མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་མཛངས་མ་ཧོང་ཀོང་གནམ་ཐང་དུ་བཀག

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་(Anastasia Lin)རྒྱ་ནག་སན་ཡར་ཚོགས་བཞིན་པའི་འཛམ་གླིང་འཛངས་མའི་འགྲན་བསྡུར་སྟེང་ཞུགས་པར་སྐྱོད་སྐབས། ཁ་སང་ཞོགས་པ་ཆུ་ཚོད་ ༦ པའི་སྟེང་ཧོང་ཀོང་གནམ་ཐང་ནས་བཀག་འགོག་བྱས་ཡོད་འདུག

 

Screen Shot 2015-11-27 at 2.56.31 PMདེ་རིང་ལྟ་སྐྱོང་དྲ་བས་གནས་ཚུལ་སྤེལ་བའི་ནང་། ཁེ་ན་ཌའི་ཊོར་རོན་ཊོར་ཟློས་གར་སློབ་སྦྱོང་བྱེད་བཞིན་པའི་ཨེན་སི་ཊ་སི་ལིན་གྱི་གྲོགས་མོ་ཞིག་གིས། རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་གིས་ཁ་པར་བརྒྱུད་དེ་ཨེན་སི་ཊ་སི་ལིན་གནམ་ཐང་གི་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་བརྗོད་ཡོད་སྟབས། ཁོ་མོ་ཧོང་ཀོང་གནམ་ཐང་བརྒྱུད་ནས་སན་ཡ་ལ་འགྲོ་རྒྱུ་བྱུང་མི་འདུག ཅེས་བརྗོད་འདུག

 

ཁེ་ན་ཌའི་མཛངས་མ་ཨེན་སི་ཊ་སི་ལིན་ལགས་ཀྱིས་རང་ཉིད་ཀྱི་ངོ་དེབ་བརྒྱུད་ནས་བརྒྱུད་དེ་བརྗོད་རྒྱུར། རྒྱ་ནག་གི་འཛམ་གླིང་མཛངས་མ་གོ་སྒྲིག་ཚོགས་པས་འཛམ་གླིང་མཛངས་མའི་འགྲན་ཞུགས་པ་གཞན་པ་ལྟར་ང་ལ་མགྲོན་ཤོག་སྐུར་མེད་སྟབས་ཐོངས་མཆན་རག་ཡོད་པ་མ་རེད། མགྲོན་ཤོག་སྐུར་མེད་པའི་རྒྱུ་མཚན་ལ་འགྲལ་བཤད་གང་ཡང་མི་འདུག སྤྱིར་རྒྱ་ནག་གི་ཁྲིམས་ལུགས་ནང་ཁེ་ན་ཌ་དང་རྒྱལ་ཁབ་གཞན་པའི་མི་སེར་སན་ཡའི་གནམ་ཐང་ལ་འབྱོར་ཏེ་ཐོངས་མཆན་རག་པའི་འགྲོ་ལུགས་ཤིག་ཡོད་སྟབས། ངས་དེ་ལྟར་ཐབས་ཤེས་བྱས་ཀྱང་སྟབས་མ་ལེགས་པ་ཞིག་ལ། ཧོང་ཀོང་བརྒྱུད་ནས་འགྲོ་སྐབས་ང་བཀག་འགོག་བྱས་སོང་། ཡིན་ཡང་ཁོ་ཚོར་ང་བཀག་འགོག་བྱེད་དགོས་པའི་རྒྱུ་མཚན་གང་ཡང་བཤད་རྒྱུ་མི་འདུག

 

ཁོ་མོས་མུ་མཐུད་དུ། འཛམ་གླིང་མཛངས་མ་འགྲན་བསྡུར་གྱི་འབོད་ཚིག་ནི་ ༼མཛེས་པའི་དམིགས་མདུན༽རེད། ངའི་དམིགས་མདུན་ཏེ། རང་ཉིད་ཀྱི་སྐད་ཆ་བཤད་མི་ཐུབ་པར་བཙོན་ཁང་དང་ངལ་རྩོལ་ཁང་དུ་ལྷག་ཏེ་དྲག་གནོད་དང་བཙན་ཤེད་གྱིས་བཀག་འགོག་བྱས་པའི་མི་རྣམས་ཀྱི་ཆེད་དུ་ཞུ་གཏུགས་བྱ་རྒྱུ་དེ་ཡིན། དེ་དང་མཉམ་དུ་ངས་གཉའ་གནོན་འོག་ཏུ་ཡོད་པའི་མི་རྣམས་ལ་སྙིང་སྟོབས་བསྐྲུན་རྒྱུའི་མདུན་པ་ཡོད། དྲག་གནོན་འོག་ལོ་མང་ཕྱིན་པའི་མི་རྣམས་ཀྱིས་རང་དབང་གིས་བསམ་བློ་གཏོང་རྒྱུ་བརྗེད་འགྲོ་བཞིན་འདུག ཅེས་བརྗོད་འདུག

 

དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་རྒྱ་ནག་གི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་། ཁ་སང་རྒྱ་ནག་གི་གོ་ལའི་དུས་བབ་དྲ་རྒྱའི་དཔྱད་བརྗོད་ནང་། ལོ་རབས་ ༩༠ ནང་སྐྱེས་པའི་བུ་མོ་འདི་རྒྱ་ནག་ལ་རྒོལ་རྡུང་གཏོང་མཁན་གྱི་ལག་ཆ་ལྟ་བུར་གྱུར་ཡོད་པ་དང་། ཁོ་མོའི་སྒེར་གྱི་དྲ་རྒྱའི་སྟེང་ཐེངས་མང་པོར་བོད་རང་བཙན་དང་ཡུ་གུར་རང་བཙན། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་བཅས་ཕྱི་རྒྱལ་ལ་ཡོད་པའི་དགྲ་བོ་ཚོ་དང་མཉམ་བཞུགས་བྱས་འདུག ཅེས་དང་། མོའི་རྒྱབ་ཀྱི་མི་ཁག་ཅིག་གིས་ཆབ་སྲིད་དང་འབྲེལ་བ་མེད་པའི་བྱེད་སྒོ་འདི་རྒོལ་རྡུང་གི་སྟོབས་ཤུགས་སུ་བསྒྱུར་ཏེ། རྒྱ་ནག་གི་སྡིངས་ཆར་བར་ཆད་བྱ་འཆར་ཡོད་སྟབས། རྒྱ་ནག་མི་དམངས་དང་སྲིད་གཞུང་གཉིས་ནས་ངེས་པར་དུ་གྲ་སྒྲིག་ཨང་གསར་བྱ་དགོས་ཀྱི་འདུག ཅེས་བཀོད་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese