོད་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གི་འགན་འཛིན་ཀྲང་ཀྲི་ཅོན་ (Zhang zhijun) གྱིས། ཟླ་འདིའི་ཚེས་ ༧ ཉིན་མཚོ་མཐའ་གཉིས་ཀྱི་མགོ་ཁྲིད་ཞི་ཅིན་ཕིན་དང་མཱ་ཡོན་ཅའུ་གཉིས་སེང་གྷ་པུར་ནས་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་ཞི་བདེ་འབྲེལ་ལམ་གོང་འཕེལ་ཐད་བསམ་ཚུལ་བརྗེ་རེས་བྱ་རྒྱུ་རེད། ད་རེབ་ཀྱི་ཐུག་འཕྲད་དེ་མགོ་ཁྲིད་གཉིས་ཀྱི་ཐོབ་ཐང་དང་མཚན་གནས་ཀྱི་ངོས་ནས་འདུ་འཛོམས་བྱུང་བ་ཞིག་ཡིན་པ་ཕྱོགས་གཉིས་གས་མོས་མཐུན་ཡོད་པ་མ་ཟད། འདི་ནི་ཕྱོགས་གཉིས་ཀྱི་ཆབ་སྲིད་མི་མཐུན་པ་ཐག་གཅོད་མ་བྱས་པའི་གནས་སྟངས་འོག་རྒྱ་ནག་གཅིག་གི་རྩ་དོན་གཞིར་བཟུང་སྟེ་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་སྟེ་གོ་སྒྲིག་བྱས་པ་ཞིག་ཡིན། ཞེས་བརྗོད་འདུག

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ཨེ་ལེ་ཟ་བྷེ་ཐི་ (Elizabeth Trudeau) ཡིས། འདས་པའི་ལོ་ཤས་རིང་ཐའེ་ཝན་གྱི་མཚོ་མཐའ་དང་སྐམ་སའི་གནད་དོན་མཐུན་པོ་དང་བརྟན་པོ་ཡོང་པ་དེ། ཨ་རི་དང་ཐའེ་ཝན་གྱི་ས་ཁུལ་ལ་ཁེ་ཕན་ཆེན་པོ་བྱུང་ཡོད་པ་དང་། ང་ཚོས་པེ་ཅིན་སྲིད་གཞུང་དང་ཐའེ་པེ་སྲིད་གཞུང་གཉིས་ནས་མུ་མཐུད་དུ་ཆེ་མཐོང་དང་གུས་ཞབས་ཐོག་གྲོས་མོལ་བྱ་རྒྱུར་སྐུལ་མ་གཏོང་གི་ཡོད། མཚོའ་མཐའི་གནད་དོན་ཞི་བའི་ངང་ཐག་གཅོད་དང་། ཕྱོགས་གཉིས་ཀྱི་མི་མང་གིས་ངོས་ལེན་ཡོད་པའི་ཐག་གཅོད་ཡོང་རྒྱུར་ང་ཚོར་ཡིད་ཆེས་ཡོད། ཉེ་བའི་ལོ་ཤས་ནང་ཐའེ་ཝན་དང་རྒྱ་ནག་སྐམ་ས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བཞིན་པ་དེར་ང་ཚོས་དགའ་བསུ་བྱེད་བཞིན་ཡོད། ཅེས་བརྗོད་འདུག

དེ་རིང་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ཀྲུང་ཧྭ་གོ་མིན་ཏང་གི་རྒྱ་ནག་སྐམ་ས་ཚོགས་པའི་མགོ་གཙོ་ཞཱ་ལི་ཡན་ (Xia Liyan) གྱིས་མཱ་ཡོན་ཅའུ་དང་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་སྐོར་ལ་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། མཱ་ཡོན་ཅའུ་ས་ཆ་གང་དུ་སོང་ཡང་སྲིད་འཛིན་གྱི་ཐོབ་ཐང་ལ་འགྱུར་བ་རྩ་བ་ནས་ཡོད་པ་མ་རེད། ཅེས་ཡང་ཡང་བརྗོད་ཡོད་འདུག

སང་ཉིན་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅའུ་ཡིས་རྒྱལ་སྤྱི་རང་བཞིན་གྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ་ཁོ་རང་ད་རེབ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱེད་འཆར་གྱི་ནང་དོན་སྐོར་གསལ་བཤད་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༢ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

མཆན། 1

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 11 སྔོན།

    ངས་ཤེས་ཚོད་ལ་ཐེ་ཝན་དང་རྒྱ་ནག་སྐམ་སའི་སྲིད་འཛིན་རིམ་པའི་ཆེས་མཐོའི་ཐུག་འཕྲད་འདི་ཐེངས་དང་པོ་ཡིན་སྙམ། གཞན་ཚོའི་འབྲེལ་མོལ་ཡར་རྒྱས་འགྲོ་གི་ཡོད་ཀྱང་། བོད་དོན་འདི་ད་སྐབས་གང་ལའང་སླེབས་ཀྱི་མི་འདུག དེ་ལས་ཀྱང་མི་དགོས་རྒྱུ་ནང་ཁུལ་སྐྱོན་འཛུགས་དང་རྙོག་གླེང་མང་པོ་ཞིག་བྱུང་བ་རེད། བཙན་བྱོལ་བོད་མི་ཚོས་སྐྱོན་འཛུགས་བྱེད་སྟངས་ལ་གཅིག་ལྟོས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་རྒྱ་དམར་གྱི་དངུལ་ཟ་མཁན་རེད་ཟེར་ནས་སྐྱོན་འཛུགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་མི་གསོད་ལག་དམར་དང་མི་ཚོང་རྒྱག་མཁན་ཟེར་ནས་སྐྱོན་འཛུགས། རང་བཙན་འཐབ་རྩོད་པ་ཀླུ་མཁར་བྱམས་དོལ་རྒྱལ་ཚོགས་པར་འབྲེལ་བ་ཡོད་ཚུལ་སོགས་ཀྱི་གླེང་རྙོག་འདི་དག་གིས་བོད་ནང་གི་བོད་མི་ཚོར་སེམས་ཤུགས་ཆག་རྒྱུ་བཟོ་གི་ཡོད། བོད་ནང་གི་བོད་མི་ཚོས་གོ་ཚེ་རྒྱལ་བ་རིན་པོ་ཆེ་མ་གཏོགས་བཙན་བྱོལ་ནང་གི་འགོ་ཁྲིད་ཚོར་ལྟ་ས་གང་ཡང་མེད་པར་ཞེད་སྣང་སྐྱེས་དགོས་པ་ཞིག་ཡིན་པར་སྒྲུབ་ཀྱི་ཡོད། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོ་བ་ཅན་ལ་ལྕགས་གཅིག་ཟེར་བ་ཡིན་མོད། ང་ཚོ་ནི་མགོ་མཇུག་ལྡོག་ནས་འགྲོ་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese