མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བལ་ཡུལ་ནང་དཀའ་ངལ་འཕྲད་བཞིན་པར་ཐུཊ་སྨོན་གནང་།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་རུ་༧གོང་ས་མཆོག་གིས་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་མཇུག་སྐྱོང་མཛད་སྐབས། འཛམ་གླིང་ཐོག་བྱམས་བརྩེ་གོང་འཕེལ་དུ་གཏོང་དགོས་ན་བུད་མེད་ནི་གལ་གནད་ཆེན་པོ་ཆགས་ཡོད་སྟབས། མ་འོངས་པར་ཁོང་གི་ཡང་སྲིད་བུད་མེད་ཅིག་ཕེབས་སྲིད་གསུངས་པ་དེར་རྒྱུ་མཚན་ཡོད་སྐོར་གསུངས་འདུག

 

1071ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་༧གོང་ས་མཆོག་གིས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་རུ་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་མཇུག་སྐྱོང་མཛད་བཞིན་ཡོད་པ་དང་བསྟུན། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཨོ་མིན་བཅས་ནས་བཅར་བའི་རྒྱ་རིགས་ཆོས་ཞུ་བ་ ༡༥༠ ལྷག་ལ་དམིགས་བསལ་གྱི་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་དང་། དེ་བཞིན་འབྱུང་ཁམས་འཁྲུག་པའི་རྐྱེན་གྱིས་འཛམ་གླིང་གི་ཡུལ་ལུང་སྤྱི་དང་ལྷག་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་འབྲེལ་འདྲིས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་དང་ཆབ་སྲིད་ཀྱི་དཀའ་རྙོག་འོག་དཀའ་ངལ་ཆེན་པོ་འཕྲད་བཞིན་པར་ཐུགས་སྨོན་གནང་ཡོད་འདུག

 

དེ་ཡང་༧གོང་ས་མཆོག་གིས་རྒྱ་རིགས་ཚོར་བཀའ་སློབ་གནང་སྐབས། ང་ཚོ་སྡུག་བསྔལ་ལས་གྲོལ་དགོས་ན་གསོལ་བ་བཏབ་པ་ཙམ་གྱིས་མི་ཕན་པར་ལམ་བསླབ་པ་གསུམ་ལ་བསྟེན་དགོས་སྐོར་བཀའ་སློབ་གནང་དོན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་སྨོན་ལམ་རྒྱག་རྒྱུ་ཙམ་རེད། སངས་རྒྱས་པའི་རྗེས་འབྲང་ཚོས་རང་གི་རྩོལ་བ་ལ་བརྟེན་ནས་རྟོགས་པ་སྐྱེ་དགོས། ངོས་ཀྱིས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་གོ་ཐོས་བྱུང་། གལ་ཏེ་ཁྱེད་ཚོར་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་ཡིན་བསམ་པའི་འདུ་ཤེས་ཡོད་ན། ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་ལས། ཁ་ནས་རྒྱལ་བ་འོད་དཔག་མེད་མཁྱེན་ནོ། ཞེས་ཡང་ཡང་བཏོན་པ་ཙམ་གྱིས་དེ་ཙམ་ཕན་རྒྱུ་མེད། བཤེས་གཉེན་ཚད་དང་ལྡན་པ་ཞིག་ཡིན་ན་འབུལ་བར་དང་འདོད་བྱེད་རྒྱུ་མ་རེད། དེ་ཤེས་པ་བྱོས། སྲིད་འཛིན་ཞི་ཅིན་ཕིན་དེ་སྔ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་དང་ལྡི་ལིའི་ནང་ཡོད་སྐབས། ནང་ཆོས་ཀྱིས་རྒྱ་ནག་ནང་གི་རིག་གཞུང་སླར་གསོ་ཡོང་རྒྱུར་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན་པ་གསུངས་ཡོད། ང་ཚོའི་སྡུག་བསྔལ་ཕལ་མོ་ཆེ་འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་ཉོན་མོངས་དུག་གསུམ་ལས་ཡོང་གི་ཡོད་པ་དང་། དེ་ལས་གཙོ་བོ་གཏི་མུག་བདེན་འཛིན་ཡིན་པ་རྒྱལ་བས་གསུངས་ཡོད། ང་ཚོ་སྡུག་བསྔལ་ལས་ཇི་ལྟར་གྲོལ་ཐུབ་ཅེས་ན། སྨོན་ལམ་བརྒྱབ་པ་དང་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་གྲོལ་ཐབས་མེད། དེས་ན་ལམ་བསླབ་པ་གསུམ་ལ་བསླབས་ནས་སྡུག་བསྔལ་ལས་ཐར་བ་བྱེད་དགོས། དེ་ལས་ཤེས་རབ་ཀྱི་བསླབ་པ་གཙོ་བོ་ཡིན། བདག་མེད་རྟོགས་པའི་ཤེས་རབ་དེ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ནས་རང་རྒྱུད་ལ་སྐྱེ་དགོས། སྟོང་པ་ཉིད་བརྗོད་སྐབས་གང་ཡང་མེད་པའི་གོ་དོན་མིན། ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ་པ་ཞིག་ཡིན་པ་རྟོགས་ནས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། ཞེས་གསུང་བཞིན་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ནས་གསུངས་པ་དེར་ཁྱེད་ཚོས་གཟིགས་ཐུབ། རྩ་བ་ཤེས་རབ་རྒྱ་སྐད་ནང་དུའང་ཡོད། ཟླ་བ་གྲགས་པའི་ཚིགས་གསལ་དེ་ཡང་དེང་སྐབས་ཐེ་ཝན་དུ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཅེས་དང་།

 

ཡང་ཁོང་གིས། ཕྱི་ལོ་ ༡༩༥༤།༡༩༥༥ ནང་ངོས་རང་ཟླ་བ་དྲུག་ཙམ་པེ་ཅིང་དུ་སྡོད་རིང་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་མཇལ་བ་རེད། ཁོང་ནས་ངོས་ལ་བོད་ནང་དུ་བོད་མིའི་བདེ་དོན་ཡར་རྒྱས་གཏོང་ཕྱོགས་སྐོར་ལམ་སྟོན་གནང་བྱུང་། སྐབས་དེར་ཁོང་གི་བོད་ནང་བཅོས་བསྒྱུར་གཏོང་རྒྱུའི་འཆར་སྣང་དེ་ཡག་པོ་ཞིག་མཐོང་བྱུང་། ངོས་ཀྱི་བསམ་པར་གལ་ཏེ་མའོ་ཙེ་ཏུང་གིས་འཆར་སྣང་གང་ཡོད་པ་དེ་དག་དཔྱིས་ཕྱིན་ལག་བསྟར་ཐུབ་ཡོད་ན། ཕྱིས་སུ་བོད་ནང་དུ་འཕྲད་པའི་དཀའ་ངལ་དེ་འདྲ་རང་ཡོང་རྒྱུ་མ་རེད་བསམ་གྱི་འདུག མའོ་ཡིས་ངོས་ལ་ཁྱེད་རང་གི་བསམ་བློ་གཏོང་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་རེད། འོན་ཀྱང་ཆོས་དེ་དུག་རེད། ཅེས་གསུངས་བྱུང་། གལ་ཏེ་ཁོང་ད་དུང་བཞུགས་ནས་དཔལ་ནཱ་ལེནྡྲའི་གཞུང་ལུགས་ལ་སློབ་གཉེར་གནང་ཡོད་ཚེ་བསམ་ཚུལ་དེར་འགྱུར་བ་འགྲོ་རྒྱུ་རེད་བསམ་དྲན་བཞིན་འདུག ཅེས་གསུངས་ཡོད་པ་དང་། དེནས་དྲི་བ་རྣམས་ལ་བཀའ་ལན་བསྩལ་བའི་མཇུག་ཏུ་གལ་ཏེ་རྒྱ་ནག་ནང་དུ་ནང་ཆོས་དར་སྤེལ་བྱུང་བ་ཡིན་ན། ཐེངས་འདིར་སེ་ར་ཐེག་ཆེན་གླིང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཚོགས་པ་ལྟར། འབྱུང་འགྱུར་རྒྱ་ནག་ཏུ་འཚོགས་རྒྱུ་ཡོང་མདོག་ཁ་པོ་རེད། ཅེས་བཀའ་སློབ་བསྩལ་ཡོད་འདུག

 

དེ་ཡང་ཕྱི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་༧གོང་ས་མཆོག་གིས་མ་འོངས་པར་ཁོང་གི་ཡང་སྲིད་བུད་མེད་ཅིག་ཡིན་སྲིད་གསུངས་པ་དེར་རྒྱུ་མཚན་ཡོད་སྐོར་བཀའ་གནང་དོན། ཆོས་ཀྱི་སྐད་ཆ་གང་ཡང་མིན། ལུས་ཀྱི་གྲུབ་ཆའི་ཆ་ནས་བུད་མེད་ཀྱིས་རང་གི་མངལ་དུ་ཕྲུ་གུ་ཟླ་བ་དགུ་ཙམ་རིང་ཉར། ཕྲུ་གུ་སྐྱེས་རྗེས་རང་བཞིན་ལྷན་སྐྱེས་ཀྱི་ནུ་ཞོ་ཐོན། དེ་འདྲའི་ཐོག་ནས་བདག་པོ་རྒྱག་རྒྱུ་དེ་མི་ཙམ་མ་ཟད། ཁྱི་དང་བྱ། བྱིའུ་སོགས་མང་པོ་ཞིག་གིས་ཕྲུ་གུ་དེ་རང་མགོ་མ་ཐོན་བར་མས་ཧ་ཅང་ཡག་པོ་བལྟ་གི་འདུག འདི་རང་བཞིན་ལུས་ཀྱི་གྲུབ་ཆའི་སྟེང་ནས་འགྲོ་རྒྱུ་ཞིག་རེད། དེར་བརྟེན་གཞན་ལ་བརྩེ་བ་བྱ་རྒྱུ་དང་། གཞན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བློ་དེ་བུད་མེད་ལ་ཤུགས་ཆེ་བ་ཡོད་པའི་བཟོ་འདྲ་བོ་ཞིག་འདུག་པར་བརྟེན། བྱམས་བརྩེ་ཡར་རྒྱས་གཏོང་རྒྱུའི་ལས་ཀར་དམིགས་བསལ་ཐོག་ནུས་པ་སྐྱེ་དགོས་ཀྱི་འདུག་ཅེས་བརྗོད་སྐབས། བུད་མེད་ཚོ་གནད་འགག་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད་སྟབས། མ་འོངས་པར་གལ་སྲིད་ཏཱ་ལའི་བླ་མའི་ཡང་སྲིད་མུ་མཐུད་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་ཡོད་པ་ཞིག་དང་། གནས་དགོས་པ་ཞིག མུ་མཐུད་ནས་ཡང་སྲིད་ཡོང་བ་དེ་འདྲ་ཆགས་པ་ཡིན་ན། བུད་མེད་ཀྱི་རྟེན་ཅན་ཡོང་སྲིད་ཀྱི་རེད། ཅེས་ངོས་ཀྱིས་བརྗོད་པ་འདི་རྩེད་མོ་བྱས་ནས་བཤད་པ་མིན། དེར་རྒྱུ་མཚན་ཕྲན་བུ་ཡོད། ང་ཚོ་བོད་ཀྱི་ལོ་རྒྱུས་ལ་ཆ་མཚོན་ནའང་། རྡོ་རྗེ་འཕགས་མོའི་གཙོས་སྐྱེ་ཕྲེང་མཐོ་པོ་བརྩི་རྒྱུའི་ནང་བུད་མེད་ཡོད། དོན་གྱི་བདག་པོ་བཅོམ་ལྡན་འདས་རེད། ཁོང་གིས་དགེ་སློང་ཕ་དང་མ་ཞེས་ཐོབ་ཐང་འདྲ་མཉམ་གནང་ཡོད། ཅེས་དང་།

 

རྒྱ་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་ཐེ་ཇུས་བྱེད་བཞིན་པའི་སྐོར་ལ་ཁོང་གིས། དེང་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་ཡོང་གི་མིན་ཟེར་རྒྱུ་བཟོ་འདྲ་བོ་དང་། ཡང་སྲིད་བུད་མེད་ཡོང་གི་རེད་ཟེར་རྒྱུ་དེ་ཚོའི་གྲས་དེ་འོས་སུ་མ་མཆིས་པ་དང་། ཆོས་དང་འགལ་ལུགས་ཤོད་ཀྱི་འདུག དེ་དག་དགོད་སྤྲོ་དགོས་པ་རེད། ངོས་ཀྱིས་རྩེད་མོ་རྩེ་ནས་བཤད་ཀྱི་ཡོད། གུང་ཁྲན་ཏང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཇུས་གཏོགས་བྱེད་དགོས་ན། སྔོན་ལ་ལོ་རྒྱུས་ནང་བོད་ཀྱི་བླ་ཆེན་དེ་འདྲར་རྒྱ་ནག་གོང་མས་ཐེ་གཏོགས་བྱས་པ་དེ་འདྲ་བྱུང་ཡོད། དེའི་གནས་སྐབས་སུ་རྒྱ་ནག་གོང་མ་ཡང་ནང་པ་རེད། སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད། མཆོད་ཡོན་སྦྱིན་བདག་བྱས་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོ་ཆོས་ཁས་མི་ལེན་མཁན་ཞིག་རེད། དེར་བརྟེན་ཆོས་ཁས་ལེན་མཁན་གྱིས་བྱས་པ་ལྟར་ཆོས་ཁས་མི་ལེན་མཁན་ཞིག་གིས་བྱས་པ་དེ་འོས་ཤིང་འཚམ་པ་ཞིག་མིན། ངོས་ཀྱིས་རྩེད་མོ་དང་སྦྲགས་སྔོན་ལ་གུང་ཁྲན་ཏང་གིས་སྐྱེ་བ་སྔ་ཕྱིའི་ལྟ་གྲུབ་འདི་ཁས་ལེན་དགོས་རེད། འདི་ཁས་ལེན་པའི་ཐོག་ནས་སྔོན་ལ་མའོ་ཙེ་ཏུང་གི་ཡང་སྲིད་ངོས་འཛིན་བྱེད་དགོས་པ་དང་། དེའི་རྗེས་སུ་ཏིང་ཞོ་ཕིང་གི་ཡང་སྲིད་ངོས་འཛིན་བྱེད་དགོས། དེ་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་ཇུས་གཏོགས་བྱེད་ན་འོས་པ་རེད་ཅེས་ངོས་ནས་རྒྱུན་དུ་ཤོད་ཀྱི་ཡོད། ཅེས་གསུངས་འདུག

 

རི་བོ་དགེ་ལུགས་པའི་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་མཆོག་གིས། ད་ལོ་བལ་ཡུལ་ནང་ས་ཡོམ་གོད་ཆག་ཚབས་ཆེན་བྱུང་བ་དང་། ཆབ་སྲིད་ཀྱི་དཀའ་རྙོག་གིས་དེང་སང་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྟབས། ཐེངས་འདིའི་གསུང་ཆོས་ལ་བཅར་བའི་བལ་ཡུལ་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་ལམ་སྟོན་གྱི་བཀའ་སློབ་ཅིག་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་༧གོང་ས་མཆོག་གིས་ཐུགས་སྨོན་བཀའ་སློབ་གནང་དོན། འབྱུང་བ་འཁྲུག་པའི་རྐྱེན་གྱིས་སྔ་མོ་ཆར་ཞོད་ཞེ་དྲགས་མེད་སར་དེང་སང་ཆར་ཤོད་ཆེན་པོ་བབས་པའི་རྐྱེན་གྱིས་ཆུ་ལོག་བྱུང་གི་ཡོད་པ་རེད། བར་སྐབས་ཆིན་ནེ་(Chennai)ཁུལ་ལ་ཆུ་ལོག་ཆེན་པོ་བྱུང་སྟེ། མི་མང་པོར་དཀའ་ངལ་ཞེ་དྲགས་འཕྲད་པ་རེད། དེ་བཞིན་བལ་ཡུལ་ནང་ས་ཡོམ་གྱི་རྐྱེན་གྱིས་དཀའ་ངལ་ཞེ་དྲགས་འཕྲད་ཀྱི་ཡོད་ཀྱང་ང་ཚོར་གཞན་དག་ཅི་བྱེད་རྒྱུ་ཡོད་པ་མ་རེད། སྐབས་དེར་ངས་ཞལ་འདེབས་འདྲ་པོ་ཕྲན་བུ་ཞིག་ཕུལ་བ་ཡིན། ང་རང་ཚོ་བོད་པའི་དགོན་པ་སོགས་མང་པོ་ཞིག་གིས་རོགས་པ་ཞེ་དྲགས་ཡག་པོ་བྱས་པའི་སྐད་ཆ་གོ་རྒྱུ་འདུག དེ་ཚོར་བལ་ཡུལ་ནང་གི་རིས་མེད་ཀྱི་ཆོལ་ཁ་ཁག་གི་གཙོས་པའི་ཧུར་ཐག་འབད་ཐག་གནང་བ་དེར་བསྔགས་བརྗོད་ཡོད་ལ། ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། ཅེས་དང་།

 

ཁོང་གིས་མུ་མཐུད། མིའི་ནུས་པས་མ་འདང་བ་ཡིན་ན་སྨོན་ལམ་བརྒྱབ་ནས་འདུག་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། དེ་རིང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་བཅས་མི་འབོར་ཆེན་ཞིག་འདིར་འདུས་ཡོད་པ་རེད། ང་ཚོ་འདིར་འདུས་པ་དེ་ཚོང་དང་ལྟད་མོ་ཞེ་དྲགས་ཡོད་ནས་འདུས་པ་མ་རེད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་དག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་ཆགས་ཀྱི་ཡོད་པ་དང་། དེ་འདྲའི་ཆོས་ཚུལ་དེ་ང་ཚོས་འདིར་འཆད་ཉན་བྱེད་ཀྱི་ཡོད་སྟབས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ང་རང་ཚོས་སེམས་སྐྱེད་ཀྱི་ཡོད་པ་རེད། བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་ཉིན་རེ་བཞིན་དུ་ང་ཚོས་བསམ་བློ་གཏོང་བཞིན་ཡོད་པ་དང་། བྱེ་བྲག་ཏུ་འཛམ་བུ་གླིང་འདིའི་སྒང་གི་སེམས་ཅད་མཐའ་དག་དང་དེའི་ནང་ནས་འགྲོ་བ་མིའི་རིགས། སྐབས་སུ་བབ་པ་ཁྱིམ་མཚེས་ཡུལ་ལུང་ནང་དཀའ་ངལ་ཞེ་དྲགས་འཕྲད་བསྡད་ཡོད་པ་དེར་གཞན་དག་མ་བྱུང་བ་ཡིན་ནའང་ཚང་མས་ཐུགས་སྨོན་བདེན་ཚིག་ག་ཚོད་ཡོང་ཡོང་གནང་རོགས། ཞེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་པདྨ་མཚོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 2

  1. རང་དབང་། says:
    ལོ་ 10 སྔོན།

    བརྟེན་ནོར་ཡོད་པས་བརྟན་ཞེས་གོ་རོགས།

    Reply
  2. རང་དབང་། says:
    ལོ་ 10 སྔོན།

    ༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བཞི་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟེན་ཞིང་ཐུགས་ཀྱི་འགྲོ་དོན་ལྷུན་གྱི་འགྲུབ་པར་སྨོན་དང་མགོན་པོ་མཆོག་གི་གདུལ་བྱར་ཚེ་རབས་ནས་ཚེ་རབས་སྐྱེས་པར་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese