མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་རྒོལ་རྡུང་གིས་རྒྱ་ནག་གི་སྲིད་བྱུས་ལ་ཤུགས་རྐྱེན་ག་རེ་ཐེབས་སྲིད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

 

sino-lin01-articleInlineའདས་པའི་ལོ་མང་རིང་ལ་རྒྱ་ནག་གི་མགོ་ཁྲིད་ཚོས་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུར་དོགས་ཟོན་དང་། རྒྱལ་ཁབ་གཞན་གྱི་རྩོད་རྙོག་ནང་ཚུད་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་ཀྱང་། ཉེ་ཆར་དྲག་སྤྱོད་པས་རྒྱ་ནག་གི་མི་སེར་ཁ་ཤས་དམར་གསོད་བཏང་ཡོད་སྟབས། རྒྱ་ནག་གིས་གནོན་ཤུགས་དེར་གདོང་ལེན་བྱས་ཏེ་དྲག་སྤྱོད་པར་རྒོལ་རྡུང་མི་གཏོང་ཐབས་མེད་ཆགས་ཡོད།

 

ཟླ་སྔོན་མའི་ཚེས་ ༢༠ ཉིན་ནུབ་ཨ་ཧྥི་རེ་ཁའི་རྒྱལ་ཁབ་མཱ་ལེ་(Mali) ཡི་བྷ་མ་ཁོ་ (Bamako) ཞེས་པའི་གྲོང་ཁྱེར་གྱི་རེ་ཌེ་སོན་གསོལ་མགྲོན་ཁང་(Radisson Blu Hotel)ལ་དྲག་སྤྱོད་པས་འཇབ་རྒོལ་བྱས་ཏེ། རྒྱ་ནག་གི་ལྕགས་ལམ་བཟོ་སྐྲུན་པ་ ༣ དམར་གསོད་བཏང་ཡོད་པ་དང་། ཉེ་ཆར་ཁ་ཆེ་མཐུན་ཚོགས་ (Islamic State) ཀྱིས་དམར་གསོད་བཏང་བའི་རྒྱ་ནག་གི་མི་སེར་ཧྥན་ཅེན་ཧོའུ་ (Fan Jinghui) ནི་ད་ལྟ་ལོ་ ༥༠ ཡིན་པ་དང་སྔོན་ཆད་པེ་ཅིན་སློབ་འབྲང་གི་དགེ་རྒན་ཞིག་ཡིན་འདུག

 

ཁིར་སི་ཌེནཱ་ལེན་ (Christina Lin) ནི་ཇོན་ཧོབ་ཁེན་སི་གཙུག་ལག་སློབ་ཆེན་གྱི་ཕོལ་ནེ་ཊི་ཟཱ་ཆེས་མཐོའི་རྒྱལ་སྤྱིའི་གནད་དོན་སློབ་གཉེར་ཁང་ (Paul H. Nitze School of Advanced International Studies at Johns Hopkins University) དང་འཛམ་གླིང་ནུབ་རྒྱུད་རྒྱ་མཚོའི་འབྲེལ་མཐུན་ལྟེ་གནས་ཁང་གི་ཉམས་ཞིབ་པ་དང་དམིགས་བསལ་རྒྱ་ནག་དང་དཀྱིལ་ཤར་ཡུལ་གྲུའི་འབྲེལ་བའི་ཕྱོགས་ལ་ཆེད་མཁས་ཞིག་ཡིན་པ་མ་ཟད། སྔོན་ཆད་ཁོ་མོས་ཨ་རིའི་རྒྱལ་སྲུང་ལྷན་ཁང་རྒྱ་ནག་སྲིད་བྱུས་སྡེ་ཚན་དང་རྒྱལ་ཡོངས་བདེ་སྲུང་ལས་ཁུངས་ཀྱི་དཔྱད་བརྗོད་པ་བཅས་ཀྱི་འགན་འཁུར་མྱོང་ཡོད་འདུག ཁོ་མོར་བཅའ་འདྲི་བྱས་པའི་ནང་ཁོ་མོས། རྒྱ་ནག་གིས་དྲག་སྤྱོད་པར་རྒོལ་རྡུང་གཏོང་ཐབས་ལ་བགྲོ་གླེང་དང་། ཉེ་ལམ་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་དང་། དེ་མིན་གྱི་རྒྱལ་ཁབ་གཞན་ཁག་ཅིག་ནང་འཇབ་རྒོལ་བྱས་པའི་དོན་རྐྱེན། དེ་བཞིན། ཉེ་ཆར་རྒྱ་ནག་ནུབ་རྒྱུད་ཤིན་ཅང་ས་ཁུལ་དུ་དྲག་གནོན་བྱས་པའི་ལྟ་ཚུལ་སོགས་གླེང་འདུག

25chinalin02-articleLarge-v2

 

 

 

 

 

 

 

 

 

 

 

 

 

 

དྲི་བ། ཉེ་ཆར་རྒྱ་ནག་གི་མགོ་ཁྲིད་ཚོས་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུ་ཡིན་སྐོར་དང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་འཇིགས་སྐུལ་དྲག་སྤྱོད་པ་ནི་མིའི་རིགས་ཀྱི་དགྲ་བོ་རེད་ཅེས་བརྗོད་ཡོད་འདུག ཁ་ཆེ་མཐུན་ཚོགས་ཀྱིས་རྒྱ་ནག་གི་མི་སེར་ཐོག་མ་དམར་གསོད་བཏང་ཡོད་སྟབས། འཇིགས་སྐུལ་འདི་དག་ལ་རྒྱ་ནག་གིས་ཇི་ལྟར་གདོང་ལེན་བྱ་འཆར་ཡོད་དམ།

 

ལན། རྒྱ་ནག་ག་དུས་ཡིན་ཡང་རྒྱབ་ལོགས་ལ་ཡིབ་སྡོད་རྒྱུར་དགའ་ཡང་ད་ལྟ་ཁག་པོ་ཆགས་པ་རེད། རྒྱུ་མཚན་ད་ལྟ་ཁ་ཆེ་མཐུན་ཚོགས་དང་ཨ་ལེ་ཁའོ་ཋ་(Al Qaeda ) ཡིས་རྒྱ་ནག་ལ་དམག་རྒྱག་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་ཧ་ཅང་གསལ་བོ་རེད། ངས་ད་ནི་རྒྱ་ནག་རྒྱབ་ཏུ་ཡིབ་ས་ཡོད་པ་མ་རེད་བསམ་གྱི་འདུག ངེས་པར་དུ་འགུལ་སྐྱོད་ཅིག་བྱེད་དགོས་པ་རེད།

 

དྲི་བ། རྒྱ་ནག་གིས་ག་རེ་བྱ་ཐུབ་ཀྱི་རེད།

 

ལན། རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་འདོད་ཡོད་པ་རེད། རྒྱུ་མཚན་རྒྱ་ནག་ནང་ཁུལ་དུའང་འཇིགས་སྐུལ་འདིའི་རིགས་ལ་རྒྱུན་པར་གདོང་ལེན་བྱེད་ཀྱི་ཡོད་པས་རེད། འོན་ཀྱང་། རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུ་དེ་རྒྱལ་སྤྱིའི་དར་ཆའི་འོག་ཏུ་འགྲོ་འདོད་ཡོད་པ་ལས་ཨ་རིའི་དར་ཆའི་འོག་ཏུ་འགྲོ་འདོད་ཡོད་པ་མ་རེད། ཞི་ཅིན་ཕིན་གྱིས་རྒྱལ་སྤྱིའི་དམག་དཔུང་ལ་རྒྱབ་སྐྱོར་བྱ་རྒྱུར་མོས་མཐུད་བྱས་ཡོད་སྟབས། ཨ་ཧྥི་རི་ཀའི་ནང་གི་གནས་ཚུལ་དེ་བྱུང་བ་རེད། སི་རི་ཡ་དང་ཨི་རག་ནང་གི་ཁེ་ཕན་དང་གནོད་སྐྱོན་ཟུང་འབྲེལ་ཁྲོད། རྒྱ་ནག་གིས་མ་འོངས་པར་དཀྱིལ་ཤར་ཨེ་ཤ་ཡ་རུ་དྲག་ཆས་དམག་གི་རྟེན་གཞི་མང་པོ་འཛུགས་རྒྱུ་རེད། ཨ་རིས་ཤར་ཕྱོགས་དམག་གི་ལྟེ་གནས་འཛིན་པའི་སྐབས་ལ་རྒྱ་ནག་གིས་ནུབ་ཕྱོགས་དམག་གི་ལྟེ་གནས་འཛིན་རྒྱུ་རེད།

 

དྲི་བ། འདས་པའི་ལོ་མང་རིང་རྒྱ་ནག་གི་དཔོན་རིགས་ཚོས་ཁོ་ཚོ་རྒྱལ་ཁབ་གཞན་གྱི་རྩོད་ཉོག་ནང་ཞུགས་འདོད་མེད་སྲིད་བྱུས་ཤིག་བཟུང་སྟེ། དཀྱིལ་ཤར་ཡུལ་གྲུའི་དྲག་སྤྱོད་པའི་གནད་དོན་ལ་ཐེ་གཏོགས་བྱས་ཡོད་པ་མ་རེད། འོན་ཀྱང་ད་ལྟ་དྲག་སྤྱོད་པའི་སྟོབས་ཤུགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ཏེ། རྒྱ་ནག་གཞུང་གིས་སྲིད་བྱུས་དེར་བསྐྱར་དུ་བསམ་གཞིག་གཏོང་དགོས་པ་ཆགས་ཡོད་དམ།

 

ལན། རྒྱ་ནག་གི་དཔོན་རིགས་ཚོས་སྲུང་སྐྱོབ་བྱ་དགོས་པ་དེ་ཁོ་རང་ཚོའི་མི་མང་གི་ནུས་ཤུགས་དང་སྲིད་སྲ་བརྟན་དང་འབྲེལ་བ་ཡོད་པ་རེད། འཇིགས་དྲག་སྤྱོད་པའི་གནས་ཚུལ་འདི་རིགས་ཀྱི་ནུས་ཤུགས་ཀྱིས་ཁོ་ཚོའི་ཁྲིམས་མཐུན་གྱི་སྲིད་དབང་ལ་གཏོར་སྐྱོན་གཏོང་སྲིད། ཐེ་གཏོགས་མི་བྱེད་པའི་སྲིད་བྱུས་ཟེར་བ་དེའི་ནང་དོན་ལས་ཀ་ཅི་ཡང་མི་སྒྲུབ་པའི་དོན་མ་རེད། ཁོ་ཚོས་དམག་གི་རྟེན་གཞི་ཡོད་ཚད་ཀྱིས་ཁོ་ཚོའི་མང་ཚོགས་སྲུང་སྐྱོབ་བྱ་རྒྱུ་དེ་རེད།

 

དྲི་བ། ཉེ་ཆར་ཁ་ཆེ་མཐུན་ཚོགས་ཀྱི་ཐོབ་ཐང་རྩོད་ལེན་པ་ཚོས་འཇབ་རྒོལ་བྱས་ཏེ་མེ་མདའ་དང་འབམ་བཞག་པའི་གནས་ཚུལ་ཡ་ང་བ་བྱུང་པ་དེས་རྒྱ་ནག་ལ་ཤུགས་རྐྱེན་ག་རེ་ཐེབས་ཡོད།

 

ལན། ཕ་རེ་སིའི་དོན་རྐྱེན་གྱིས་རྒྱ་ནག་གི་དཔོན་རིགས་ཚོར་ཤིན་ཅང་ཐོག་འཛིན་པའི་སྲིད་བྱུས་ལ་སྟངས་འཛིན་བྱ་རྒྱུར་ལྡབ་འགྱུར་གྱིས་སྐུལ་ལྕག་བཏང་ཡོད་པ་རེད། ཁོ་ཚོས་ཊའི་ཁེ་སི་ཊན་ཁ་ཆེ་ཚོགས་པ་ (Turkestan Islamic Party) ཉམས་ཆག་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། ༼ པེ་ཅིན་གྱིས་ཁ་བྲལ་གྱི་ལས་འགུལ་དང་ཡུ་གུར་མི་རིགས་ཀྱི་དྲག་སྤྱོད་གཉིས་མཉམ་བསྲེས་བྱེད་ཀྱི་ཡོད་པ་རེད། ཡུ་གུར་མི་རིགས་ནི་ཤིན་ཅང་གི་གདོན་མའི་མི་རིགས་ཞིག་ཡིན་པ་དང་མང་ཆེ་བ་ཊོ་ཁེ་(Turkic) ཡི་ཁ་ཆེ་ཡིན་འདུག༽ དེ་བཞིན། སི་རི་ཡ་དང་ཨི་རག་ནང་གི་འཛམ་གླིང་རང་བཞིན་གྱི་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་བའི་ཐད་ལའང་མཐུན་སྦྱོར་བྱེད་ངེས་རེད། དཔེར་ན། གསང་བ་མཉམ་སྤྱོད་བྱ་རྒྱུ་ལྟ་བུ།

 

དྲི་བ། ཕ་རེ་སི་ལ་འཇབ་རྒོལ་བྱས་རྗེས་རྒྱ་ནག་གི་དཔོན་རིགས་ཚོས་ཕྱིའི་རྒྱལ་ཁབ་ཁག་ལ་ཤིན་ཅང་ཚུད་པའི་རྒྱ་ནག་ནང་ཁུལ་གྱི་འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གཏོང་རྒྱུའི་འབོད་སྐུལ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཤིན་ཅང་གི་ཆོས་དང་རིག་གཞུང་ལ་ཚད་བཀག་བྱས་པ་དེར་ཧ་ཅང་འཚེར་སྣང་སྐྱེ་བཞིན་ཡོད་སྟབས། རྒྱ་ནག་གི་དཔོན་རིགས་ཚོའི་མཐོང་སྣང་ལ་འཛམ་གླིང་གིས་རྒྱ་ནག་གིས་དྲག་སྤྱོད་པར་རྒོལ་རྡུང་གཏོང་པ་དེར་སྣང་མེད་དུ་གཏོང་གི་ཡོད་པ་ཞིག་ཚོར་གྱི་ཡོད་རབ་འདུག དེ་བདེན་པ་རེད་དམ།

 

ལན། དེ་བདེན་པ་རེད། ང་ཚོགས་འདུར་འགྲོ་བའི་སྐབས་སུ་རྒྱ་ནག་གི་སློབ་གཉེར་པ་དང་ཐུག་འཕྲད་བྱས་སྐབས། ཁོ་ཚོ་ཚོང་མས་དེ་ལྟར་ཤོད་ཀྱིན་འདུག སྔོན་ཆད་ཁོ་ཚོས་སྤྱང་ཀི་བསླེབས་སོང་ཞེས་ནས་ཐེངས་མང་ལབ་ཡོད་པ་དང་། ཁོ་ཚོས་ཤིན་ཅང་གླེང་པའི་སྐབས་སུ་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་གཉིས་སླེ་བོ་གཅིག་ཏུ་ཟླ་སྒྲིལ་གཏོང་གི་ཡོད་སྟབས། ཁོ་ཚོ་ཡིད་ཆེས་བརླག་འགྲོ་བཞིན་ཡོད་པ་རེད། འོན་ཀྱང་། དེ་ནི་ཁོ་ཚོར་དྲག་སྤྱོད་པས་འཇིགས་སྐུལ་བྱེད་ཀྱི་མེད་པའི་དོན་གང་ཡང་མ་རེད།

hostages-seized-by-isis

 

 

 

 

 

 

 

 

 

 

 

 

 

 

 

 

 

དྲི་བ། ཁྱེད་ཀྱིས་བལྟས་ན། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་དཔོན་རིགས་ཚོས་ག་རེ་བྱས་ནས་ཤིན་ཅང་གི་གནད་དོན་ཆེན་པོ་བྱས་ཏེ་གླེང་གི་ཡོད་པ་རེད།

 

ལན། རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་དཀྱོག་མཚམས་གཅིག་དེ་ ༢༠༡༡ ལོའི་དཔྱིད་ཀ་རེད། ལོ་དེར་ཤིན་ཅང་གི་ཁ་ཞཱ་གྷར་ (Kashgar) ས་ཁུལ་དུ་འབར་རྫས་འགད་གཏོར་བཏང་པ་དང་། ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཚོས་ཆེས་ཐོག་མར་སི་ལ་ཧྥི་སུ་ཊི་ (Salafist) ཡི་རྒྱལ་དར་བེད་སྤྱོད་བཏང་ཡོད་པ་དེ། དར་ཆ་ནག་པོའི་སྟེང་ཁ་ཆེ་ཡི་གེ་བྲིས་པ་རེད་མ་གཏོགས་ཤར་ཕྱོགས་ཊའི་ཁེ་སི་ཊན་གྱི་དར་ཆ་སྔོན་པོའི་སྟེང་ལ་ཟླ་སྐར་དཀར་པོ་ཡོད་པ་དེ་མ་རེད།

 

རྒྱ་ནག་གཞུང་གིས་རྩེད་མོའི་འགྲོ་ལུགས་ཤིག་བཅོས་བསྒྱུས་བྱས་ཏེ། “ང་ཚོར་ཐོབ་ཐང་མང་པོ་དགོས་པ་དང་། རང་བཙན་གྱི་ཊའི་ཁེ་སི་ཊན་ཞིག་བསྐྲུན་རྒྱུའི་འདོད་པ་ཡོད།” ཅེས་བཤད་པ་ཙམ་མ་ཡིན་པར། ཁ་ཆེའི་བསྟན་སྲུང་དམག་འཁྲུག་ཁྱབ་བསྒྲགས་བྱས་པ་རེད།

 

དྲི་བ། ཨ་རི་དང་རྒྱ་ནག་གིས་རྩོད་གླེང་བྱེད་བཞིན་པའི་ལྷོ་རྒྱུད་མཚོ་ཁུལ་དུ་དྲག་ཆས་དམག་གི་རྟེན་གཞི་འཛུགས་ཆེད་མཚོ་ཁུལ་བྱེ་གླིང་དུ་འཛུགས་བསྐྲུན་བྱེད་ཀྱི་ཡོད་པ་དེ་རྒྱལ་སྤྱིའི་འཇིགས་སྐུལ་བར་རྒོལ་རྡུང་གཏོང་པའི་འཐབ་འཁྲུག་ནང་མཉམ་ཞུགས་བྱེད་སྲིད་དམ།

 

ལན། དུས་ཡུན་ཐུང་ཐུང་ནང་ལ་བལྟས་ན་དེ་རྙོག་འཛིང་རང་བཞིན་ཞིག་ཆགས་ངེས་རེད། འོན་ཀྱང་། ང་ཚོས་ས་དཀྱིལ་རྒྱ་མཚོ་དང་དཀྱིལ་ཤར་ཡུལ་གྲུ་ཁག་མཉམ་འབྲེལ་བྱས་ཚེ་ང་ཚོར་ཁེ་ཕན་མང་པོ་ཡོད་པ་རེད། གལ་སྲིད་ང་ཚོས་མཚོ་ཁུལ་དེར་མཉམ་འབྲེལ་གྱིས་འཛུགས་བསྐྲུན་བྱས་པ་ཡིན་ན། ང་ཚོས་ཞི་བདེའི་རྒྱ་མཚོའི་ནུབ་རྒྱུད་དུ་འབྱུང་བཞིན་པའི་ཛ་དྲག་གི་གནས་སྟངས་ཞི་འཇགས་གཏོང་ཐུབ་པ་རེད། ལས་དོན་འདིར་ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་གྱིས་དཀྱིལ་ཤར་ཡུལ་གྲུ་ཁག་ནས་མགོ་རྩོམ་དགོས་པ་ཞིག་རེད།

 

ནའེ་ཡོག་དུས་བབ་ཀྱིས་ཟླ་ ༡༢ ཚེས་ ༢༦ ཉིན་སྤེལ་ཡོད་པ་འཇིགས་མེད་རྒྱ་མཚོས་བོད་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese