མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་འོས་འདེམས་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ (Wall Street Journal) གསར་ཁང་གི་དཔྱད་བརྗོད། པདྨ་རྒྱལ་གྱིས་སྒྱུར།

 

 

______འབར་མའི་རྨི་ལམ་མངོན་འགྱུར་དགོས་ན། འབར་མའི་ཆབ་སྲིད་ལ་ཆིག་སྒྲིལ་གསར་བ་ཡོང་དགོས།

 

 

Screen Shot 2015-11-09 at 10.12.03 AMཁ་སང་རེས་གཟའ་ཉི་མའི་ཉིན་འབར་མའི་མི་མང་གིས་འདས་པའི་དུས་རབས་ཕྱེད་ལྷག་རིང་དུས་ཐོག་མར་ཕྱི་གསལ་ནང་གསལ་གྱི་སྒོ་ནས་འོས་འདེམས་བྱས་ཏེ། འབར་མའི་དམངས་གཙོ་ཚོགས་པས་ཕྱི་ལོ་ ༡༩༦༢ ལོ་ནས་འབར་མའི་དམག་གཞུང་གིས་སྒེར་གཅོད་བྱེད་བཞིན་པའི་འབར་མའི་སྲིད་དབང་དེ་ཐུན་མོང་ཅན་དུ་སྤྱོད་ཐུབ་མིན་ལ་ཚོད་ལྟ་ཐེངས་གཅིག་བྱས་ཡོད་པ་རེད། ད་རེབ་འབར་མའི་རྒྱལ་ནང་གི་སྲིད་ཚོགས་མང་པོས་ཁྲིམས་མཐུན་གྱི་སྒོ་ནས་རྒྱལ་ཡོངས་མི་མང་ལ་འོས་འདེམས་བྱེད་བཅུག་པ་དེས་འདས་པའི་མི་ལོ་བཅུ་ཕྲག་རིང་རྗེས་ལུས་མུན་ནག་ཁྲོད་ལྷག་པའི་འབར་མའི་རྨི་ལམ་མངོན་འགྱུར་སྲིད་དམ།

 

འབར་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ཁྲོད་རོབ་རྩིས་མི་མང་ས་ཡ་ ༣༠ མཉམ་ཞུགས་བྱས་ཡོད་ཀྱང་། ཁོ་ཚོས་འོས་བསྡུའི་སྒྲིག་འཛུགས་ཀྱི་དབང་ཆ་དེ་ལྕམ་ཨང་སན་སུའུ་ཀེས་དབུ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལག་ཏུ་འཇོག་སྲིད་མིན་དེ་དོགས་གཞི་ཆེན་པོ་ཞིག་ཡིན། སྲིད་དབང་སྒེར་སྡོམ་དམག་དཔོན་ཚོས་གྲོས་ཚོགས་ཀྱི་དབང་འཛིན་པ་ཚོར་དབང་ཆ་ཆེན་པོ་སྤྲད་དེ་གྲོས་ཚོགས་ནང་འགོག་རྐྱེན་ཤུགས་ཆེན་བཟོ་བཞིན་ཡོད་སྟབས། གནད་དོན་འདི་ད་རེབ་ཀྱི་འོས་བསྡུ་དང་གཏན་ནས་འདྲ་ཡི་མ་རེད།

 

དེ་ལྟའི་གྲོས་ཚོགས་ (ཕྱི་ལོ་ ༢༠༠༨ ལོ་ནས་དམག་གཞུང་གི་དབང་འོག་ཏུ་བཅུག་སྟེ། ཕྱི་འབྲེལ་མི་སྣ་ཡོད་ཚད་འགོག་སྡོམ་བྱེད་བཞིན་ཡོད།) ཀྱི་འགོག་རྐྱེན་ལ་བརྟེན་ནས་ལྕམ་ཨང་སན་སུའུ་ཀེ་མཆོག་ལ་སྲིད་འཛིན་རྒྱལ་ཁ་འཐོབ་རྒྱུ་ཁག་པོ་ཆགས་ཡོད། ལྕམ་ཨང་སན་སུའུ་ཀེ་མཆོག་གི་སྐུ་ཟླ་རྗེས་མ་དང་ཁོང་མོའི་བུ་གཉིས་ཀ་དབྱིན་ཇིའི་མི་སེར་ཡིན་པ་རེད། དེར་མ་ཟད་འབར་མའི་གྲོས་ཚོགས་ལ་ད་དུང་གྲོས་ཚོགས་ནང་གི་སྲིད་སྟེགས་བརྒྱ་ཆ་ ༢༥ དང་། རྒྱལ་སྲུང་ལྷན་ཁང་ཁག་གི་ལྟ་རྟོག་དང་སྟངས་འཛིན་བྱེད་པའི་དྲག་པོའི་དམག་དཔུང་གི་དབང་ཆ་སོགས་སྤྲད་ཡོད་སྟབས། གྲོས་ཚོགས་ནང་བསྒྱུར་བཅོས་བཏང་ཆོག་ཆོག་ཡིན་པ་རེད།

 

འབར་མའི་འོས་བསྡུ་ཚོགས་ཆུང་གི་མགོ་འཛིན་ཡང་དམག་དཔོན་ཟུར་བ་ཞིག་ཡིན་པས། ཁོ་རང་འབར་མའི་དམག་གཞུང་ཕྱོགས་གཏོགས་ཚོགས་པར་ཡིད་རྟོན་བྱེད་མཁན་ཞིག་ཡིན་ཞིང་། འོས་འདེམས་པའི་སྒྲིག་འཛུགས་ལ་རྙོག་འཛིང་ཆེ་གཤིས། དམངས་གཙོ་ཚོགས་པའི་ཕྱོགས་གཏོགས་ཀྱི་འོས་འདེམས་པ་ཚོས་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ། རའོ་ཧེན་གྷ་ཁ་ཆེ་མི་མང་ས་ཡ་གཅིག་དང་གྲང་ཉུང་མི་རིགས་ས་ཁུལ་གྱི་གྲོང་སྡེ་བརྒྱ་ཕྲག་མང་པོ་ད་རེབ་ཀྱི་རྒྱལ་ཡོངས་འོས་བསྡུའི་ནང་ཞུགས་ཡོད་པ་མ་རེད།

 

རྒྱལ་སྤྱིའི་འོས་བསྡུ་རྟོག་ཞིབ་ཚན་ཁག་གིས་འབར་མའི་འོས་བསྡུའི་ས་ཁུལ་སྟོང་ཕྲག་ ༤༠ ལྷག་ཡོད་པའི་ནང་འོས་འདེམས་དྲང་པོ་ཡིན་མིན་ལ་རྟོག་ཞིབ་གནང་ཐུབ་མེད་པ་དང་། ལྕམ་ཨང་སན་སུའུ་ཀེས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ས་ཁུལ་རེ་འགའི་ནང་འོས་འདེམས་པ་གཅིག་གིས་འོས་ཤོག་གཉིས་རེ་ལྡུག་ཆོག་པ་བཟོས་སྟབས་དེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། མ་ཟད་ཟླ་འདིའི་ཕྱི་ཚེས་ ༥ ཉིན་ལྕམ་ཨང་སན་སུའུ་ཀེ་མཆོག་གིས་བྷེ་བྷེ་སེ་གསར་ཁང་གི་དྲི་བ་དང་ལེན་སྐབས་སུ། ད་རེབ་ཀྱི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་དྲང་བདེན་མིན་པའི་ཉེན་བརྡ་ཡང་བཏང་ཡོད།

 

ཡིན་ན་ཡང་འབར་མའི་མི་མང་གི་དམངས་གཙོའི་རེ་སྨོན་ལྟར་མཉམ་འབྲེལ་གཞུང་ (coalition)(འོས་གྲངས་ཀྱི་ཐོག་ནས་ཚོགས་པ་ཁག་ཟླ་སྒྲིལ་བཏང་བ་ལས་གྲུབ་པའི་སྲིད་གཞུང་ལ་གོ) དང་ལྷན་དུ་ལྕམ་ཨང་སན་སུའུ་ཀེས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་འཐོབ་སྲིད་པ་དང་། གལ་ཏེ་མཉམ་འབྲེལ་གཞུང་ནང་གྲོས་ཚོགས་ཀྱི་མང་མོས་འཐོབ་པ་ཡིན་ན། འབར་མའི་རྒྱལ་ཁབ་ལ་དབུ་ཁྲིད་གཞན་ཞིག་བདམ་སྲིད་ཅིང་། གནས་སྟངས་དེའི་འོག་ལྕམ་ཨང་སན་སུའུ་ཀེ་མཆོག་གིས་ཐད་ཀར་མ་ཡིན་པར་འབར་མའི་རྒྱལ་ཁབ་ལ་དབུ་ཁྲིད་གནང་བའམ་གཅིག་བྱས་ན་གྲོས་ཚོགས་ཀྱི་མགྲིན་ཚབ་པར་འགྱུར་ཡང་སྲིད་མོད། འོན་ཀྱང་ཁོང་མོ་ད་དུང་སྔོན་ཆད་ཀྱི་ཆབ་སྲིད་བཙོན་མ་ནས་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་བསྡད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech) ཀྱི་སྲིད་འཛིན་བག་ལ་བ་ཧ་བིལ་ (Vaclav Havel) དང་ལྷོ་ཨ་ཧྥི་རེ་ཁའི་ (South Africa) སྲིད་འཛིན་ནེལ་སོན་མན་ཌི་ལ་ (Nelson Mandela) ནང་བཞིན་འབར་མའི་རྒྱལ་ཁབ་ལ་ཐད་ཀར་དབུ་འཁྲིད་པར་འགོག་རྐྱེན་ཐེབས་ངེས་རེད།

 

གང་ལྟར། ཉིན་འགའ་ཞིག་རིང་འོས་བསྡུའི་མཐའ་འབྲས་རྟོགས་ཐབས་མེད་ཀྱང་། ཆེས་གནད་དུ་འཁེལ་བ་ཞིག་ནི། ཚོགས་པ་ཁག་གིས་གྲོས་ཚོགས་ནས་བཏོན་པའི་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱེད་སྲིད་མིན་དེ་རེད། གལ་ཏེ་འོས་བསྡུའི་གྲུབ་འབྲས་ཀྱི་རྒྱབ་ལོགས་སུ་ཆབ་སྲིད་ཆིག་སྒྲིལ་གྱི་སྟོབས་ཤུགས་མངའ་ཚེ། འབར་མ་དཔལ་འབྱོར་བཅོས་བསྒྱུར་ཕྱོགས་སུ་བསྐྱོད་ཐུབ་པ་དང་། རྒྱལ་ནང་གི་ཆབ་སྲིད་བརྟན་ལྷིང་ལ་བརྟེན་ནས་སྔར་ལས་ལྷག་པར་ཕྱིའི་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་སུ་བསྐྱོད་ངེས་རེད་ལ། འཕོ་འགྱུར་དེ་ཡང་རྒྱ་ནག་ལ་མ་བརྟེན་པའི་ཐོག་ནས་ཡར་རྒྱས་གོང་འཕེལ་འབྱུང་དགོས་ཤིང་། སྐབས་དེ་ཤད་དུ་འབར་མའི་མཉམ་འབྲེལ་གཞུང་གིས་རྒྱལ་ནང་དུ་འབྱུང་བཞིན་མི་རིགས་དབྱེ་འབྱེད་ཀྱི་དུས་ཟིང་ཞི་འཇགས་སུ་གཏང་ཐུབ་སྲིད།

 

ཕྱི་ལོ་ ༢༠༡༡ ལོར་ཡང་འབར་མའི་དམག་གཞུང་གིས་འབར་མའི་འོས་བསྡུ་དེ་འཛམ་གླིང་ལ་ཁ་ཕྱོགས་རྒྱུར་ཁས་ལེན་ཁག་ཐག་བྱས་ཀྱང་། ཆབ་སྲིད་བཅོས་བསྒྱུར་གྱི་འགྲོས་ཤིན་ཏུ་དལ་ཁར་དམག་གཞུང་གི་གཡོ་སྒྱུའི་འོག་ལྷག་པ་རེད། ད་རེབ་ཀྱི་འོས་བསྡུ་འདི་ནི་ཆབ་སྲིད་བཅོས་སྒྱུར་དང་ཡར་རྒྱས་ཀྱི་ཆུ་ཀློང་ཞིག་གམ། འཁྲུག་རྩོད་ཀྱི་སྣ་འདྲེན་དུ་འགྱུར་བའི་གཡོ་རྫུ་ཞིག ཡང་ན་ཆེས་སྐྱི་གཡའ་བའི་མཇུག་འབྲས་ངན་པ་གང་རུང་ཞིག་ཡིན་ངེས།

 

མ་རྩོམ་འབྲེལ་ཐག http://www.wsj.com/articles/burmas-election-test-1447020463

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese