མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རྐང་རྩེད་སྤོ་ལོའི་དར་རྒུད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གཞོན་ནུ་རྐང་རྩེད་སྤོ་ལོ་བ་པདྨ་འཕྲིན་ལས་ཀྱིས་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་རྐང་སྤོལ་འགྲན་སྡུར་ཁྲོད་ཨང་གསུམ་པ་དང་འབྱུང་འགྱུར་སྐར་ཆེན་གྱི་མཚན་སྙན་བླངས་ཡོད་འདུག

W020151214526347501433ཟླ་འདིའི་ཕྱི་ཚེས་ ༡༢ ནས་ ༡༣ བར་རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་དུ། ཕྱི་ལོ་ ༢༠༡༥ ལོའི་ཁྲང་ཨན་ཧྥི་ཐེ་གཞོན་ནུའི་རྐང་རྩེད་སྤོ་ལོའི་འདེམས་སྒྲུག་རྟིང་རྩོད་འགྲན་སྡུར་ཚོགས་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ནང་པེ་ཅིན་དང་སུའུ་ཀྲུའུ། ཁྲང་ཁྲུན། ཀོང་ཀྲུའུ། ཧང་ཀྲུའུ། ཧྲང་ཧེ། ཅི་ནན། ནན་ཅིང་བཅས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བདུན་ནས་འདེམས་སྒྲུག་བྱས་པའི་གཞོན་ནུའི་རྐང་སྤོལ་རུ་ཁག་དང་། མགོ་ལོག་ཁུལ་ཨ་མྱེས་རྨ་ཆེན་ལོ་ཆུང་གཞོན་ནུའི་རྐང་སྤོལ་རུ་ཁག་བཅས་མཉམ་ཞུགས་བྱས་ཡོད་པ་དང་། རྟིང་རྩོད་འགྲན་སྡུར་ཁྲོད་སློབ་ཆུང་སྡེ་ཁག་དང་དམའ་འབྲིང་སྡེ་ཁག་བཅས་རིམ་པ་གཉིས་སུ་བདམས་ཡོད་པ་མ་ཟད། ཆེད་ལས་དཔྱད་འདེམས་པས་ཕུལ་བྱུང་རྐང་རྩེད་སྤོ་ལོ་བ་ ༢༨ དང་། དྲ་རྒྱའི་དཔྱད་འདེམས་བརྒྱུད་ལོ་ཆུང་ལུས་རྩལ་བ་ ༢ བཅས་གཞོན་ནུ་རྩེ་གྲས་ ༣༠ ལས་གྲུབ་པའི་༼ཁྲང་ཨན་ཧྥི་ཐེའི་འབྱུང་འགྱུར་སྐར་ཆེན༽ཞེས་པའི་རུ་ཁག་གསར་འདེམས་བྱས་ཡོད་པ་དང་། རུ་ཁག་དེའི་ནང་བོད་རིགས་གཞོན་ནུ་པདྨ་འཕྲིན་ལས་ཀྱང་ཚུད་ཡོད་པ་མ་ཟད། རྟིང་རྩོད་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་ཡོད་འདུག

རྐང་རྩེད་སྤོ་ལོ་བ་པདྨ་འཕྲིན་ལས་ཀྱིས་གསར་འགོད་པར། ཐེངས་འདིའི་འགྲན་སྡུར་ཁྲོད་ངས་ཨང་གསུམ་པ་ལས་ལོན་མ་ཐུབ་ཀྱང་། ཆེས་དགའ་འོས་པ་ཞིག་ནི་ཀྲུང་གོ་རྐང་སྤོལ་མཐུན་ཚོགས་ཀྱིས་གཉེར་བའི་རིམ་མཚུངས་རྐང་སྤོལ་འགྲན་སྡུར་ཐོག༼འབྱུང་འགྱུར་སྐར་ཆེན༽གྱི་མཚན་སྙན་ཐོབ་པའི་རྐང་སྤོལ་ལུས་རྩལ་པ ༢༨ བདམས་པའི་ཁྲོད་ཀྱི་ཕུལ་བྱུང་ལུས་རྩལ་པའི་མཚན་སྙན་བསྩལ་བར་དགའ་སྤྲོ་ཆེན་པོ་བྱུང་། སང་ལོའི་ཟླ ༨ པར་ཨིན་གྷ་ལན་ཌི་རུ་བསྐྱོད་ནས་དུས་ཡུན་གཟའ་འཁོར་གཉིས་རིང་མཉམ་འབྲེལ་སྦྱོང་བརྡར་ལ་ཞུགས་དགོས་པ་རེད། ང་ཚོའི་ངོས་ནས་བརྗོད་ན། རྒྱལ་ནང་གི་རྩེར་སོན་ཆེད་ལས་རྐང་སྤོལ་རུ་ཁག་གཞན་དང་མཉམ་དུ་རྒྱལ་ཡོངས་རང་བཞིན་གྱི་འགྲན་སྡུར་ལ་ཞུགས་རྒྱུ་བྱུང་བ་ནི་མ་གཞི་ནས་བསོད་བདེ་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཅེས་བརྗོད་འདུག

ཨ་མྱེས་རྨ་ཆེན་མཉམ་སྡེབ་རུ་ཁག་ལོ་ཆུང་གཞོན་ནུའི་རྐང་སྤོལ་རྩལ་འཁྲིད་པ་བསྟན་རིག་རྡོ་ལགས་ཀྱིས་གསར་འགོད་པར། ཟླ་འདིའི་ཚེས ༧ ཉིན་ནས་བཟུང་བོད་རིགས་ལོ་ཆུང་གཞོན་ནུ ༡༢ ཧུར་བརྩོན་ཆེན་པོས་འགྲན་སྡུར་གྱི་མཉམ་སྡེབ་སྦྱོང་བརྡར་ཁག་ལ་ཞུགས་ཏེ་གྲ་སྒྲིག་ཨང་གསར་བྱས་ཡོད་པ་དང་། ད་རེས་རྒྱལ་ཡོངས་རང་བཞིན་གྱི་ལོ་ཆུང་གཞོན་ནུའི་རྐང་སྤོལ་འགྲན་སྡུར་ལ་ཞུགས་ཐེངས་དང་པོ་དེ་ཡིན་ཡང་། རུ་མི་ཆུང་ཆུང་ཚོའི་སྙིང་སྟོབས་རུ་ཁག་གཞན་ལས་ཅུང་ཙམ་ཡང་ཞན་གྱི་མི་འདུག རྩེད་ཐང་དུ་ཁོ་ཚོས་དཔའ་རྩལ་ཆེན་པོས་རྒྱུག་འདེད་བྱས་ཏེ་མཐའ་མཇུག་བར་རྒྱུན་འཁྱོངས་ལྷོད་མེད་བྱས་སོང་། མ་གཞི་ཨང་དང་པོའི་མཚན་སྙན་མ་ཐོབ་ཀྱང་འདི་གར་འགྲན་སྡུར་ལ་ཞུགས་ཐུབ་པ་ནི་ཕྲུ་གུ་ཚོའི་ངོས་ནས་སྣང་བ་ཤིན་ཏུ་སྐྱིད་ཡོད་པ་རེད། ཅེས་བརྗོད་འདུག

W020150806398870314724བོད་ལ་རྐང་རྩེད་སྤོ་ལོ་དར་ཁྱབ་ཕྱིན་པའི་ལོ་རྒྱུས་ལྟར་ན། ཕྱི་ལོ་ ༡༩༠༤ ལོར་དབྱིན་ཇིའི་དཔུང་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ། བོད་ནུབ་ཁུལ་གྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་བའི་རྒྱལ་རྩེ་རྫོང་དུ་དབྱིན་ཇིས་ཚོང་ལས་དང་དམག་དོན་གྱི་རྟེན་གཞི་བཙུགས་ནས་གནས་སྡོད་བྱས་ཡོད་པ་དང་། སྤྲོ་སྐྱིད་གཏོང་སྐབས་སོགས་སུ་རྒྱལ་རྩེའི་སྐྱིད་ནག་ཐང་དུ་ཁོ་ཚོས་རྐང་རྩེད་སྤོ་ལོ་དང་རྟ་ཐོག་སྤོ་ལོ་རྩེ་ཡི་ཡོད་སྟབས། རིམ་གྱིས་རྒྱལ་རྩེ་རུ་གནས་བྱས་པའི་བོད་ཀྱི་སྐུ་དྲག་དང་ཚོང་པའི་བུ་ཕྲུག་ཚོས་རྐང་རྩེད་སྤོ་ལོ་དཔེ་གསར་གྱི་རྩེད་མོ་ཞིག་ཏུ་མཐོང་སྟེ། ཕྱི་རྒྱལ་ནས་ཆེད་མངགས་ཉོས་ཡོང་བའི་རྐང་སྤོལ་ངོ་མ་དང་རས་ཀྱིས་བཟོས་པའི་སྤོ་ལོ་སོགས་རྩེས་ནས་འགྲན་སྡུར་བྱེད་སྲོལ་དར་ཡོད་འདུག ཡིན་ནའང་། སྐུ་དྲག་གི་བུ་ཕྲུག་ཚོས་པ་ལྕོག་སྟེང་གི་གའུ་དང་རྣ་རྒྱན་སོགས་ལུས་ཀྱི་རིན་ཆེན་རྒྱན་ཆ་རྣམས་བཀྲོལ་ཏེ་རྐང་སྤོལ་རྩེད་འགྲན་ནང་ཞུགས་སྐབས། ཁྱིམ་མིས་བཀྲ་མི་ཤིས་པའི་རྣམ་རྟོག་དང་སྤྱི་ཚོགས་ནང་མཐོང་སྣང་མ་ལེགས་པ་མང་པོ་བྱུང་སྟེ་གླེང་རྙོག་བསླེབས་པ་མ་ཟད། སྐབས་དེའི་སེར་མོ་བའི་སྡེའི་ནང་དུའང་རྐང་རྩེད་སྤོ་ལོར་དགའ་མོས་གནང་མཁན་མང་པོ་བྱུང་ཡོད་སྟབས། བསླབ་པ་སློབ་གཉེར་ལ་འགོག་རྐྱེན་བཟོ་ཡི་ཡོད་པའི་ངོ་རྒོལ་གནང་ཡོད་འདུག འོན་ཀྱང་། འབྱོར་ཕྱུག་དང་དབང་ཐང་ལྡན་པའི་གཞོན་ནུ་ཚོའི་དགའ་མོས་ཁྲོད་རྐང་རྩེད་སྤོ་ལོ་འགོག་ཐུབ་མེད་པ་མ་ཟད། རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་རུའང་དར་མགོ་བརྩམས་ནས་སྐུ་དྲག་གི་རུ་ཁག་དང་ཏར་ཁང་རུ་ཁག སློབ་མའི་རུ་ཁག ལྷ་སར་ཡོད་པའི་བལ་པོའི་ཚོང་པའི་རུ་ཁག་སོགས་ཕྱི་གླིང་པའི་རུ་ཁག་བཅས་རྐང་རྩེད་སྤོ་ལོའི་རུ་ཁག་བཅུ་གྲངས་ཤིག་བྱུང་ཞིང་། རེས་གཟའ་ཉི་མ་རྟག་པར་ལྷ་སའི་རྩེ་དྲུང་གླིང་ག་རུ་འགྲན་སྡུར་བྱེད་སྲོལ་ཡོད་འདུག

བཤད་སྲོལ་ལྟར་ན། ཕྱི་ལོ་ ༡༩༤༡ ལོའི་ནམ་མཁའ་དྭངས་ཤིང་ཉི་འོད་ཚ་ལམ་ལམ་དུ་འཕྲོས་པའི་དབྱར་གཞུང་ཞིག་ལ། རྩེ་དྲུང་གླིང་གར་སྐུ་དྲག་མི་དྲག་གི་གཙོས་སེར་སྐྱ་མི་མང་ཕོན་ཆེན་འདུས་ཏེ། རྐང་རྩེད་སྤོ་ལོའི་ཕུལ་བྱུང་རུ་ཁག་སྟེ་སྐུ་དྲག་རུ་ཁག་དང་། དབྱིན་ཇིའི་རུ་ཁག་གཉིས་བར་སྤོ་ལོ་འགྲན་སྡུར་བྱས་ཏེ། དབྱིན་ཇི་བས་སྤོ་ལོ་གཅིག་བླུགས་ནས་གླིང་ག་ཡོངས་སུ་འབོད་སྒྲ་དང་འགྲན་སེམས་ཀྱི་ཚ་རླབས་འཕྱུར་སྐབས། གློ་བུར་དུ་རི་བོང་ཞིག་རྒྱུག་ཡོང་སྟེ་རྩེད་ཐང་ནང་ཕར་རྒྱུག་ཚུར་རྒྱུག་བྱས་སྟབས། རྩེད་མོ་བ་ཚོས་སྤོ་ལོ་གཡུགས་ནས་རི་བོང་རྗེས་འདེད་བཏང་ཡོད་བས་རྩེད་ཐང་ནང་རེ་ཞིག་དགོད་སྒྲས་ཁེངས། དེ་ནས་ཡང་མུ་མཐུད་འགྲན་སྡུར་བྱས་ཏེ་རྒྱལ་ཕམ་གྱི་རྣོ་ངར་ཆེས་ཆེར་རྒྱས་བཞིན་པའི་སྐབས་སུ་གློ་བུར་དུ་ནམ་མཁར་སྤྲིན་ནག་འཁྲིགས་ཤིང་། སེར་བ་དྲག་པོ་བབས་ནས་མི་ཚང་མས་མགོ་བོ་བཀབ་སྟེ་ཕྱོགས་བཞིར་འབྲོ་འགྲོ་དགོས་བྱུང་བ་མ་ཟད། མི་ཁ་ཤས་ལ་རྨས་སྐྱོན་ཀྱང་ཅུང་ཙམ་རེ་ཕོག་ཡོད་འདུག

གློ་བུར་དུ་བྱུང་བའི་སེར་བ་དེར་རྒྱང་རིང་ནས་ལྟ་སྐབས། ཕོ་བྲང་པོ་ཏ་ལའི་ཕྱོགས་ནས་རྩེ་དྲུང་གླིང་གའི་ནང་ཐད་ཀར་བབས་ཡོད་པ་ལས་ས་ཆ་གཞན་དུ་བབས་མེད་པའི་གླེང་གཞི་ཞིག་བྱུང་བར་བརྟེན། གློ་བུར་དུ་གླིང་གའི་ནང་རི་བོང་བསླེབས་པ་དང་སེར་བ་བརྒྱབ་པ་ག་རེ་ཡིན་ནམ་སྙམ་པའི་ཚོད་དཔག་སྣ་ཚོགས་བྱུང་བ་མ་ཟད། སངས་རྒྱས་ཀྱི་དབུ་ལ་རྡོག་རྒྱག་འབུད་ན། མཇུག་འབྲས་དེ་འདྲ་ཡོང་རྒྱུ་རང་རེད་ཅེས་པ་སོགས་ཀྱི་ཁ་རྡུང་ཕོག་སྟེ། བོད་ཀྱི་སྤྱི་ཚོགས་ནང་རྐང་རྩེད་སྤོ་ལོ་དར་བ་ནས་འཕེལ་རྒྱས་སུ་འགྲོ་བར་འགག་རྡོ་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག

F2015032016530046767302464ཡིན་ནའང་། དེང་སྐབས་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་དགུན་དུས་ཀྱི་སྤོ་ལོ་འགྲན་སྡུར་གྱི་གཙོས་སློབ་གསེང་གི་སྐབས་སུ་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་དར་ཁྱབ་ཤིན་ཏུ་ཆེན་པོ་ཕྱིན་ཡོད་པ་མ་ཟད། ཞིང་འབྲོག་ས་ཁུལ་དུ་ཕྱུག་འཚོ་སྐྱོང་དང་འདེབས་འཛུགས་ཀྱི་ལས་ལ་གཞོལ་བའི་གཞོན་སྐྱེས་ཚོས་ཀྱང་སོ་སོའི་འཁོས་ཀ་དང་མཐུན་པའི་རུ་ཁག་མང་པོ་ཆེད་འཛུགས་བྱས་ཏེ་གྲོང་ཚོ་དང་གྲོང་ཚོའི་བར། རྫོང་དང་རྫོང་ཁག་བར་སྤོ་ལོ་འགྲན་སྡུར་བྱེད་སྲོལ་ཤུགས་ཆེན་པོ་དར་བཞིན་ཡོད་འདུག་ལ། རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་སྤོ་ལོ་འགྲན་ཚོགས་ནང་དུའང་མཉམ་ཞུགས་བྱེད་ཀྱིན་ཡོད་འདུག ཕྱི་ལོ་ ༡༩༨༢ ཟླ་ ༢ པའི་ནང་རྒྱ་ནག་ཀང་ཞི་ཞིང་ཆེན་ནན་ལིན་གྲོང་ཁྱེར་དུ་སྤེལ་བའི་དཔྱིད་དུས་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད། བོད་རང་སྐྱོང་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པའི་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་བཞིན་ ༢༠༡༥ ལོའི་རྒྱ་ནག་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལས་ཞོར་མཉམ་འབྲེལ་འགྲན་སྡུར་གྱི་ལྷོ་ནུབ་ཁུལ་གྱི་རྟིང་རྩོད་འགྲན་ཚོགས་ཐོག ལྷ་སའི་ས་གཙང་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཚོགས་ཆུང་ཁ་པའི་ཨང་ལྔ་པ་ཡི་རྒྱལ་ཁ་ཐོབ་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༩ པའི་ནང་ལྷ་སའི་ས་གཙང་རྐང་རྩེད་སྤོ་ལོའི་སྤྲོ་སྐྱིད་ཁང་གི་གཙོ་སྐྱོང་འོག བོད་ཁུལ་ཡོངས་ནས་ན་གཞོན་རྐང་རྩེད་སྤོ་ལོ་བ་ ༢༡ ཧྲག་འདེམས་བྱས་ཏེ། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་ཆེད་ལས་སྦྱོང་བརྡར་སྤྲོད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་འགྲན་ཚོགས་དབུ་བརྙེས་ཡོད་པ་དང་། འདི་ལོའི་རྐང་སྤོལ་འགྲན་ཚོགས་ཐེངས་ ༢༡ པའི་མཛད་སྒོའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྩེད་མོའི་རིགས་ནི་འཕྲོད་བསྟེན་དང་མཐུན་སྒྲིལ་གཉིས་ཀྱི་ཐད་ནས་གལ་གནད་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་གཞིས་ཆགས་ཁག་གིས་སྣེ་ཁྲིད་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྩེད་རིགས་གང་མང་མང་སྤེལ་ཐུབ་པ་ཡིན་ན། བཀའ་ཤག་གི་ངོས་ནས་མཐུན་འགྱུར་རོགས་རམ་གནང་རྒྱུ་ཡིན་པའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese