མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བྱང་ཀོ་རེ་ཡར་དཔལ་འབྱོར་ཉེས་ཆད་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

ཨ་རིའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རེ་ཡའི་ཁེ་ལས་ཁག་ཅིག་ལ་གཞུང་གི་རྡུལ་ཕྲན་མཚོན་ཆའི་ལས་གཞིར་རོགས་སྐྱོར་བྱེད་ཀྱི་ཡོད་པའི་ཉེས་འཛུགས་ཐོག་དཔལ་འབྱོར་གྱི་ཉེས་ཆད་བཅད་ཡོད་འདུག

 

ཁ་སང་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རེ་ཡའི་གོ་མཚོན་འཕེལ་རྒྱས་གཏོང་བར་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐྱོར་བྱེད་མཁན་བྱང་ཀོ་རེ་ཡའི་གོ་མཚོན་འཕེལ་རྒྱས་ (Strategic Rocket Force) བསྟི་གནས་ཁང་དང་། ཌན་ཆུན་ཚོང་ལས་དངུལ་ཁང་(Tanchon Commercial Bank)།  ཕྱི་དངུལ་བརྗེ་ལེན་དངུལ་ཁང་(foreign exchange bank)། གཏེར་ལས་དང་ཚོང་ལས་འཕེལ་རྒྱས་ཁང་སོགས་དངུལ་ཁང་གཉིས་དང་མཚོ་ཐོག་སྐྱེལ་འདྲེན་ཁེ་ལས་གསུམ་བཅས་ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་མ་ཟད། དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་ལྦེ་ཋེ་ནམ་དང་སི་རེ་ཡར་རྟེན་གཞི་བྱས་པའི་ཌན་ཆུན་ཚོང་ལས་དངུལ་ཁང་གི་འཐུས་མི་བཞི་དང་། ཨུ་རུ་སུར་ཡོད་པའི་བྱང་ཀོ་རེ་ཡའི་ཕྱི་འབྲེལ་ཚོང་ལས་དངུལ་ཁང་གི་སྐུ་ཚབ་བཅས་ཐོ་གཞུང་ནག་པོའི་ཁོངས་སུ་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་འདུག

 

201512222734290734_20བྷི་བྷི་སིས་ཨ་རིའི་ནོར་སྲིད་ལྷན་ཁང་གི་བསྒྲགས་གཏམ་ལུང་འདྲེན་བྱས་པའི་ནང་། ང་ཚོས་བྱང་ཀོ་རེ་ཡར་དཔལ་འབྱོར་ཉེས་ཆད་འཕར་མ་འདི་གཅོད་དགོས་དོན་ནི། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིས་བྱང་ཀོ་རེ་ཡར་དཔལ་འབྱོར་ཉེས་ཆད་བཅད་ཀྱང་། འབྲེལ་ཡོད་གཞུང་འཛིན་མི་སྣས་སྣང་མེད་བཏང་ནས་མུ་མཐུད་རྡུལ་ཕྲན་མཚོན་ཆ་བཟོ་བཞིན་ཡོད་སྟབས། ད་ཐེངས་དཔལ་འབྱོར་ཉེས་ཆད་གཅོད་དགོས་བྱུང་བ་རེད། ཅེས་དང་། ཨེ་ཤ་ཡའི་གསར་འཕྲིན་ཐོག་ཨ་རིའི་ནོར་སྲིད་ལྷན་ཁང་གི་དྲུང་འཕར་ཨེ་ཌམ་སི་ཛུ་བྷིན་ (Adam Szubin) ལགས་ཀྱིས། “བྱང་ཀོ་རེ་ཡས་རྡུལ་ཕྲན་མཚོན་ཆ་དང་གོ་མཚོན་དཀྱུས་མ་འདྲ་མིན་བསྐྲུན་ཏེ། རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་སྟབས། ད་ཐེངས་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རེ་ཡའི་དཔལ་འབྱོར་གྱི་འབྱུང་ཁུངས་ཁག་ཐེར་འདོན་བྱས་ཏེ། ཁོ་ཚོའི་རྒྱལ་སྤྱིའི་དཔལ་འབྱོར་ཁེ་ཕན་འཕྲོག་རྒྱུ་ཡིན།”ཞེས་བརྗོད་འདུག

 

ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡའི་དབང་ཆ་བཟུང་རྗེས། རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་གཞི་རྒྱ་ཆེ་རུ་བཏང་སྟེ། ལྷོ་བྱང་ཀོ་རེ་ཡའི་མཚོ་ཁུལ་དུ་ད་བར་ཤུགས་ཚད་ཆུང་འབྲིང་ཆེ་གསུམ་གྱི་རྡུལ་ཕྲན་མཚོན་ཆ་དང་སྒྱོགས་མདེལ་མི་འདྲ་བ་ ༢༨ ལྷག་ཚོད་ལྟ་བྱས་པ་མ་ཟད། ཨི་རན་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་མཚོན་ཆ་འདྲ་མིན་བཙོངས་ནས་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་ཀྱང་། བྱང་ཀོ་རེ་ཡས་ཉན་འཇོག་གང་ཡང་བྱས་མེད་པར་བརྟེན། ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དཔལ་འབྱོར་ཉེས་ཆད་ཐེངས་གསུམ་ཙམ་བཏང་ཡོད།

 

འདས་ལོའི་ནང་རྒྱལ་སྤྱིའི་འགྲོ་བ་ཐོབ་ཐང་གི་སྒྲིག་འཛུགས་ཁག་ཅིག་གིས་བྱང་ཀོ་རེ་ཡས་རྡུལ་ཕྲན་མཚོན་ཆའི་བཟོ་སྐྲུན་འཕེལ་རྒྱས་གཏོང་ཆེད་ཆེད་ལས་མི་སྣ་དང་ལས་མི་བསྡུས་ཏེ། ཉིན་མཚན་ལྟོས་མེད་ལས་ཀ་སྐུལ་བ་དང་ལས་མི་མང་པོ་ཤི་བ་སོགས་ཀྱི་གྲུབ་དོན་སྙན་ཐོ་བཏོན་ཡོད་སྟབས། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་མིའི་རྒྱལ་ཁབ་ཁག་ཅིག་གིས་སྐྱོན་བརྗོད་དང་། རྒྱལ་སྤྱིའི་ཞིབ་འཇུག་ཚོགས་ཆུང་རྟོག་ཞིབ་བྱེད་བར་གཏོང་དགོས་པ་བརྗོད་ཡོད་ཀྱང་། རྒྱ་ནག་དང་ཨུ་རུ་སུས་དང་ལེན་བྱས་མེད་པ་མ་ཟད། ད་ཐེངས་ཨ་རིས་བྱང་ཀོ་རེ་ཡར་དཔལ་འབྱོར་ཉེས་ཆད་བཅད་པར་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་ཀྱང་། ཨུ་རུ་སུ་དང་རྒྱ་ནག་གིས་བཟང་ངན་གྱི་རྣམ་འགྱུར་གང་ཡང་བསྟན་མི་འདུག

 

དེ་རིང་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། བྱང་ཀོ་རེ་ཡས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྩི་སྲུང་གིས་རྡུལ་ཕྲན་མཚོན་ཆའི་ལས་འཆར་ཁག་མཚམས་འཇོག་མ་བྱས་སྟབས། ད་ལྟའི་དཀའ་ངལ་འདི་མྱོང་དགོས་བྱུང་བ་རེད། མ་འོངས་པར་ད་དུང་མུ་མཐུད་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་བཟུང་བ་ཡིན་ན། ཕམ་ཁ་མྱོང་མཁན་དེ་ཀོ་རེ་ཡ་ཡིན་པ་ལས་རྒྱལ་སྤྱིའི་སྒྲིག་འཛུགས་མིན་སྟབས། ད་ལྟ་བྱང་ཀོ་རེ་ཡས་དགོངས་པ་བཞེས་ནས་བཟང་ཕྱོགས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese