མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་རྒྱ་དང་ཆིག་སྒྲིལ་གྱིས་ཕུང་བའི་བོད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༣༠ ཉིན་མཚན་གྱི་ཆུ་ཚོད ༡༡ ཙམ་ལ་དྷ་ས་མེག་ལོ་གྷན་ཇི་སྦག་སོ་གཞུང་ལམ་དུ་རྒྱ་གར་བ་ཕོ་གསར་གསུམ་གྱིས་བོད་ནས་ཡོང་བའི་བོད་པའི་ཕོ་གསར་ཚུལ་ཁྲིམས་མཆོག་ལྡན་ཟེར་བ་ཞིག་ལ་བརྙས་བཅོས་དང་རྡུང་རྡེག་བཏང་མཐར་གྲིས་བསྣུན་ནས་རྐྱེན་ལམ་དུ་བཏང་། ཕྱི་ཉིན་འཛམ་གླིང་གི་ཡུལ་ཕྱོགས་སོ་སོ་ན་གནས་པའི་བོད་རིགས་སྤུན་ཟླ་རྣམས་གཙོས་དྲང་བདེན་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཞི་བདེ་ལ་དགའ་བའི་མི་རིགས་གཞན་པ་ཚོས་ཀྱང་གཞན་གྱི་ཚེ་སྲོག་སྲུང་སྐྱོབ་ཆེད་རང་གི་ཚེ་སྲོག་དོར་བའི་འདས་པོ་དམ་པ་དེ་ཉིད་ཀྱི་ཕྱོགས་སུ་ལངས་ནས་གསར་ལམ་ཁག་དང་། སྤྱི་ཚོགས་དྲ་རྒྱ་ངོ་དེབ་དང་སྐད་འཕྲིན་སོགས་ཀྱི་སྟེང་དུ་རྒྱབ་སྐྱོར་དང་སེམས་འཁུར་གྱི་རྩོམ་ཡིག་དང་བསམ་ཚུལ་སྣ་ཚོགས་ཤིག་སྤེལ་འདུག

 

འོན་ཀྱང་སེམས་པ་སྐྱོ་དགོས་པ་ཞིག་ལ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་དུ་གནད་དོན་དེའི་སྐོར་ཚིག་ཟུར་ཙམ་ཡང་བཀོད་མི་འདུག བོད་ནང་དུ་རྒྱ་མིས་ང་ཚོ་བོད་རིགས་སྤུན་ཟླ་ཞིག་བསད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་དེ་མ་ཉིད་དུ་གཞུང་འབྲེལ་དྲ་རྒྱའི་སྟེང་བཀོད་ཀྱི་ཡོད་པ་རེད། སྤྱིར་རྒྱ་དཀར་ནག་གཉིས་ལས་ཀྱིས་བོད་མི་བསད་པ་དེ་ཆབ་སྲིད་དང་དམིགས་ཡུལ་གྱི་ཐད་ནས་ཐ་དད་ཡིན་ཡང་། མི་བསད་པའི་ཉེས་བསགས་དང་ཁྲིམས་འགལ་བྱ་སྤྱོད་གཅིག་མཚུངས་སུ་ལྟ་དགོས་པ་ལས། འདི་ལ་ནག་ཉེས་ཆེ་ཆུང་དང་དབྱེ་འབྱེད་བྱེད་སྟངས་མེད།

 

དེ་བས་ཀྱང་བློ་ཕམ་དགོས་པ་ཞིག་ནི། རྒྱ་གར་བ་གསུམ་གྱིས་རུག་བརྒྱབ་སྟེ་ང་ཚོའི་བོད་རིགས་སྤུན་ཟླ་དེ་དམར་གསོད་གཏོང་སྐབས་ཁོང་གི་གྲོགས་མོས་སྐད་འབོད་ག་ཚོད་བརྒྱབ་ཀྱང་གཡས་གཡོན་དུ་གནས་པའི་བོད་པའི་མི་ཚང་ཚོས་གོ་ཐོས་བྱུང་ཡོད་ནའང་མ་གོ་མ་ཐོས་མདོག་མདོག་བྱས་ཏེ་ཁ་བཙུམ་ནས་བསྡད་པ་དེ་རེད། དེས་བོད་མི་ཚོར་ལ་རྒྱ་དང་ཆིག་སྒྲིལ་མེད་པའི་རྟགས་མཚན་གསལ་བོར་བསྟན་པ་ཙམ་དུ་མ་ཟད། ཡ་རབས་བཟང་སྤྱོད་དང་འགལ་བའི་བྱ་སྤྱོད་དང་བོད་མི་ཚོའི་ཞབས་འདྲེན་ཆགས་ཡོད།

 

བོད་མི་ཚོས་བོད་པའི་ཕོ་གསར་གྱི་རྒྱབ་ཏུ་ལངས་ནས་རྒྱ་གར་བ་དང་མཉམ་དུ་འཁྲུག་པ་རྒྱག་དགོས་པ་མ་རེད། འོན་ཀྱང་བོད་མི་ཚོ་མཚན་མོ་དེར་ཕྱི་ལ་ཐོན་ནས་སྐད་བརྒྱབ་པ་ཡིན་ན། ཕོ་གསར་དེའི་ཚེ་སྲོག་ཏན་ཏན་བསྐྱབས་ཐུབ་ཡོད་པ་རེད། ནང་ལ་བསྐོར་ན་སྟག་དང་ཕྱི་ལ་བསྐོར་ན་ཞི་མི་ཞེས་པའི་སྲིད་པ་རྒད་པོའི་གཏམ་དཔེ་དེ་བོད་མི་ཚོར་དཔེ་བཞག་ན་ཆེས་འོས་ཤིང་འཚམས་པ་ཞིག་རེད་སྙམ།

 

ཉིན་ཞིག་བོད་པ་ཚོས་རང་གི་མདུན་ནས་གཞན་གྱིས་རང་ཉིད་ཀྱི་ཕ་མ་བསད་པ་ཡིན་ནའང་ད་དུང་འཛུམ་དམུལ་དམུལ་བྱས་ནས་སྡོད་མི་སྲིད་པ་མ་རེད། སྐབས་དེ་དུས་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་གཞུང་ནས་གསུངས་པའི་ལྟ་བ་བརྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་དེ་གཞན་ལ་བཤད་ཀྱང་ཆོ་མེད་རེད་ལ། ཁ་ནས་མ་ནི་ཡིག་དྲུག་འདོན་པ་དང་བྱམས་སྙིང་རྗེ་སྒོམ་པའང་དོན་མེད་རེད། བོད་མི་ཡོད་དོ་ཅོག་བྱང་ཆུབ་སེམས་དཔའ་ཡིན་པའི་དབང་དུ་བཏང་རུང་། བྱང་ཆུབ་སེམས་པའི་སྡོམ་པ་ལ་ཚད་ཡོད་པ་རེད།

 

སྤྱི་ལོ་ ༡༩༥༩ ལོར་རྒྱ་ནག་བཅིང་གྲོལ་དམག་གིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་སྐབས་རྒྱ་གར་གཞུང་གིས་བོད་མི་ཚོ་སྐྱབས་བཅོལ་དུ་བླངས་པ་རེད། དེ་ནི་བོད་མི་ཚོར་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད། འོན་ཀྱང་བོད་མི་ཚོ་སྐྱབས་བཅོལ་བ་རེད་ཟེར་ནས་ཡུལ་མི་ཁག་གཅིག་གིས་དུས་རྒྱུན་འཕྱ་སྨོད་དང་། ཉེས་རྡུང་བཏང་ན་ཡུལ་ཁྲིམས་དང་འགལ་བ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་ཀྱང་ཁྲིམས་འགལ་རེད།

 

ང་ཚོ་རྒྱ་གར་དུ་བཙན་བྱོལ་བ་བྱས་ནས་ད་ལྟའི་བར་དུ་མི་ལོ་ལྔ་བཅུ་ལྔ་དྲུག་ལྷག་འགྲོ་བཞིན་ཡོད། ལོ་ངོ་འདི་དག་གི་རིང་ལ་ཡུལ་མི་མི་ཉུང་བ་ཞིག་གིས་བོད་རིགས་སྤུན་ཟླ་ཚོར་ཉེས་རྡུང་དང་འཕྲོག་བཅོམ། ཚོང་ཁང་མེར་བསྲེགས། བཙན་གཡེམ། དམར་གསོད་སོགས་བྱས་པ་ཉུང་ཉུང་ཞིག་གཏན་ནས་མ་རེད། ཆག་སྒོ་དེ་དག་གི་བྱུང་རིམ་རེ་རེ་བཞིན་བགྲང་ན་ཚིག་སྙོག་མང་འགྲོ་བས། སླད་མར་བློ་གཟུ་བོར་གནས་པ་ཚོས་ཞིབ་ཏུ་བརྟག་ན་ལེགས་པ་འདུག་སྙམ། ཡ་ང་བའི་དོན་རྐྱེན་འདི་རིགས་ལ་དབུས་བོད་མིའི་སྒྲིག་འཛུགས་དང་བོད་འབངས་ཡོངས་ནས་རྡོག་རྩ་གཅིག་བསྒྲིལ་བགྱིས་ཏེ་ཐག་གཅོད་གནན་མོ་བྱ་དགོས་པ་ལས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་དང་མི་སྒེར་བ་ཁ་ཤས་ཤིག་གིས་ཁྲིམས་གཏུག་དང་ཐག་གཅོད་བྱས་ན་འབྲས་བུ་དོན་དང་ལྡན་པ་ཞིག་མི་སྨིན་པ་ང་ཚོས་མིག་མཐོང་ལག་ཟིན་རེད།

 

སྤྱིར་བོད་གདོང་དམར་བ་ཟེར་བ་དེ་གནའ་བོ་བོད་ཀྱི་བཙན་པོ་ཚོའི་སྐབས་ལ་མར་རྒྱ་ནག་ལ་དམག་དྲངས་ཏེ་རྒྱ་ནག་གོང་མའི་སྲས་མོ་ཝིན་ཤིང་ཀོང་ཇོ་བཙན་འཕྲོག་བྱས་པ་དང་། ཡར་བལ་ཡུལ་ལ་དམག་དྲངས་ཏེ་བལ་ཡུལ་རྒྱལ་བོའི་སྲས་མོ་བལ་བཟའ་ཁྲི་བཙུན་བཙན་འཕྲོག་བྱས། དེ་བཞིན་དུ་རྒྱ་གར་དང་དབུས་ཨེ་ཤི་ཡཱའི་རྒྱལ་ཁབ་ཁག་གི་ནང་ལའང་དམག་དྲངས་མྱོང་མཁན་དཔའ་བརྟུལ་གྱི་རིགས་རྒྱུད་ཅིག་ཡིན་པ་རྒྱལ་རབས་དེབ་ཐེར་ཚོའི་ནང་གསལ་བོ་བཀོད་ཡོད་པ་རེད། སྤྱིར་བཏང་གདོང་དམར་བོད་པ་ཚོས་རང་གི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་དང་། གལ་ཏེ་དགོས་དབང་གིས་རང་གི་ཚེ་སྲོག་བློས་གཏོང་དགོས་ན་འཆི་བར་སྐྲག་སྣང་སྤུ་ཙམ་ཡང་མི་སྐྱེས་མཁན་ཞིག་རེད།

 

ང་ཚོ་བོད་པའི་ཕྱོགས་ནས་ཀྱང་རྒྱ་གར་བ་ཚོ་དང་མཉམ་དུ་འབྲེལ་འདྲིས་བྱེད་སྟངས་ཐད་ནས་མ་འགྲིག་པ་ཏན་ཏན་ཡོད་སྲིད་པ་རེད། དཔེར་ན། བོད་པའི་ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་། བཟོ་གྲྭ ཁྱིམ་ཚང་སོགས་ཀྱི་ནང་ལས་ཀ་བྱེད་བཞིན་པའི་རྒྱ་གར་བ་ཚོར་བོད་པའི་སྦྱིན་བདག་ཚོས་རྡུང་རྡེག་གཏོང་བ། ཚིག་རྩུབ་སྨྲ་བ། ལྷག་པར་དུ་བོད་པའི་སྦྱིན་བདག་ཚོས་ལོ་ན་བཅུ་བཞི་དམན་གྱི་རྒྱ་གར་བྱིས་པ་ཚོ་གཡོག་པོ་ཉར་ནས་ལས་ཀ་བཀོལ་བ་སོགས་ཡུལ་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་གྱི་ཡོད་པ་རེད། དེ་རིགས་ནི་དགེ་སྐྱོན་གཉིས་ལས་སྐྱོན་གྱི་ཆ་ཡིན་པ་ང་ཚོས་ངེས་པར་དུ་ངོས་ལེན་བྱ་དགོས།

 

མདོར་བསྡུས་ནས་བཤད་ན། མ་འོངས་བོད་གཞི་བྱེས་གཉིས་ཀྱི་བདེ་སྡུག་བསམས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཐེངས་འདིའི་གནད་དོན་དེ་རྒྱ་གར་གྱི་ཁྲིམས་ཁང་ཆེ་འབྲིང་ཆུང་གསུམ་དུ་ཁྲིམས་གཏུགས་བྱས་ཏེ་དྲང་བདེན་གྱི་ཐག་གཅོད་ཅིག་ཡོང་བར་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་ལས་ནམ་མཁའི་འཇའ་ཡལ་བ་ལྟར་ཡལ་དུ་མ་འཇུག་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༢༡ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 1

  1. amadolma says:
    ལོ་ 10 སྔོན།

    ལ་རྒྱ་དང་ཆིག་བསྒྲིལ་གྱིས་ཕུང་པའི་བོད་ཅེས་པའི་འགོ་བརྗོད་འོག་་་་ད་ལམ་འདས་གྲོངས་སོང་བའི་དམ་པ་དེའི་ཆེད་དུ་བཙན་བྱོལ་གཞུང་གིས་གང་ཡང་གསུང་མ་སོང་ཞེས་དང་།་་་དེའང་སེམས་པ་སྐྱོ་་དགོས་པ་ཞིག་ལ་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་དུ་གནད་དོན་དེའི་སྐོར་ཚིག་ཟུར་ཙམ་ཡང་བཀོད་མི་འདུག བོད་ནང་དུ་རྒྱ་མིས་ང་ཚོ་བོད་རིགས་སྤུན་ཟླ་ཞིག་བསད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱིས་དེ་མ་ཉིད་དུ་གཞུང་འབྲེལ་དྲ་རྒྱའི་སྟེང་བཀོད་ཀྱི་ཡོད་པ་རེད། སྤྱིར་རྒྱ་དཀར་ནག་གཉིས་ལས་ཀྱིས་བོད་མི་བསད་པ་དེ་ཆབ་སྲིད་དང་དམིགས་ཡུལ་གྱི་ཐད་ནས་ཐ་དད་ཡིན་ཡང་། མི་བསད་པའི་ཉེས་བསགས་དང་ཁྲིམས་འགལ་བྱ་སྤྱོད་གཅིག་མཚུངས་སུ་ལྟ་དགོས་པ་ལས། འདི་ལ་ནག་ཉེས་ཆེ་ཆུང་དང་དབྱེ་འབྱེད་བྱེད་སྟངས་མེད་ཅེས་གསལ་ཐད།་་་རྒྱ་དཀར་ནག་གཉིས་བཞུགས་གྲལ་གཅིག་གི་སྒང་ལ་བཞག་ནས་ལྟ་ཚུལ་འཛིན་མི་རུང་།་་་ཕྱོགས་གཅིག་ནི་ང་ཚོའི་གྲོགས་པོ་དང་ཕྱོགས་གཞན་ནི་ང་ཚོའི་དགྲ་བོ་རེད།་་དེས་ན་རྒྱ་གར་གཞུང་དང་རྒྱ་གར་བའི་ཡུལ་མི་ཚང་མ་ལ་བཤད་བཞག་པས་འགྲིག་ཐབས་མེད།་་བོད་གཞུང་གིས་བོད་མིའི་བདེ་སྡུག་དང་ཚེ་སྲོག་ལ་བདག་སྐྱོང་གནང་དགོས་ངེས་ཀྱང་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཁུར་དགོས་ཀྱི་ཡོད་སྟབས་ཁྲིམས་ལུགས་ཀྱི་སྤྱི་སྲོལ་ལྟར་འགྲོ་བཞིན་པ་དེར་བརྡར་ཤ་གཅོད་སྟངས་ལ་གཞིགས་པས་རྣམ་འགྱུར་སྟོན་རྒྱུ་ལས་ཐལ་དྲགས་པའི་གནང་སྟངས་ཤིག་གནང་མི་སྲིད་པ་རེད།་་་་བོད་མི་ཚོར་ཆིག་སྒྲིལ་མི་འདུག་གསུང་བ་དེ་བདེན་པ་རེད།་་་བོད་མི་ཚོར་ཆིག་སྒྲིལ་དང་ལ་རྒྱ་མེད་པ་རྐང་གཉིས་པ་ཡི་ཕྱུགས་རང་རེད་འདུག་་་སྤྱི་དོན་ཁ་འཕྱེར་སྒེར་དོན་ཁོག་བཅུག་་་གཡོ་རྒྱུ་ཁྲམ་གསུམ།་་་རང་མགོ་གང་ཐོན།་་་སོ་སོའི་མི་རིགས་ཀྱི་བླ་སྲོག་དང་མགོན་སྐྱབས་ཉག་གཅིག་༸གོང་ས་༸སྐྱབས་མགོན་ཆེན་པོ་ལའང་མཚན་སྨད་བསམ་ཡུལ་ལས་འདས་པ་ཞུ་མཁན་དག་ལ་ད་དུང་ངོ་སྲུང་དང་ཆེ་བསྟོད།་་་མཛའ་འབྲེལ་བཅས་བྱས་ཏེ་དཀར་ནག་གོ་ལྡོག་མི་འདྲེ་ཕྱིན་ཅིག་སློག་པའི་བརྟུལ་ཞུགས་འཆང་བའི་བོད་མི་དམ་ཉམ་མང་རུ་མང་རུ་འགྲོ་བཞིན་པ་དེར།་་་མཐོང་ཀྱང་མ་མཐོང་བའི་ཚུལ་དུ་སྡོད་ཀྱི་ཡོད་པ་རེད།་་་་དེར་བརྟེན་རྒྱ་དམར་གཞུང་གིས་ང་ཚོར་ཁྱད་གསོད་དང་མཐོང་ཆུང་བྱས་དང་བྱེད་བཞིན་པར་མ་ཟད།་་་རྒྱ་གར་བའི་ཡུལ་མི་ནང་གི་ཕོ་གཞོན་བསམ་མེད་དག་གིས་དེ་བཞིན་དུ་མཐོང་ཆུང་ཁྱད་གསོད་བྱེད་ཀྱིན་ཡོད་པ་རེད།་་་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་ལྟས་ན།་་ངོ་གནོངས་མི་དགོས་པའི་གདོང་དམར་བོད་མི་ཞིག་དང་།་་་འདིར་སྐྱབས་བཅོལ་བའི་བསམ་སྤྱོད་གཉིས་ལ་ལྟས་ཚེ་རྐང་གཉིས་པ་ཡི་ཕྱུགས་རེད་འདུག་གོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese