མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གཞུང་གིས་ཏཱ་ལའི་བླ་མ་དང་མཉམ་དུ་བཞུགས་མོལ་བྱས་ན་ལེགས།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

 

_______གལ་ཏེ་རྒྱ་ནག་གི་ཞི་ཅིན་ཕིན་གྱིས་ཐའེ་ཝན་སྲིད་འཛིན་དང་ལྷན་དུ་གྲོས་མོལ་ཕོད་ན། ཁོས་བོད་ཀྱི་དབུ་ཁྲིད་དང་མཉམ་དུའང་གྲོས་མོལ་བྱེད་ཐུབ་ཅིང་། གཅིག་བྱས་ན་འདི་ནི་ཁོའི་ཆེས་མཐའ་མཇུག་གི་གོ་སྐབས་ཤིག་ཡིན་ཡང་སྲིད།

 

རྩོམ་མཁན་ཨ་ལིན་ཁ་རལ་སོན། (Allen R. Carlson) པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

 

ཉེ་ཆར་ཐའེ་ཝན་གྱི་སྲིད་འཛིན་མ་ཡེན་ཇོ་ལ་ཐུག་འཕྲད་བྱས་པ་ལྟར། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རབས་སྔོན་མ་ཚོའི་ལས་འཕྲོ་ཙམ་མ་ཡིན་པར་ལས་དོན་འཐུས་ཚང་ཞིག་བསྒྲུབ་དགོས་ཀྱི་ཡོད་ལ། གལ་སྲིད་ཞི་ཅིན་ཕིན་གྱིས་རང་ཉིད་ནི་སྔར་ལས་ལྷག་པར་རྒྱ་ནག་གི་ཡིད་རྟོན་རུང་བའི་དབུ་ཁྲིད་ཅིག་ཡིན་པར་འདོད་ན། ཁོས་བོད་དོན་ལའང་དོ་སྣང་བྱེད་དགོས་ཀྱི་ཡོད།

 

འདས་པའི་ལོ་ངོ་འདི་དག་རིང་པེ་ཅིན་གཞུང་གིས་བོད་ནང་གི་བོད་མི་ཚོའི་མངོན་འདོད་སྐོང་གི་ཡོད་པར་འདོད་ཀྱང་། དོན་དངོས་སུ་རྒྱ་གན་གིས་བོད་ཀྱི་འབྱུང་འགྱུར་གྱི་གྲོས་གཞི་སྟེ་ཏཱ་ལའི་བླ་མ་དང་། བོད་ཀྱི་ཆབ་སྲིད་དང་ཐད་ཀར་འབྲེལ་བའི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་མེད།

 

ཕྱི་ལོ་ ༡༩༨༩ ལོར་ནོ་བྷིལ་ཞི་བདེ་གཟེངས་རྟགས་ཐོབ་པའི་ཏཱ་ལའི་བླ་མ་ ༡༩༥༩ ལོར་བོད་ནས་ཡུལ་བྱོལ་ཏུ་ཕེབས་ཏེ་རྒྱ་གར་ནང་སྐྱབས་བཅོལ་དུ་འཚོ་བཞིན་ཡོད་ཅིང་། གང་ལྟར་ཁོང་ལ་བོད་མི་རིགས་ཀྱིས་སྙིང་དབུས་ནས་གུས་བརྩི་དང་ཡིད་ཆེས་བྱེད་ཀྱི་ཡོད་སྟབས། ཁོང་ནི་བོད་རྒྱ་གཉིས་བར་འབྲེལ་ལམ་ཡོང་ཐབས་གཙོ་བོ་ཆགས་ཡོད།

 

རྒྱ་ནག་གི་མགོ་ཁྲིད་ཚོས་བོད་མིའི་མགོ་ཁྲིད་ཚོ་དང་ལྷན་དུ་འབྲེལ་མོལ་ཐེངས་འགར་བྱེད་བཅུག་ཀྱང་། ཉེ་བའི་ལོ་ངོ་འདི་དག་རིང་གི་འབྲེལ་མོལ་དེ་ནི་དོགས་གཞི་ཞིག་སྟེ། རྒྱ་ནག་གཞུང་གིས་བོད་རྒྱའི་གནད་དོན་ཐག་གཅོད་བྱ་རྒྱུ་ནར་འགྱང་བྱས་ཏེ། ཏཱ་ལའི་བླ་མའི་དགུང་གྲངས་ལ་རེ་སྒུག་བྱེད་ཀྱི་ཡོད་པ་ཧ་ཅང་མངོན་གསལ་རེད།

 

མཐའ་གཞུག་ཞི་ཅིན་ཕིན་ཐའེ་ཝན་གྱི་སྲིད་འཛིན་དང་ཐུག་འཕྲད་བྱེད་རྒྱུའི་ཐག་གཅོད་བྱས་པ་ལྟར། ཁོས་བོད་མིའི་དབུ་ཁྲིད་དང་ལྷན་དུའང་འབྲེལ་མོལ་བྱེད་དགོས་པ་ཆགས་ངེས་ཡིན། གལ་སྲིད་ཞི་ཅིན་ཕིན་གྱིས་རྒྱ་ནག་གི་སྲིད་ཇུས་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་དམ་དམ་གྱིས་འཛམ་གླིང་ལ་དག་འབུལ་བྱེད་ཀྱི་ཡོད་ན། ཁོས་སྤྱིར་བཏང་གི་གྲྭ་བ་དཀྱུས་མ་ཞིག་ཏུ་འབོད་པའི་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་བྱེད་དགོས་ཀྱི་ཡོད་ཅིང་། སྤྱིར་ཏཱ་ལའི་བླ་མ་དང་ཞི་ཅིན་ཕིན་གཉིས་ཀྱི་འབྲེལ་མོལ་ལ་དོན་འབྲས་ཆེན་པོ་འཐོན་མི་སྲིད་ནའང་། དེ་ནི་བོད་རྒྱ་གཉིས་ཀྱི་རེ་འདུན་དང་འབྲེལ་ལམ་སོགས་མངོན་གསལ་དོད་པོར་འཕོ་འགྱུར་དང་ཡར་རྒྱས་ཡོང་ཐབས་སུ་ཧ་ཅང་གལ་ཆེའི་རང་བཞིན་ཆགས་ཡོད་ལ། འདས་པའི་མི་ལོ་བཅུ་ཕྲག་རིང་ཕྱོགས་གཉིས་བར་འབྲེལ་མོལ་བྱུང་ཐུབ་ཡོད་པ་མ་རེད།

 

དེར་མ་ཟད་འདི་ནི་དམིགས་བསལ་གྱི་དུས་སྐབས་གལ་ཆེན་ཞིག་ལའང་འཁེལ་ཡོད་དེ། གཅིག་བྱས་ན་བོད་རྒྱ་འབྲེལ་མོ་འདི་ཐེས་མཐའ་མཇུག་གི་ཞི་ཅིན་ཕིན་གྱི་བྱ་བའི་གོ་སྐབས་ཤིག་ཡིན་ཡང་སྲིད།

 

ཏཱ་ལའི་བླ་མའི་དགོངས་པ་རྫོགས་ཚར་རྗེས། པེ་ཅིན་གཞུང་གིས་བོད་མི་མང་མོས་ཀྱི་ཐོག་ནས་བོད་དོན་གྲོས་མོལ་བྱེད་ས་ཞིག་རྙེད་དཀའ་ཞིང་། ཕྱོགས་གཞན་ཞིག་ནས་གལ་སྲིད་རྒྱ་ནག་གིས་ཏཱ་ལའི་བླ་མའི་དགོངས་པ་རྫོགས་རག་བར་དུ་སྒུག་བསྡད་པ་ཡིན་ན། མཐའ་མར་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་ཐབས་མེད་པའི་དཀའ་རྙོག་ཅིག་ཆགས་ངེས་ཡིན་ལ། དེ་དང་མཉམ་དུ་མ་འོངས་བོད་ཀྱི་དབུ་ཁྲིད་དེས་ཀྱང་བོད་རྒྱུའི་དཀའ་རྙོག་སེལ་ཕྱོགས་ལ་མོས་མཐུན་བྱ་མིན་ཡང་ཚོད་དཔག་དཀའ་བ་ཞིག་རེད།

 

ཏཱ་ལའི་བླ་མས་ནམ་རྒྱུན་ཁོང་ཕྱིར་བོད་ལ་ལོག་ནས་པེ་ཅིན་གཞུང་དང་མཉམ་དུ་གྲོས་མོལ་བྱེད་འདོད་ཡོད་སྐོར་གསུང་གི་ཡོད་པ་ནི་བོད་རྒྱུའི་དཀའ་རྙོག་སེལ་ཐབས་ཀྱི་གོམ་པ་དང་པོ་དེ་རེད། གང་ལྟར། རྒྱ་ནག་གི་དཔོན་རིགས་ཚོས་ཏཱ་ལའི་བླ་མ་ཕྱིར་བོད་ལ་ལོག་པའི་དགོས་འདུན་བཏོན་རུང་། གཅིག་བྱས་ན་གཞིས་བྱེས་བོད་མི་ཚོས་དེ་ལ་མོས་མཐུན་བྱེད་འདོད་མེད་ཀྱང་སྲིད།

 

སྤྱིར་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་ཡོང་རྒྱུ་ཁག་པོ་ཡིན་རུང་། གཅིག་བྱས་ན་དེ་ཡང་བདུན་ཕྲག་གཅིག་གི་སྔོན་ཏག་ཏག་ལ་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་བསྐྱར་མཐུད་བྱུང་བ་དང་གཅིག་མཚུངས་སུ་མཐོང་ཡང་སྲིད་ཅིང་། སྐབས་དེར་མ་ཞི་གཉིས་ཀྱི་ལག་འཇུ་དེས་ཕྱོགས་གཉིས་ཀྱི་ལངས་ཕྱོགས་ལ་འཕོ་འགྱུར་ཐེབས་ཏེ། ཐའེ་རྒྱ་གཉིས་བར་འབྲེལ་མོལ་གྱི་ལེ་ཚན་གསར་བ་ཞིག་གི་ཁ་ཕྱེས་ཡོད་ངེས་རེད། དེར་བརྟེན། ཞི་ཅིན་ཕིན་དང་རྒྱ་ནག་གཞུང་གིས་བོད་ལའང་ཐའེ་རྒྱ་གཉིར་བར་བྱུང་བའི་འབྲེལ་ལམ་དེ་གཅིག་མཚུངས་ཤིག་འབྱུང་ཐབས་སུ་མནོ་བསམ་དགོས་ཡོད། གལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དེ་ལྟར་ཕུགས་རྒྱང་རིང་བའི་མནོ་བསམ་གཏོང་ཚེ། ཏཱ་ལའི་བླ་མས་བོད་རྒྱའི་དཀའ་རྙོག་སེལ་བའི་མཛད་རྗེས་བླ་མེད་འཇོག་ངེས་རེད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. གསེར་ས་ལེ་སྦྲམ། says:
    ལོ་ 10 སྔོན།

    ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་འབྲེལ་མོལ་མི་བྱེད་རང་བྱེད་ཀྱི་ལས་འགུལ་ཞིག་སྤེལ་མ་ཐུབ་པ་དེ་སྲིད་དུ་བོད་རྒྱ་འབྲེལ་མོལ་ཟེར་བ་ཞིག་མོ་བཤམ་གྱི་བུ་རེད། ད་ལྟའི་བར་དུ་ཞི་ཅིན་ཕིན་གྱིས་བོད་རྒྱ་འབྲེལ་མོལ་མི་བྱེད་དོན་ཡང་ང་ཚོས་ཁོ་ཚོའི་འཕྲལ་ཕུགས་གང་ལ་ཡང་གནོད་པའི་ལས་འགུལ་ཕྲ་མོ་ཙམ་ཡང་སྤེལ་མ་ཐུབ་པས་ཡིན་སྲིད།

    Reply
  2. བརྩོན་རྒྱམ། says:
    ལོ་ 11 སྔོན།

    ཨ་ལེན་ཁ་རལ་སོན་ལགས་ཀྱིས་དཔྱད་བརྗོད་འདི་དོན་ལ་བསམ་ཞིག་བྱས་ཚེ་འདི་ནི་ཡང་དག་ཞིག་ཡིན་པར་སྒྲུབ་མི་ཐུབ་པ་ཞིག་མི་འདུག་མ་ཟད་ད་དུང་དེ་མཚུངས་རྩོམ་ཡིག་གང་མང་ཞིག་རང་དབང་དང་མང་གཙོ་ལུངས་སུ་སྦྱོད་མཁན་རྒྱའི་མཁས་བ་དང་བསམ་བློ་བ་སོགས་ཀྱིས་གསུང་ཡོད་པ་རེད་ཡིན་ཡང་རྒྱ་ནག་དམར་གཞུང་ལ་དངོས་ཡོད་བོད་དོན་སེལ་འདོད་ཡོད་མེད་དོགས་པ་རེད།  བོད་རྒྱ་གཉིས་གྲོས་མོལ་བྱེད་འདོད་ཡོད་ན་༸གོང་ས་མཆོག་ནོ་བོད་རྒྱ་བར་གྱི་ལྡེ་མིག་ལྟ་བུ་ཡིན་པ་གསལ་བོ་རེད།  དེ་རྗེས་བོད་དོན་འདི་དབུ་ལམ་ཐོག་འགྲོ་མིན་སུ་ཞིག་གིས་བློ་ངོ་འཆར་ཐུབ་པ་ཞིག་མ་རེད་འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese