མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ ༢༠ དང་དྲག་སྤྱོད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་ཆེའི་དྲག་སྤྱོད་ཚོགས་པར་རྒོལ་རྡུང་གཏོང་བའི་ཐད་མི་མཐུན་པ་ཆེན་པོ་ཡོད་པས་རྒྱལ་ཁབ་ ༢༠ ཡི་དབུ་ཁྲིད་ལྷན་ཚོགས་ཐོག་མཉམ་འབྲེལ་གྱི་ནུས་པ་འཐོན་མི་ཐུབ་སྐོར་བརྗོད་འདུག

 
1fcb0aa5-a4e9-4a1e-9c46-feda6b641a78ཕྱི་ཚེས་ ༡༥ ཉིན་ནས་བཟུང་ཉིན་གྲངས་གཉིས་རིང་། འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་ ༢༠ ཡི་དབུ་ཁྲིད་ལྷན་ཚོགས་ཐེངས་བཅུ་པ་ཊིར་ཀི་ (Turkey)ཡི་ཨིན་ཐལ་ཡཱ་མཚོ་འགྲམ་དུ་ཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ཐོག འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་རྒྱུན་འཁྱོངས་དང་དཔལ་འབྱོར་གྱི་སྟོབས་ཤུགས་སྲ་བརྟན་དུ་གཏོང་ཐབས་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་ནའང་། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་མཚན་མོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སའི་ནང་ཁ་ཆེའི་དྲག་སྤྱོད་ཚོགས་པས་(ISIS)གཏོར་རྒོལ་དོན་རྐྱེན་བསླངས་ཏེ། ཉུང་མཐར་མི་གྲངས་ ༡༣༢ དམར་གསོད་བཏང་ཡོད་པ་དང་། ཁ་ཆེའི་དྲག་སྤྱོད་ཚོགས་པས་བསྟུན་མར་སྤེལ་བའི་དོན་རྐྱེན་རྣམས་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཁག་ཚང་མར་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་ ༢༠ ཡི་དབུ་ཁྲིད་རྣམས་མཉམ་འབྲེལ་གྱི་ཐོག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཐུབ་པའི་རེ་བ་དང་འབོད་སྐུལ་བྱེད་བཞིན་ཡོད་འདུག

 

ཐེངས་འདིའི་ལྷན་ཚོགས་ཐོག་ཞུགས་པའི་ཨ་རིའི་སྲིད་འཛིན་ཨོ་བྷ་མས། ཕ་རི་སིའི་དམར་གསོད་དོན་རྐྱེན་འདི་ནི་ཕ་རི་སི་དང་ཧྥ་རན་སིའི་མི་མང་ལ་དྲག་རྒོལ་བྱས་པ་ཙམ་མིན་པར་འགྲོ་བ་མིའི་རིགས་ཡོངས་དང་། མིའི་རིགས་ཀྱི་ཡོངས་ཁྱབ་རིན་ཐང་ལྟ་བར་དྲག་རྒོལ་བྱས་པ་ཞིག་ཡིན་སྟབས། ང་ཚོས་དྲག་སྤྱོད་པར་རྒོལ་རྡུང་གཏོང་བའི་གྲ་སྒྲིག་ཆ་ཚང་བྱས་ཟིན་ལ། དེ་དང་མཉམ་དུ་ཧྥ་རན་སིའི་གཞུང་དང་མི་མང་ལ་ག་དུས་ཡིན་ནའང་རོགས་རམ་བྱ་རྒྱུ་ཡིན། ཞེས་དང་། ཨ་རི་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་དམ་ཟབ་ཀྱིས་ཕ་རི་སིའི་དམར་གསོད་དོན་རྐྱེན་གྱི་ཇུས་འགོད་པ་དང་ཚོགས་པ་རྗེས་འདེད་ཀྱིས་འཛིན་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 

ཡང་ལྷན་ཚོགས་ཐོག་ཞུགས་པའི་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས། དྲག་སྤྱོད་རིང་ལུགས་པའི་བྱ་སྤྱོད་ལ་རྒོལ་རྡུང་གཏོང་བ་དེ་རྒྱལ་སྤྱིའི་སྤྱི་ཚོགས་མཉམ་འབྲེལ་བྱས་ན་ད་གཟོད་ནུས་པ་ཐོན་ཐུབ་པ་རེད་ཅེས་བརྗོད་ཡོད་འདུག་ལ། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཕ་རི་སིའི་དམར་གསོད་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་ཞུ་བ་དང་། འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་པ་ཚོར་སེམས་གསོ་ཡོད་ཅེས་བརྗོད་འདུག

 

ཨ་རིའི་ནང་ཡོད་པའི་ཆབ་སྲིད་དཔྱད་བརྗོད་པ་ཡང་ཅན་ལི་ཡིས། ཁ་ཆེའི་དྲག་སྤྱོད་ཚོགས་པའི་གནད་དོན་དེ་འཛམ་གླིང་ཡོངས་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། གང་ཡིན་ཟེར་ན། ཚོགས་པ་དེས་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འགྱུར་བ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། དྲག་སྤྱོད་པར་རྒོལ་རྡུང་བའི་གནད་དོན་འདིའི་ཐད་ཨ་རིའི་གཙོས་དམངས་གཙོའི་རྒྱལ་ཁབ་ཁག་དང་ཨུ་རུ་སུའི་བར་མི་མཐུན་པ་ཆེན་པོ་ཡོད་པ་རེད། ཨུ་རུ་སུས་ཁ་ཆེའི་དྲག་སྤྱོད་ཚོགས་པའི་རྟེན་གཞི་གཙོ་བོ་སི་རི་ཡའི་ནང་ཡོད་སྟབས་དྲག་སྤྱོད་པར་རྒོལ་རྡུང་གཏོང་གིན་ཡོད་པ་དང་། ཨ་རིས་སི་རི་ཡ་ནི་དབང་ཆ་སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། དྲག་སྤྱོད་ལ་རྒོལ་གྱི་ཡོད་པ་མ་ཟད། དབང་ཆ་སྒེར་གཅོད་ལའང་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཨུ་རུ་སུས་དབང་ཆ་སྒེར་གཅོད་ལ་ངོ་རྒོལ་བྱེད་ཀྱི་མེད། ད་དུང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་འཇོག་པའི་སྟོབས་ཤུགས་འགྲན་རྩོད་བྱེད་ཀྱི་ཡོད་སྟབས། རྒྱལ་ཁབ་གཉིས་བར་མི་མཐུན་པ་ཆེན་པོ་བྱུང་གི་ཡོད་པ་རེད། ཅེས་དང་།
isis-army-700x430ཡང་ཁོང་གིས། ཁ་ཆེའི་དྲག་སྤྱོད་ཚོགས་པར་རྒོལ་རྡུང་གཏོང་བའི་ཐད་ཨ་རིའི་འགན་ཆེ་ཤོས་འཁུར་དགོས། གང་ཡིན་ཟེར་ན། ཨོ་བྷ་མས་སྲིད་འཛིན་གྱི་ལས་འཁུར་ཞུས་རྗེས། དབང་ཆ་སྒེར་གཅོད་དང་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་པར་མཐའ་གཅིག་ཏུ་རྒོལ་རྡུང་གཏོང་བའི་སྲིད་བྱུས་འཛིན་གྱི་ཡོད་པ་རེད། དེ་ནས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་འགན་ཆེན་པོ་འཁུར་དགོས། གང་ཡིན་ཟེར་ན། རྒྱལ་ཁབ་དེ་གཉིས་ཀྱིས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བྱ་འགུལ་ལ་བཀག་འགོག་མང་པོ་བྱས་པར་བརྟེན། ཁ་ཆེའི་དྲག་སྤྱོད་ཚོགས་པས་སྨྱོ་ཧམ་ཆེན་པོས་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་རིམ་པར་སྤེལ་གྱི་ཡོད་པ་རེད། འཛམ་གླིང་སྟོབས་ལྡན་རྒྱལ་ཁབ་ཁག་དང་། ལྷག་པར་དུ་ཨ་རི་དང་ཨུ་རུ་སུ་གཉིས་དོན་དམ་གྱི་མཉམ་འབྲེལ་བྱུང་བ་ཡིན་ན། ཁ་ཆེའི་དྲག་སྤྱོད་ཚོགས་པ་རྩ་མེད་བཟོ་རྒྱུ་ཁག་པོ་མིན་ལ། སི་རི་ཡའི་ནང་འཁྲུག་འཕྲལ་དུ་མཚམས་འཇོག་ཐབས་བྱས་ཏེ། རྒྱལ་ཁབ་བསྐྱར་སྐྲུན་ཡོང་བར་འབད་པ་ནི་གནད་དོན་ཐག་གཅོད་པའི་ཐབས་ལམ་ངོ་མ་དེ་ཡིན་སྐོར་བརྗོད་འདུག

 

 

རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པ་ཚོས། ཐེངས་འདིའི་ལྷན་ཚོགས་ཐོག་དྲག་སྤྱོད་རིང་ལུགས་པར་རྒོལ་རྡུང་གཏོང་བ་དང་། ཡུ་རོབ་ནང་སི་རི་ཡའི་སྐྱབས་བཅོལ་བ་འབོར་ཆེན་འབྱོར་བཞིན་ཡོད་པ་དེའི་ཐད་གླེང་སློང་བྱུང་བ་མ་ཟད། རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚང་མས་དྲག་སྤྱོད་རིང་ལུགས་པར་རྒོལ་རྡུང་གཏོང་རྒྱུ་ཡིན་པའི་ཁས་ལེན་བྱེད་སྲིད། ཡིན་ནའང་། རྒོལ་རྡུང་གཏོང་བའི་གལ་གནད་ཀྱི་བརྗོད་གཞིའི་ཐོག་རྒྱལ་ཁབ་ཁག་གི་ལངས་ཕྱོགས་ལ་སྔར་བཞིན་མི་མཐུན་པ་ཆེན་པོ་ཡོད་སྐོར་དང་། དེ་བཞིན་ཐེངས་འདིའི་དམར་གསོད་དོན་རྐྱེན་གྱིས་སི་རི་ཡའི་སྐྱབས་བཅོལ་བ་རྣམས་ལ་འགོག་རྐྱེན་ཆེན་པོ་བཟོ་རྒྱུ་ཡིན་ལུགས་བརྗོད་ཀྱི་འདུག ཡིན་ནའང་། ཡུ་རོབ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་རི་སིའི་དམར་གསོད་དོན་རྐྱེན་སོགས་གནས་ཚུལ་ག་རེ་བྱུང་བ་ཡིན་ནའང་། རྒྱལ་ཁབ་ཁག་གིས་སི་རི་ཡའི་སྐྱབས་བཅོལ་བའི་གནད་དོན་གླེང་སློང་བྱེད་པར་ཤུགས་རྐྱེན་ཐེབས་མི་འོས་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༡༤ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese