མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གསར་འགོད་པར་མི་དགའ་མཁན་ཨང་དང་པོ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་བྷི་བྷི་སི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཡོད་གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱིས་ཟླ་འདིའི་ཚེས་ ༡ ཉིན་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། ད་ལོར་འཛམ་གླིང་ཡོངས་སུ་གནས་ཚུལ་འདྲ་མིན་འོག་གསར་འགོད་པ་ ༡༩༩ ཙམ་བཀག་སྐྱིལ་བྱས་ཡོད་པའི་ཁྲོད། རྒྱ་ནག་གིས་གསར་འགོད་པ་ ༤༩ བཀག་སྐྱིལ་བྱས་ཡོད་ཅིང་། དེ་ནི་ཕྱི་ལོ་ ༡༩༩༠ ལོར་གསར་འགོད་སྲུང་སྐྱོབ་མཐུན་ཚོགས་དབུ་བཙུགས་པ་ནས་རྒྱལ་ཁབ་གཅིག་གི་ནང་གསར་འགོད་པ་བཀག་སྐྱིལ་བྱས་པའི་གྲངས་འབོར་ཆེས་མང་ཤོས་དེ་ཆགས་ཡོད་འདུག

 

12121212གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱི་དྲ་བའི་སྟེང་། ད་ལོའི་སྙན་ཐོ་བསྒྲགས་པའི་ནང་རྒྱ་གཞུང་གིས་གསར་འགོད་པ་ ༤༩ བཀག་སྐྱིལ་བྱས་ཡོད་པ་མ་ཟད། གཞན་སྐྱེས་པ་ ༣ ལ་ཡང་གསར་འགོད་པར་འབྲེལ་པ་ཡོད་པའི་ནག་ཉེས་བཙུགས་ཏེ་བཀག་སྐྱིལ་བྱས་ཡོད་པའི་སྐོར་ཞིབ་འབྲི་བྱས་འདུག སྐྱེས་པ་དེ་དག་ནི་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཡུ་གུར་སྡེ་ཚན་གྱི་གསར་འགོད་པ་ཞོན་ཧིར་ཊི་ཧོ་ཞོར་ (Shohret Hoshur) གྱི་སྤུན་མཆེད་ཡིན་པ་དང་། གསར་འགོད་པ་ཞོན་ཧིར་ཊི་ཧོ་ཞོར་གྱིས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་ཁ་ཆེ་ལ་མི་རིགས་དབྱེ་འབྱེད་བྱས་པའི་གནས་ཚུལ་ཤུགས་ཆེན་པོ་བསྒྲགས་ཡོད་སྟབས། རྒྱ་ནག་གཞུང་གིས་ཞི་ཅིང་དུ་ཡོད་པའི་ཁོའི་སྤུན་མཆེད་གསུམ་འཛིན་བཟུང་བྱས་ཏེ་འཁོན་ལན་སློག་པ་ཡིན་སྐོར་སོགས་བཀོད་འདུག

 

གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱི་སྙན་ཐོའི་ནང་། གསར་འགོད་པ་བཀག་སྐྱིལ་བྱས་པའི་ཨང་རིམ་གཉིས་པ་ཨི་ཇིབ་ཆགས་ཡོད་པ་དང་། ད་ལྟ་ཨི་ཇིབ་ནང་གསར་འགོད་པ་ ༢༣ བཀག་སྐྱིལ་བྱས་ཡོད་པ་དང་། ལོ་སྔོན་མ་གསར་འགོད་པ་ ༡༢ བཀག་སྐྱིལ་བྱས་ཡོད་འདུག ཨི་ཇིབ་སྲིད་བློན་ཨེ་བྷིལ་ཧྥ་ཊ་ (Abdel Fattah al Sisi) ཡིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ཏེ་གསར་འགོད་དང་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་ཀྱང་བྱས་འདུག

 

གསར་འགོད་པ་བཀག་སྐྱིལ་བྱེད་མཁན་ཁྲོད་ཀྱི་ཨང་རིམ་གསུམ་དེ་ཨི་རན་ཡིན་པ་དང་། ཨི་རན་ནང་གསར་འགོད་པ་ ༡༩ བཀག་སྐྱིལ་བྱས་ཡོད་འདུག

 

བྷི་བྷི་སི་གསར་ཁང་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། གསར་འགོད་སྲུང་སྐྱོབ་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ཉིན་དེར། ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ལ་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters without Borders) ཞེས་པས་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། ད་ལྟ་འཛམ་གླིང་གི་གསར་འགོད་པ་ ༡༥༣ དང་ས་གནས་གསར་འགོད་པ་ ༡༦༡ ཙམ་བཙོན་ཁང་དུ་བཀག་སྐྱིལ་བྱས་ཡོད་པ་དང་། གསར་འགོད་པ་ ༥༤ ཙམ་བཙན་གྱིས་གཏའ་མར་ཉར་ཡོད་པའི་ཁྲོད་སེ་རི་ཡ་དང་ཨི་རག་ཁ་ཆེ་དྲག་སྤྱོད་པས་གསར་འགོད་པ་ ༡༨ བཙན་ཉར་བྱས་ཡོད་པ་དང་། ཡེ་མེན་ངོ་རྒོལ་ཚོགས་པས་གསར་འགོད་པ་ ༩ བཙན་ཉར་བྱས་ཡོད་སྐོར་སོགས་བཀོད་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese