མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྐུལ་དྲག་སྤྱོད་པས་འཇབ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཨལ་ཁཱ་ཌ་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པས་གསོལ་མགྲོན་ཁང་ཞིག་ཏུ་མི་ ༡༧༠ བཙན་ཁྲིད་བྱས་པའི་གྲས་ཀྱི་མི་ ༢༧ དམར་གསོད་བཏང་ཡོད་འདུག

 

Screen Shot 2015-11-21 at 10.06.36 AMརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཁ་སང་ཞོགས་པར་ནུབ་ཨ་ཧྥི་རེ་ཁའི་རྒྱལ་ཁབ་མ་ལེའི་(Mali) ཡི་བྷ་མ་ཁོ་ (Bamako) ཞེས་པའི་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ (Radisson Blu Hotel) ནང་ལག་ཏུ་མེ་མདའ་ཐོགས་པའི་འཇིགས་སྐུལ་དྲག་སྤྱོད་པ་ ༡༠ ཡིས་མི་མང་ནང་གང་བྱུང་མེ་མདའ་བརྒྱབ་སྟེ། ལས་ཀ་བ་ ༡༧༠ དང་ཁེ་ལས་པ་ ༡༤༠ བཙན་ཁྲིད་བྱས་པའི་གྲས་ཀྱི་མི་ ༢༧ དམར་གསོད་བཏང་བ་དང་མི་ ༣༠ ཙམ་ཕྱིར་ཀློད་ཡོད་འདུག

 

བརྒྱུད་ལམ་ཁག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་མི་མང་དམར་གསོད་བཏང་བའི་གྲས་སུ་ཨ་རི་བ་ ༡ དང་བྷལ་ཇེམ་གྱི་མི་ ༡ ། རྒྱ་ནག་གི་མི་ ༤ ། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པ་ ༥ བཅས་ཡོད་ཅིང་། ཐེངས་འདིའི་དྲག་སྤྱོད་པ་དག་ནི་ཨལ་ཁཱ་ཌ་དང་འབྲེལ་བ་ཡོད་པའི་ཁ་ཆེ་མངའ་ཁུལ་གྱི་འཇིགས་སྐུལ་དྲག་སྤྱོད་པ་ (IS) ཡིན་པར་ཚོད་དཔག་བྱེད་ཀྱི་འདུག

 

བྷ་མ་ཁོ་གྲོང་ཁྱེར་གྱི་བདེ་སྲུང་ལྷན་ཁང་ནས་གནས་ཚུལ་བསྒྲགས་པའི་ནང་། ཞོགས་པའི་ཐོ་རེངས་ཆུ་ཚོད་ ༦ པ་ཡས་མས་ལ་འཇིགས་སྐུལ་དྲག་སྤྱོད་པ་མི་བཅུས་གྲོང་ཁྱེར་དེའི་བསྟི་གནས་སུ་ཡོད་པའི་ཐོག་རྩེག་བདུན་ཅན་གྱི་གསོལ་མགྲོན་ཁང་ཞིག་ནང་གང་བྱུང་མེ་མདའ་བརྒྱབ་པ་དང་ཨ་རབ་སྐད་ཀྱིས“དཀོན་མཆོག་རླབས་ཆེན་ཡིན” (Allahu Akbar) ཞེས་སྐད་བརྒྱབ་ནས་སྐོར་སྲུང་བ་མི་གཉིས་བསད་ཡོད་སྐོར་བཀོད་འདུག་ལ། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། འཇིགས་སྐུལ་དྲག་སྤྱོད་པས་བཙན་ཁྲིད་བྱས་པའི་གྲས་སུ་རྒྱ་ནག་གི་ཁེ་ལས་པ་ཁ་ཤས་ཡོད་སྐོར་བརྗོད་འདུག

 

ཁ་སང་ཞོགས་པ་ནས་འཇིགས་སྐུལ་དྲག་སྤྱོད་པས་འཇབ་རྒོལ་བྱེད་སའི་གསོལ་མགྲོན་ཁང་དང་། དོགས་གཞིའི་སྲང་ལམ་ཁག་དང་མངའ་ཁུལ་ཁག་ཏུ་སྐོར་སྲུང་དམག་དཔུང་འབོར་ཆེན་འགྲེམ་འཇོག་གིས་བཀག་སྡོམ་བྱས་ཡོད་འདུག

 

གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ནུབ་ཨ་ཧྥི་རེ་ཁའི་རྒྱལ་ཁབ་མ་ལེའི་ནང་ཨལ་ཁཱ་ཌ་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པས་བསྟུད་མུར་ཟིང་འཁྲུག་སློང་གི་ཡོད་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥི་རེ་ཁ། ཧྥ་རན་སི་སོགས་ཀྱི་སྲུང་དམག་གི་རམ་འདེགས་འོག་མ་ལེའི་རྒྱལ་སྲུང་དམག་དཔུང་གིས་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་ཀྱི་ཡོད་ནའང་། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་མུ་མཐུད་འབྱུང་བཞིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༨ ནང་མ་ལེའི་གྲོང་རྡལ་སི་བ་རི་ (Sevare) ཞེས་པའི་ནང་ལག་ཏུ་མེ་མདའ་ཐོགས་པའི་འཇིགས་སྐུལ་དྲག་སྤྱོད་པས་མི་མང་པོ་བཙན་ཁྲིད་བྱས་པའི་གྲས་ཀྱི་མི་ ༡༣ དམར་གསོད་བཏང་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧
འདས་ལོར་བོད་མཚོ་ལྷོ་འབའ་རྫོང་དུ་འཚོགས་པའི་རྫོང་རུ་རིག་གནས་ཡུལ་སྐོར་མི་རིགས་སྲོལ་རྒྱུན་ལུས་རྩལ་སྐབས་བཅུ་དགུ་པ་དང་རྫོང་རུ་རྟགས་མའི་བོད་འབྲེལ་ས་ཁུལ་གྱི་སྐོར་བྲོ་འགྲན་སྡུར་སྐབས་དང་པོའི་མགོ་འཛུགས་མཛད་སྒོའི་དགོང་ཚོགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་གཞུང་གིས་བོད་མཚོ་ལྷོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ལྟ་བུའི་གཉའ་གནོན་གཏོང་གིན་འདུག

༢༠༢༦/༠༦/༡༦
ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

༢༠༢༦/༠༦/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese