མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡར་ལངས་སྣེ་ཁྲིད་པར་ཁྱིམ་ཐོ་མ་རག་པའི་དཀའ་ངལ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

གནམ་སྡེའི་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་མའི་ཡར་ལངས་ལས་འགུལ་གྱི་སྣེ་ཁྲིད་པ་ཞིག་ལ་རྒྱ་ནག་གཞུང་གིས་ལྐོག་ནས་ལོ་བདུན་ལ་བཙོན་འཇུག་བྱས་རྗེས་ད་ལྟ་ཀློད་གྲོལ་བཏང་ཡོད་ཀྱང་ཁོང་ལ་རྒྱ་ནག་གི་ཁྱིམ་ཐོ་དང་མི་སེར་ཐོབ་ཐང་ལག་འཁྱེར་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

ebd66d21-ae09-4606-863e-7f28850fb503ཟླ་སྔོན་མའི་ཚེས་ ༦ ཉིན་བཙོན་གྲོལ་ཐོབ་པའི་སྐུ་ཞབས་ཀྲུའུ་ཡོན་ཅུན (Zhou Yongjun)ལགས་ ༢༠༠༨ ལོའི་ཟླ་ ༩ ནང་ཧོང་ཀོང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལྐོག་ནས་རྒྱ་ནག་སྤྱི་བདེ་ལས་ཁང་ལ་རྩིས་སྤྲོད་བྱས་རྗེས། བསླུ་བྲིད་ཁོག་འཆང་གི་མ་ཉེས་ཁག་གཡོགས་བྱས་ཏེ་ལོ་ ༧ ལྷག་ལ་བཙོན་འཇུག་བྱས་ཤིང་། ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༦ ཉིན་ལ་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟ་ཁོ་རང་གི་ཕ་ཡུལ་སི་ཁྲོན་གྱི་སྤྱི་བདེ་ལས་ཁང་གི་ཟིན་ཐོའི་ནང་ཁོ་དང་འབྲེལ་བའི་ཡིག་ཚགས་མེད་ཚུལ་བརྗོད་དེ་ཁྱིམ་ཐོ་བཟོ་རྒྱུ་ངོས་ལེན་བྱས་མི་འདུག རྒྱ་ནག་ནང་ཁྱིམ་ཐོ་མེད་ན་འཕྲོད་བསྟེན་སྨན་བཅོས་དང་ཕྱི་སྐྱོད། ཐ་ན་ཁ་པར་བྱང་བུ་ཉོ་རྒྱུ་སོགས་ལའང་དཀའ་ངལ་འཕྲད་བཞིན་ཡོད་འདུག

དེ་རིང་པའོ་ཞོན་དྲ་བས་གནས་ཚུལ་སྤེལ་པའི་ནང་། ༢༠༠༨ ལོའི་ཟླ་ ༩ པའི་ནང་ཨ་རིར་སྐྱབས་བཅོལ་ཞུས་ཡོད་པའི་སྐུ་ཞབས་ཀྲུའུ་ཡོན་ཅུན་ལགས་ཧོང་ཀོང་ནང་བསླེབས་པའི་གོ་སྐབས་དང་བསྟུན་ཏེ། ཧོང་ཀོང་ཉེན་རྟོག་པས་བཀག་བསྐྱིལ་བྱས་ཤིང་རྗེས་སུ་ལྐོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་སྟབས། གྱོད་དོན་དེས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་འཛིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་མཁན་ཁྲིམས་འཛིན་ལྷན་ཁང་ལ་དོགས་གཞི་ཡོད་སྐོར་སོགས་བཀོད་འདུག གནས་ཚུལ་དེའི་ནང་། རྒྱ་ནག་ལ་རྩིས་སྤྲད་པའི་རྗེས་སུ་སི་ཁྲོན་ཞིང་ཆེན་སུའུ་ནེན་གྲོང་ཁྱེར་གྱི་ཧྲི་ཧོན་རྫང་ཁྲིམས་ཁང་གིས་ཀྲུའུ་ཡོན་ཅུན་ལ་བསླུ་བྲིད་ཁོག་འཆང་གི་ཉེས་མིང་འོག་ལོ་ ༩ ཡི་ཁྲིམས་ཐག་བཅད་ཡོད་ཀྱང་། བཙོན་འཇུག་གི་སྐབས་སུ་ཁོ་ལ་ལོ་གཅིག་དང་ཟླ་བཅུ་ཉུང་འཕྲི་བཏང་སྟེ་ ༢༠༡༥ ལོའི་ཟླ་ ༡༢ ཚེས་ ༦ ཉིན་བཙོན་གྲོལ་བཏང་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༣༡ ཉིན་ཀྲུའུ་ཡོན་ཅུན་གྱིས་བརྒྱུད་ལམ་ཁག་ཏུ། ང་བཙོན་ཁང་ཕྱི་རུ་ཡོང་ནས་ཟླ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་། ཕ་ཡུལ་སི་ཁྲོན་ཞིང་ཆེན་སུའུ་ནེན་གྲོང་ཁྱེར་གྱི་ཕིན་ཞེ་རྫོང་གི་སྤྱི་བདེ་ལས་ཁང་གིས་ང་ལ་ཁྱིམ་ཐོ་བཟོ་རྒྱུ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། ཐ་ན་རྒྱ་ནག་གི་མི་སེར་ཐོབ་ཐང་ལག་འཁྱེར་ཡང་བཟོ་ཐབས་མེད་སྟབས་ང་ད་ལྟ་རྒྱ་ནག་མི་སེར་ཞིག་ཏུ་འགྱུར་མེད་ཅེས་བརྗོད་འདུག ཁོས་ད་དུང་། བཙོན་ཁང་གི་ཁྲིམས་ལུགས་ལྟར་ན་བཙོན་འཇུག་དུས་ཡུན་རྫོགས་རྗེས་ཕྱིར་ཁྱིམ་ཐོའི་ནང་འཇུག་དགོས་ཀྱང་། སྤྱི་བདེ་ལས་ཁུངས་ཀྱིས་ཁོ་ཚོར་ངའི་གྱོད་དོན་དང་འབྲེལ་བའི་ཡིག་ཚེགས་མེད་སྟབས་ཁྱིམ་ཐོའི་ནང་དུ་འཇུག་ཐབས་མེད་སྐོར་ལབ་སོང་ཞེས་སོགས་བརྗོད་འདུག

201601020403china2ཀྲུའུ་ཡོན་ཅུན་གྱིས་བརྒྱུད་ལམ་ཁག་ལ་རེ་སྐུལ་ཞུས་པའི་ནང་། ངས་གཏུག་བཤེར་བྱ་རྒྱུ་ལས་སླ་ཡང་ཁྱིམ་གཞིས་ཆགས་རྒྱུ་དཀའ་ངལ་ཞིག་རེད་འདུག གང་ཡིན་ཟེར་ན། ང་ལ་སྤྱི་བདེ་ལས་ཁང་གིས་ཡང་དག་པ་དང་འགན་འཁྲི་ལྡན་པའི་ལན་ཞིག་རྒྱག་གི་རེད་བསམ་གྱི་མི་འདུག ད་ལྟ་ངའི་རེ་བར་རྒྱ་ནག་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་མི་སྣ་ཚོས་ཕན་ཚུན་མཐུན་སྦྱོར་གནང་སྟེ། ངའི་དངོས་ཡོད་གནས་སྟངས་ལ་བསམ་གཞིག་བྱ་རྒྱུ་དེ་ཡིན། ཞེས་བརྗོད་འདུག

ཀྲུའུ་ཡོན་ཅུན་གྱིས་ ༡༩༨༥ ལོར་ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་ཆབ་སྲིད་སྡེ་ཚན་དུ་ཞུགས་ཡོད་པ་དང་། ༡༩༨༩ ལོའི་ཟླ་ ༤ ནང་པེ་ཅིན་གྱི་སློབ་ཕྲུག་ལས་འགུལ་ནང་འཛུལ་བཞུགས་བྱས་ཏེ། མཐོ་སློབ་རང་སྐྱོང་མཐུན་ཚོགས་ཞེས་པའི་གཙོ་འཛིན་གྱི་འགན་ཁུར་ཡོད་པ་དང་། ཁོ་དང་སློབ་ཕྲུག་གཞན་གཉིས་ཀྱིས་མི་མང་ཚོགས་ཁང་ཆེན་མོའི་མདུན་ཐང་དུ་པུས་མོ་སར་བཙུགས་ནས་སྐབས་དེའི་སྲིད་གཞུང་གིས་སློབ་ཕྲུག་ཚོའི་རེ་མདུན་ངོས་ལེན་ཡོང་བའི་རེ་འབོད་ཞུས་ཡོད་འདུག དྲུག་བཞི་དོན་རྐྱེན་ཞི་འཇགས་བཏང་རྗེས་ཀྲུའུ་ཡོན་ཅུན་བཙོན་འཇུག་བྱས་ཡོད་ཀྱང་། ཡར་ལངས་དེ་ནི་རྒྱལ་སྤྱིའི་རིང་བཞིན་གྱི་གླེང་སློང་ཞིག་ཏུ་གྱུར་སྟབས། ༡༩༩༡ ལོར་ཁོ་ཀློད་གྲོལ་བཏང་ཡོད་པ་རེད། དེའི་རྗེས་སུ་ཁོ་ཨ་རིར་སྐྱབས་བཅོལ་དུ་བསྐྱོད་དེ་ཕྲུ་གུ་གཉིས་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༦ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese