མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བའི་ཁྲོད་ནག་ཚོང་བ་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལྟའི་བར་ཡུ་རོབ་དང་ཏུར་ཀིའི་མཐའ་མཚམས་ཁག་བརྒྱུད་དེ་གྷི་རེ་སིར་སྐྱབས་བཅོལ་དུ་ཡོང་མཁན་མི་འབུམ་ ༧ ལྷག་ཡོད་པའི་གྲས་སུ་ནག་ཚོང་གཉེར་མཁན་མི་ ༢༠༠ ཡོད་འདུག

 

c_eqUED16DnZM5NJQ9YfrfhI2M5rJbB1དེ་རིང་ཨེ་ཕེ་དང་རོའུ་ཊར་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡ ཉིན་ཏུར་ཀིའི་སྲིད་གཞུང་གིས་སི་རི་ཡ་དང་ཨ་ཧྥི་གྷན་སི་ཐན། ཨེ་རན་དང་ཨི་རག་བཅས་ནས་གྷི་རེ་སིར་སྐྱབས་བཅོལ་དུ་འགྲོ་མཁན་མི་ ༡༣༠༠ ཏུར་ཀིའི་གླིང་ཕྲན་གྲོང་རྡལ་ལུ་སི་བྷོ་སི་ (Lesbos) ཡི་ནང་བཀག་འགོག་བྱས་པའི་གྲས་སུ་ནག་ཚོང་གཉེར་མཁན་མི་ ༥ འཇུ་བཟུང་བྱས་ཡོད་པ་དང་། འདི་ལོ་གཅིག་པུར་གླིང་ཕྲན་གྲོང་རྡལ་དེའི་ནང་ཡུལ་བྱོལ་བ་མི་འབུམ་ ༤༢༥ འབྱོར་ཡོད་པ་དང་། དེ་མིན་གྷི་རེ་སིའི་གླིང་ཕྲན་ཁག་ནང་འབྱོར་ཟིན་པའི་ཡུལ་བྱོལ་བ་མི་འབུམ་ ༣ ཡོད་པ་ཚང་མ་ཡུ་རོབ་དང་ཏུར་ཀིའི་མཐའ་མཚམས་གླིང་ཕྲན་ཁག་ཏུ་རྟེན་གཞི་བྱས་ཡོད་པའི་ནག་ཚོང་གཉེར་མཁན་ཚོའི་གྲུ་གཟིངས་སྟེང་ཡོང་བ་ཡིན་ཞིང་། ཉེ་བའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་ཨ་སྒོར་ཐེར་འཐུམ་ ༣ གྱི་འགྲོ་བགྲོན་བཏང་སྟེ། ཏུར་ཀིའི་སྲིད་གཞུང་གིས་གོང་ཞུས་རྒྱལ་ཁབ་ཁག་ནས་གྷི་རེ་སིའི་ནང་སྐྱབས་བཅོལ་དུ་ཡོང་མཁན་ཚོའི་གྲུ་གཟིངས་བཀག་སྡོམ་དང་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད་འདུག

 

ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་སྤྱིའི་སྐྱབས་བཅོལ་སྒྲིག་འཛིགས་ཚན་པའི་མགྲིན་ཚབ་པ་ཨ་བྷེ་ཌ་ཝམ་མོ་ཧ་ (Abby Dwommoh) ཟེར་བ་ཞིག་གིས། སྐྱབས་བཅོལ་བ་ཚོ་མཐའ་མཚམས་ཀྱི་མཚོ་ལམ་མ་བཀག་སྔོན་ལ་བྲོས་བྱོལ་དུ་ཡོང་འདོད་ཡོད་པ་དང་། ད་སྐབས་གནམ་གཤིས་ཇེ་འཁྱག་ཏུ་འགྲོ་བཞིན་པ་དང་མཚོ་འགྲུལ་སྟབས་བདེ་མིན་པས། ང་ཚོས་སྐྱབས་བཅོལ་བའི་བདེ་འཇགས་ལ་སེམས་ཁུར་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

 

twelve-syrians-drown-heading-from-turkey-to-kos-island.w_l copyཏུར་ཀིའི་ནང་ཡུ་རོབ་མཐུན་ཚོགས་ཀྱི་ལས་དོན་ཁང་གི་འགན་འཛིན་བལ་ཁན་བྷོ་ཙི་ཁེར་(Volkan Bozkir) ཟེར་བ་ཞིག་གིས་ཡུ་རོབ་ནང་འབྱུང་བཞིན་པའི་སྐྱབས་བཅོལ་བའི་དཀའ་རྙོག་འདི་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་གནས་བབ་ལས་ཀྱང་སྡུག་པ་དང་། སི་རི་ཡ་དང་ཨི་རག་སོགས་རྒྱལ་ཁབ་འདི་དག་ནང་ལངས་པའི་ཟིང་འཁྲུག་མཇུག་མ་སྒྲིལ་བར་དུ། ང་ཚོས་སྐྱབས་བཅོལ་བའི་དཀའ་རྙོག་གསར་བ་ཞིག་ལ་མུ་མཐུད་དུ་གདོང་ལེན་དགོས་སྐོར་བརྗོད་འདུག

 

གནས་ཚུལ་ལྟར་ན། འདི་ལོར་ཡུ་རོབ་དང་ཏུར་ཀིའི་མཐའ་མཚམས་ཁག་བརྒྱུད་ནས་གྷི་རེ་སིར་སྐྱབས་བཅོལ་དུ་འགྲོ་མཁན་མི་འབུམ་ ༧༢ བདེ་འཇགས་ངང་འབྱོར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཡུལ་བྱོལ་བ་ཁྲི་ ༣༤ འབྱོར་འདུག་ལ། ཟླ་སྔོན་མའི་ཚེས་ ༢༩ ཉིན་ཏུར་ཀིའི་སྲིད་གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་རམ་འདེགས་འོག སི་རི་ཡ་ནས་ཡོང་བའི་སྐྱབས་བཅོལ་ས་ཡ་ ༢ ལྷག་གི་འཚོ་གནས་ཐག་བཅད་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ནས་མ་འོངས་ལོ་ངོ་གཉིས་ནང་ཨེ་ཊ་ལེ་དང་གྷི་རེ་སིའི་ནང་ཡོད་པའི་སྐྱབས་བཅོལ་བ་འབུམ་ ༡༦༠ ས་ཁུལ་གཞན་ནང་གནས་སྤོར་རྒྱུ་ཁག་ཐག་བྱས་ཡོད་པ་དང་། ད་ལོ་གཅིག་པུར་ཏུར་ཀི་དང་གྷི་རེ་སིའི་མཐའ་མཚམས་ཁག་ཏུ་སི་རི་ཡའི་སྐྱབས་བཅོལ་བ་མི་ ༦༠༠ ལྷག་མཚོ་ནང་དུ་ལྷུང་སྟེ་འདས་གྲོངས་སུ་གྱུར་བའི་མི་མང་ཆེ་བ་བུད་མེད་དང་བྱིས་པ་ཡིན་འདུག

 

གསར་འགོད་པ། པདྨ་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།
Mobile App

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རྒྱ་གཞུང་གིས་བོད་ཀྱི་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཟེར་བའི་བསམ་བློ་སྤེལ་ཆེད་རྒྱ་ནག་ཏུ་ལྟ་སྐོར་ཁྲིད།

༢༠༢༥/༡༠/༡༤
Mobile App

ཉིན་གསུམ་རིང་གི་སེམས་དང་སྲོག་གི་བགྲོ་གླེང་ཐེངས་ ༣༩ བ་དབུ་འཛུགས་གནང་།

༢༠༢༥/༡༠/༡༤
Mobile App

ཞིང་གཤེགས་དམ་པ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་ལགས་སུ་སྙིང་སྟོབས་གཟེངས་རྟགས་ཕུལ།

༢༠༢༥/༡༠/༡༣
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་མཱ་རི་ཡ་ལགས་སུ་འཚམས་འདྲི་མཛད།

༢༠༢༥/༡༠/༡༣
ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

༢༠༢༥/༡༠/༡༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese