མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཚིག་དང་ཤད་གཅིག་ཀྱང་གསུབ་མི་ཆོག

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིན་བྱང་ཀོ་རི་ཡའི་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ལ་གཟིགས་མོར་ཕེབས་འཆར་མེད་སྟབས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་གིས་བཀའ་བཏང་སྟེ་འཁྲབ་སྟོན་ཕྱིར་འཐེན་བྱས་པ་རེད་ཟེར།

 

1 (1)ཟླ་འདིའི་ཚེས་ ༡༠ ཉིན་བྱང་ཀོ་རི་ཡའི་པདྨ་རོལ་དབྱངས་ཚོགས་པ་པེ་ཅིན་དུ་འཁྲབ་སྟོན་ལ་བསྐྱོད་ཡོད་ཀྱང་། ཚེས་ ༡༢ ཉིན་གྱི་ཕྱི་དྲོར་གློ་བུར་དུ་འཁྲབ་སྟོན་བྱས་མེད་པར་ཕྱིར་བྱང་ཀོ་རི་ཡར་ལོག་ཡོད་པ་དེར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་འདྲ་མིན་བྱེད་ཀྱིན་ཡོད་པ་དང་། དེ་རིང་ཞིན་ཐང་རིན་གྱིས་བྱང་ཀོ་རི་ཡི་གནས་ཚུལ་ལུང་འདྲེན་བྱས་པ་ལྟར་ན། པདྨ་རོལ་དབྱངས་ཚོགས་པས་སྦྱོང་བརྡར་བྱེད་སྐབས། རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཀྱིས་སྒྱུ་རྩལ་འཁྲབ་སྟོན་ནང་བརྗོད་བྱ་འདྲ་མིན་འདྲེས་མི་ཆོག་པའི་ཉེན་བརྡ་བཏང་པ་མ་ཟད། རྒྱ་ནག་གིས་༼ང་མཆི་རུང་གསར་བརྗེ་ཡི་བསམ་བློ་བློས་གཏོང་གི་མིན་༽ཞེས་པ་དང་། ༼ང་ཚོ་སུ་གང་ལའང་ཞེད་སྣང་སྐྱེས་ཀྱི་མེད། ༽ཟེར་བ་སོགས་ཀྱི་གླུ་གཞས་སོགས་ལ་སྟངས་འཛིན་བྱས་སྟབས། རོལ་དབྱངས་ཚོགས་པའི་ཚོགས་གཙོ་ཡའོ་སོན་ཡའེ་ (Hyon Song-Wol) ལགས་ཀྱིས་ཐེངས་འདིའི་འཁྲབ་སྟོན་ཕྱིར་འཐེན་བྱས་སྐོར་བཀོད་བཀོད་འདུག ད་དུང་ཚོགས་གཙོ་ཡའོ་སོན་ཡའེ་ཡིས། ང་ཚོའི་འཁྲབ་སྟོན་ནི་རླབས་ཆེན་གྱི་དབུ་ཁྲིད་ཀེམ་ཇོན་ཨང་གིས་རོགས་སྐྱོར་འོག་རྩོམ་སྒྲིག་བྱས་ཡོད་སྟབས། ང་ཚོའི་བརྩམས་ཆོས་ནང་གི་ཚིག་དང་ཤད་ཅིག་ཀྱང་གསུབ་ཆོག་གི་མེད། ཅེས་སོགས་བརྗོད་འདུག ད་དུང་གནས་ཚུལ་དེའི་ནང་། བྱང་ཀོ་རི་ཡའི་འཁྲབ་སྟོན་མ་རྣམས་ཕྱིར་ཀོ་རི་ཡའི་རྒྱལ་ས་ཕེ་ཡོན་ཡཱང་ (Pyongyang) ལ་འབྱོར་རྗེས། ཀེམ་ཇོན་ཨང་གིས་རྒྱ་ནག་ནང་གི་བྱང་ཀོ་རི་ཡའི་གཞུང་ཚབ་མི་སྣ་ཁྲི་ཙད་ལོན  (Chi Zailong) ལ་རོལ་དབྱངས་ཚོགས་པའི་ཚོགས་གཙོ་ཡའོ་སོན་ཡའེ་སོགས་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་ཚུལ་སོགས་བཀོད་འདུག

 

ཁ་སང་ལྷོ་ཀོ་རི་ཡའི་དབུས་ཉིན་རེ་ཚགས་ཤོག་གིས་རྒྱ་གཞུང་འབྲེལ་མི་སྣ་ཞིག་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། ཟླ་འདི་ཚེས་ ༡༡  ཉིན་པདྨ་རོལ་དབྱངས་ཚོགས་པས་སྦྱོང་བརྡར་བྱེད་སྐབས། རོལ་དབྱངས་ཚོགས་པའི་རྒྱབ་ལྗངས་སུ་ག་ས་གང་དུ་མེ་ཤུགས་ཕུར་མདའ་རྒྱག་བཞིན་པ་སོགས་ཀྱི་འདྲ་རིས་ཡོད་ཀྱང་ཀྲུང་གོའི་ཕྱོགས་ནས་འཁྲབ་སྟོན་འདི་བརྩིས་མེད་བཏང་མེད་ཀྱང་། བྱང་ཀོ་རི་ཡའི་འདོད་པ་ལྟར་བྱུང་མེད་སྟབས་ཁོ་ཚོས་ངོ་རྒོལ་བྱས་ཏེ་འཁྲབ་སྟོན་ཕྱིར་འཐེན་བྱས་པ་རེད། ཅེས་བརྗོད་ཡོད་འདུག

 

རྒྱ་གར་ཏར་འཕྲིན་གྱིས་གནས་ཚུལ་སྤེལ་པའི་ནང་། བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་པདྨ་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཟིགས་མོར་ཕེབས་པའི་རེ་བ་བྱས་ཀྱང་། ཁོ་འཁྲབ་སྟོན་སྟེང་ཕེབས་རྒྱུ་མིན་པར་དམའ་རིམ་དཔོན་རིགས་ཁག་ཅིག་གོ་སྒྲིག་བྱས་ཡོད་སྟབས། བྱང་ཀོ་རི་ཡའི་སྲིད་འཛིན་གྱིས་རོལ་དབྱངས་ཚོགས་པ་ཕྱིར་འཐེན་བྱ་དགོས་པའི་བཀའ་བཏང་ཡོད་པའི་ཚོད་དཔག་བྱས་ཡོད་འདུག

 

དེ་རིང་ཀྲུང་གོར་ལྟ་བ་ཞེས་པའི་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་ཨེ་ཤ་ཡ་དང་ཨ་ཧྥི་རེ་ཀའི་འབྲེམ་ལམ་མཐུན་ཚོགས་ཀྱི་ལས་བྱེད་ཚའོ་ཞཱིན་གྱིས་༼པདྨ་རོལ་དབྱངས་ཚོགས་པའི་བུ་མོ་རྣམས་དེ་ལྟར་མ་བྱེད། ༽ཅེས་པའི་རྩོམ་ཡིག་ཅིག་སྤེལ་རྗེས། རྒྱ་ནག་གི་ཕྱི་འབྲེལ་ཚན་པའི་ལས་བྱེད་ཅིག་གིས་ཚའོ་ཞཱིན་ལ། ཐེངས་འདིས་བྱང་ཀོ་རི་ཡ་དང་རྒྱ་ནག་གི་འབྲེལ་བའི་གནོད་སྐྱོན་འདི་ ༢༠༡༣ ལོའི་རྡུལ་ཕྲན་ཚོན་ཆ་ལས་ཚབས་ཆེ་བ་ཡོད་པ་དང་། ཁོ་ཚོ་མཆི་ན་འདོད་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག ཅེས་སོགས་བཀོད་ཡོད་འདུག

 

 

ཀྲུང་གོར་ལྟ་བ་ཞེས་པའི་གསར་འགོད་པས་རྒྱ་ནག་ཧྲང་ཧེ་རུ་ཡོད་པའི་ཧྥོ་ཏན་སློབ་ཆེན་གྱི་རྒྱལ་སྤྱིའི་ཉམས་ཞིབ་ཀྱི་བྱང་ལྷོ་ཀོ་རི་ཡའི་ཉམས་ཞིབ་ལྟེ་གནས་ཀྱི་འགན་འཛིན་ཧྲི་ཡོན་ཧྭ་ (Shi Yuanhua) ལ་བཅའ་འདྲི་བྱས་སྐབས། ཁོས་གནད་དོན་གཙོ་བོ་གཅིག་དེ་བྱང་ཀོ་རི་ཡས་རྒྱ་ནག་དང་ཨ་རི། ལྷོ་ཀོ་རི་ཡ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། གང་ཡིན་ཞེ་ན། རྒྱལ་ཁབ་འདི་དག་གིས་བྱང་ཀོ་རི་ཡའི་ནང་སྲིད་ལ་ཏེ་གཏོགས་བྱས་ཏེ། རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་རྒྱུ་རྩ་དོན་དུ་བཟུང་ཡོད་པ་རེད། ཅེས་སོགས་བརྗོད་ཡོད་འདུག

 

ཕྱི་ཚེས་ ༡༠  ཉིན་པདྨ་རོལ་དབྱངས་ཚོགས་པ་པེ་ཅིན་ལ་འབྱོར་བའི་ཉིན་མོ། བྱང་ཀོ་རི་ཡའི་སྲིད་འཛིན་ཀམ་ཇོན་ཨང་གིས། བྱང་ཀོ་རི་ཡ་ལ་མེ་ཤུགས་འཕུར་མདའ་ཡོད་པ་མ་ཟད། རྫས་འགྱུར་འབར་རྫས་མཚོན་ཆ་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཡོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

 

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist