མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་ཆས་དམག་དཔུང་གི་རྟེན་གཞི་བཙུགས་མི་ཆོག

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་གླིང་ཕྲན་ ༧ ལྷག་འཛུགས་སྐྲུན་བྱས་ཏེ། གླིང་ཕྲན་ཁག་ཅིག་གི་སྟེང་གནམ་ཐང་གསར་རྒྱག་བྱེད་བཞིན་པར་མཐའ་གཅིག་ཏུ་འགོག་རྒོལ་ཡོད་ཟེར།

150311_fieryBase_2detail-1024x863ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཧྥི་ལེ་ཕིན་གཞུང་གིས་ཉེ་ལམ་ནས་རྒྱ་ནག་གིས་ལྷོ་རྒྱུད་མཚོ་ཁུལ་ལ་ཆེད་དུ་གླིང་ཕྲན་ཁག་ ༧ བཟོས་ཡོད་པ་དང་། དེང་སྐབས་ (Fiery Cross Reef) ཞེས་པའི་མིས་བཟོས་གླིང་ཕྲན་དེའི་སྟེང་གནམ་གྲུའི་འཕུར་ལམ་བཟོས་ཏེ་ཚོད་ལྟ་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་བརྗོད་འདུག

ཧྥི་ལེ་ཕིན་གྱི་ཕྱི་འབྲེལ་ཚན་པའི་མགྲིན་ཚབ་པ་ཆར་ལི་སི་ཇོ་སི་ (Charles Jose) ཟེར་བ་ཞིག་གིས། ཝེ་ཋི་ནམ་དང་འདྲ་བར་ཧྥི་ལེ་ཕིན་སྲིད་གཞུང་གི་ངོས་ནས་རྒྱ་ནག་གིས་ཉི་ལམ་ནས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་གླིང་ཕྲན་མང་པོ་འཛུགས་སྐྲུན་བྱས་ཏེ། དེང་སྐབས་ (Fiery Cross Reef) ཞེས་པའི་མིས་བཟོས་གླིང་ཕྲན་སྟེང་གནམ་གྲུའི་འཕུར་ལམ་བཟོས་ཏེ་ཚོད་ལྟ་བྱེད་བཞིན་པ་དེས་རྒྱལ་ཁབ་ཕན་ཚུན་བར་དོ་ཕོག་ཆེན་པོ་བཟོ་ཡི་ཡོད་སྟབས། རྒྱ་ནག་གི་བསམ་སྦྱོར་འདི་རིགས་ལ་མཐའ་གཅིག་ཏུ་འགོག་རྒོལ་ཡོད་སྐོར་བརྗོད་ཅིང་། རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲིན་ཡེན་ (Hua Chunying)ཡིས། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་གྱི་བདག་དབང་རྒྱ་ནག་ལ་ཡོད་སྟབས། རྒྱ་ནག་གཞུང་གིས་མངའ་ཁུལ་དེའི་འགྲིམ་འགྲུལ་གནས་བབ་དང་བསྟུན་ཏེ། གླིང་ཕྲན་སྟེང་གནམ་ཐང་གསར་འཛུགས་བྱ་རྒྱུ་ཐག་བཅད་པ་ཞིག་ཡིན་ལུགས་བཤད་འདུག

རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཝེ་ཋི་ནམ་སྲིད་གཞུང་ནས། རྒྱ་ནག་གིས་ (Fiery Cross Reef) ཞེས་པའི་མིས་བཟོས་གླིང་ཕྲན་སྟེང་གནམ་ཐང་གསར་རྒྱག་དང་ཚོད་ལྟ་བྱས་པ་དེས་ཝེ་ཋི་ནམ་གྱི་མངའ་ཁོངས་བདག་དབང་ལ་རྡོག་རོལ་བཏང་བ་ཡིན་སྟབས། རྒྱ་ནག་གཞུང་གིས་བྱ་སྤྱོད་འདི་འདི་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་ཡོད་ཀྱང་། པེ་ཅིན་གཞུང་གིས་ཝེ་ཋི་ནམ་དང་ཧྥི་ལེ་ཕིན་གཉིས་ཀྱི་སེམས་ཁྲལ་དང་འགོག་རྒོལ་ལ་ཅི་མི་སྙམ་པར་སྣང་མེད་དུ་གཏོང་གིན་ཡོད་འདུག

ཝེ་ཋི་ནམ་གྱི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལི་ཧཱེ་བྷེན་ (Le Hai Binh) ཟེར་བ་ཞིག་གིས། རྒྱ་ནག་གིས་འཛུགས་སྐྲུན་དང་གནམ་ཐང་གསར་རྒྱག་བྱས་པའི་མིས་བཟོས་གླིང་ཕྲན་ (Fiery Cross Reef) དེ་ནི་ཝེ་ཋི་ནམ་གྱི་མངའ་ཁོངས་རྩོད་མེད་ཡིན་པ་དང་། རྒྱ་གཞུང་གིས་ཝེ་ཋི་ནམ་གྱི་མངའ་ཁོངས་བདག་དབང་ལ་རྡོག་རོལ་བཏང་སྟེ། ཁྲིམས་འགལ་གྱི་སྒོ་ནས་གླིང་ཕྲན་དེ་འཛུགས་སྐྲུན་དང་གནམ་ཐང་གསར་སྐྲུན་བྱས་པ་ཡིན་སྐོར་བརྗོད་འདུག

ཨ་རིའི་གཞུང་གིས་མཚོ་ཁུལ་འཛུགས་སྐྲུན་དང་མངའ་ཁོངས་རྩོད་གླེང་འདིའི་ཐད་ལ། རྒྱ་གཞུང་གིས་ཉེ་ལམ་ནས་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་གླིང་ཕྲན་ཁག་མང་པོ་འཛུགས་སྐྲུན་བྱས་པར་སྐྱོན་བརྗོད་དང་། འབྱུང་འགྱུར་རྒྱ་ནག་གཞུང་གིས་གླིང་ཕྲན་དེ་དག་དྲག་ཆས་དམག་དཔུང་གི་རྟེན་གཞི་བྱ་འཆར་ལ་སེམས་ཁྲལ་ཡོད་སྟབས། མཚོ་ཁུལ་འདིའི་གླིང་ཕྲན་འཛུགས་སྐྲུན་མཚམས་འཇོག་དང་མངའ་ཁོངས་བདག་དབང་ལ་རྩོད་གླེང་མི་འབྱུང་བའི་ཆེད་དུ་རྒྱལ་སྤྱིའི་གསར་འགོད་ལྷན་ཚོགས་བསྐོངས་ཏེ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་རྩོད་རྙོག་ཞི་འདུམ་དགོས་སྐོར་བརྗོད་ཡོད་པ་རེད།

གནས་ཚུལ་ལྟར་ན། རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དེ་ནི་རྡོ་སྣུམ་གྱི་ཐོན་ཁུངས་ཆེན་པོ་ཞིག་ཡིན་ཞིང་། མཚོ་ཁུལ་དེ་ནས་ལོ་རེར་ཨ་སྒོར་ཐེར་འབུམ་ ༥ ལྷག་གི་རྡོ་སྣུམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་། ཉེ་ལམ་ནས་རྒྱ་ནག་གཞུང་གིས་མཚོ་ཁུལ་དེ་ཧྲིལ་བོ་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་དེ། མཚོ་ཁུལ་དེའི་གླིང་ཕྲན་ཁག་ ༧ ལྷག་འཛུགས་སྐྲུན་བྱས་པ་དང་། གླིང་ཕྲན་དེ་དག་སྟེང་མཁའ་མཚོ་གཉིས་ཀྱི་དྲག་ཆས་དམག་དཔུང་གི་རྟེན་གཞི་འཛུགས་ཀྱི་ཡོད་པར་བརྟེན། ཝེ་ཋི་ནམ་དང་ཧྥི་ལེ་ཕིན། བྷ་རུ་ནའེ། མ་ལེ་ཞི་ཡ། ཐའེ་ཝན་སོགས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁག་གིས་མཚོ་ཁུལ་དེའི་གླིང་ཕྲན་ཁག་ཅིག་ཁོ་རང་ཚོའི་མངའ་ཁོངས་ཡིན་པ་དང་། རྒྱ་ནག་གིས་མཚོ་ཁུལ་དེའི་གླིང་ཕྲན་ཁག་འཛུགས་སྐྲུན་དང་མཁའ་ལམ་གསར་རྒྱག་མི་ཆོག་པའི་འགོག་རྒོལ་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese