མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་ཀཱེ་ཨཧྥོ་སི་ཟ་ཁང་ཕྱེ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཨ་རིའི་སྙན་གྲགས་ཅན་གྱི་སྟབས་བདེའི་ཟས་རིགས་ཁེ་ལས་ཀཱེ་ཨཧྥོ་སི་ (KFC) ཡིས་རྒྱ་ནག་རྒྱལ་ཡོངས་ནང་ཟ་ཁང་མང་དུ་གཏོང་བ་དང་ཆབས་ཅིག ལོ་རྗེས་མའི་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་ལྷ་སར་ཀཱེ་ཨཧྥོ་སིའི་ཟ་ཁང་ཐོག་མ་སྒོ་ཕྱེ་རྒྱུ་ཡིན་སྐོར་བསྒྲགས་འདུག
tibettimesརྒྱ་ནག་ཤིན་ཧྭ་གསར་ལམ་སྟེང་ལྷ་སར་རྟེན་གཞི་བྱས་པའི་ཁྲན་ལི་ཤི་དྷ་ཚོང་གཉེར་བསྟི་གནས་

(Shenlishidai shopping centre) ཁང་གི་འགན་འཛིན་ཀྲང་ཝའེ་ (Chen Biao) ཟེར་བས། ང་ཚོའི་ཚོང་གཉེར་བསྟི་གནས་ཁང་དང་ཀཱེ་ཨཧྥོ་སི་བར་གན་རྒྱ་བཞག་སྟེ། ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་ལྷ་སར་ཀཱེ་ཨཧྥོ་སིའི་ཟ་ཁང་གཉེར་རྒྱུ་ཐག་གཅོད་བྱས་ཡོད་པ་ལྟར། ད་ལྟ་ཐོག་རྩེག་གཉིས་ཅན་གྱི་ཟ་ཁང་བརྒྱབ་སྟེ་ནང་གི་བཀོད་པ་ལེགས་སྒྲིག་བྱེད་བཞིན་ཡོད། ཀཱེ་ཨཧྥོ་སིས་ལྷ་སར་ཟ་ཁང་འཛིན་རྒྱུ་ཐག་གཅོད་མ་བྱས་གོང་ནས་བོད་ནང་སྟབས་བདེའི་བྱ་ཤ་སྲེག་མ་ཟ་ས་དྷི་ཁཱོ་སི་ (Dicos) སོགས་ཟ་ཁང་མང་པོ་ཡོད་པ་མ་ཟད། རྒྱ་ཆེའི་ཟས་སྤྱོད་པས་མཉེས་པོ་གནང་གི་ཡོད་སྟབས། ད་ཐེངས་བོད་ནང་རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་ཀཱེ་ཨཧྥོ་སི་ཟ་ཁང་བཙུགས་ན། མ་འོངས་པར་རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་བའི་ཟས་ཀྱི་འདོད་ཡོན་སྐོང་ཐུབ་པའི་ཡིད་ཆེས་ཡོད། ཅེས་བརྗོད་འདུག

 

ཡང་ཀཱེ་ཨཧྥོ་སིའི་ལས་ཁུངས་ཨ་མ་ཡཱམ་ (Yum Brands Inc) གྱིས། ང་ཚོས་རྒྱ་ནག་ནང་གི་ཡན་ལག་ཟ་ཁང་ ༦༩༠༠ ལ་བཅོས་བསྒྱུར་དང་རྒྱ་སྐྱེད་བཏང་སྟེ། ཡུན་རིང་མ་འགོར་བར་རྒྱ་ནག་རྒྱལ་ཡོངས་ནང་ཟ་ཁང་ ༢༠༠༠༠ ཚུགས་རྒྱུ་ཐག་གཅོད་བྱས་ཡོད་སྟབས། བོད་ཀྱི་གྲོང་ཁྱེར་ལྷ་སར་ལོ་རྗེས་མའི་ཟླ་དང་པོའི་ནང་ཟ་ཁང་ཐོག་མ་དེ་སྒོ་འབྱེད་བྱ་རྒྱུ་ཡིན། གལ་སྲིད་མ་འོངས་པར་ང་ཚོའི་ཟ་ཁང་འདིའི་ཚོང་ཡག་པོ་བྱུང་ན། རིམ་པས་བོད་ཀྱི་གྲོང་རྡལ་དང་གྲོང་ཁྱེར་ཁག་ཏུ་ཡན་ལག་ཇེ་མང་དུ་གཏོང་རྒྱུ་ཡིན། ཞེས་བརྗོད་འདུག

 

དེ་རིང་གྷར་ཌིན་དང་རོའི་ཌར་གྱིས་གནས་ཚུལ་སྤེལ་བའི་ནང་། ༢༠༠༤ ལོར་ཨ་རིའི་ཟས་རིགས་ཁེ་ལས་ཀཱེ་ཨཧྥི་སིས་བོད་ནང་ཟ་ཁང་ཚུགས་རྒྱུའི་འཆར་གཞི་བཏིང་ཡོད་ཀྱང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དཀར་ཟས་ཚོགས་པ་འདྲ་མིན་གྱིས་སྐྱོན་བརྗོད་བྱས་ཡོད་སྟབས། ད་བར་བོད་ནང་ཀཱེ་ཨཧྥོ་སིའི་ཟ་ཁང་འཛུགས་ཐུབ་མེད། དེ་བཞིན། རྒྱ་ནག་གི་ཀཱེ་ཨཧྥོ་སི་དང་མེག་ཌོ་ཎལ་ཌི་ (McDonald)སོགས་ཀྱི་གཙང་སྦྲ་དང་ཟས་རིགས་ཀྱི་རྒྱུ་ཆ་ཡག་པོ་མེད་སྟབས། མང་ཚོགས་ཀྱིས་ཚོང་རྟགས་དེ་དག་གི་ཟས་རིགས་ཉོ་རྒྱུ་མཚམས་བཞག་པའི་དབང་གིས་ཁེ་ལས་དེ་གཉིས་ཀྱི་ཟ་ཁང་མང་པོ་སྒོ་རྒྱག་དགོས་བྱུང་ཡོད།

 

༢༠༡༤ ལོར་ཚོང་རྟགས་དེ་གཉིས་ཀྱིས་སླར་ཡང་རྒྱ་ནག་ནང་དུས་ཚོད་ཡོལ་བའི་སྲེག་ཤ་བཙོངས་པར་བརྟེན། འཛད་སྤྱོད་པ་མང་པོས་ངོ་རྒོལ་བརྒྱབ་ཡོད་སྟབས། ཁེ་ལས་ཁང་གཉིས་ཀྱིས་དགོངས་སེལ་ཞུས་ཏེ། མ་འོངས་པར་ཟས་རྒྱུ་ཆ་དང་གཙང་སྦྲ་ཇེ་ལེགས་སུ་གཏོང་རྒྱུའི་ཁས་ལེན་བྱས་སྟབས། ད་ལྟ་རྒྱ་ནག་མི་མང་གིས་ཟས་རིགས་དེ་དག་ལ་དགའ་སྣང་ཆེན་པོ་བྱེད་བཞིན་ཡོད། ཉེ་ལམ་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། མི་མང་ཆེ་བས་དྲ་ཐོག་བརྒྱུད་གཙང་སྦྲ་ལེགས་པའི་ཟས་རིགས་མངག་ཉོ་བྱེད་བཞིན་ཡོད་པར་བརྟེན། ད་ལྟ་རྒྱ་ནག་ནང་ཀཱེ་ཨཧྥོ་སི་ཡི་ཚོང་ཁ་རྒྱུག་པོ་ཡོད་པ་རེད་ཅེས་བཀོད་འདུག

 

རག་ཡཱ་ཌི་ཆ་འཕྲིན་ (The Rakyat Post) ཞེས་པས་ཀཱེ་ཨཧྥོ་སིས་བོད་ནང་གི་ཁྲོམ་རྭ་རྒྱ་སྐྱེད་གཏོང་ཆེད་ལྷ་ས་གྲོང་ཁྱེར་དུ་ས་ཆ་མུའུ་གྲུ་བཞི་མ་ ༤ ཚེག་ ༦༧ ཅན་ཞིག་ཉོས་ཏེ། ད་ལྟ་ཁང་པ་གསར་རྒྱག་བྱེད་བཞིན་འདུག ཕྱི་ལོ་ ༡༩༩༤ ལོ་ནས་ད་བར་བོད་ནང་གི་ལོ་རེའི་ཐོན་འབབ་གྲངས་གནས་གཉིས་འཕར་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་མི་དམངས་ཤོག་སྒོར་ཐེར་འབུམ་ ༩༢།༥ ཡི་ཡོང་འབབ་བྱུང་བ་མ་ཟད། ལོ་རེར་ཞིང་འབྲོག་གཉིས་ཀྱི་ཡོང་འབབ་བརྒྱ་ཆ་ ༡༤ དང་གྲོང་ཁྱེར་གྱི་གྲོང་མི་ཚོའི་ཡོང་འབབ་བརྒྱ་ཆ་ ༨ ལྷག་འཕར་བཞིན་ཡོད་པ་རེད། ད་ལྟ་བོད་ནང་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེན་པོ་འགྲོ་བཞིན་ཡོད་པ་མ་ཟད། ཚོང་གི་མ་འཇོག་བྱེད་སའི་ཁོར་ཡུག་བཟང་པོ་ཡོད་སྟབས། ད་ཆ་བོད་ནང་རྒྱལ་སྤྱིའི་མ་འཇོག་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་སོགས་འཁོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༩ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣

མཆན། 1

  1. འཇམ་དབྱངས། says:
    ལོ་ 11 སྔོན།

    ཧ་ལམ་ལོ་བཅུ་ལྷག་འགོར་ཡོད་བསམ་སོང་། ཀེ་ཨེཧྥི་སིས་ཟ་ཁང་གི་འགོ་གཙོ་ཞིག་དང་༧གོང་ས་མཆོག་ཨ་རི་ནས་ཐུག་འཕྲད་སྐབས། ཟ་ཁང་དེས་བྱ་དེ་མང་པོ་གསོད་ཀྱི་ཡོད་སྟབས་༧ གོང་ས་མཆོག་གིས་རེ་འདོད་ཞུས་ཏེ། རྗེས་ཕྱོགས་ལྷ་སར་ཟ་ཁང་དེ་མི་འཛུགས་རྒྱུར་ཁོ་ཚོས་མོས་མཐུན་གནང་ཡོད་པའི་སྐད་ཆ་ཅིག་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese