མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

ད་ལྟ་རང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཐོན་པ་ལྟར་ན། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝིན་ལགས་སུ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་སྟེ་ཐའེ་ཝན་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མ་ཆགས་ཡོད་འདུག

 

ཐེངས་འདིའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁྲོད། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝིན་ Tsai Ing-wen ལ་འོས་གྲངས་ ༦༨༩༤༧༤༤ ཐོབ་སྟེ་བརྒྱ་ཆ་ ༥༦།༡ ཟིན་ཡོད་པ་དང་། ཐའེ་ཝན་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཨེ་རིག་ཆོ་ལེ་ལུན་ Eric Chu Li-luan ལ་འོས་ ༣༨༡༣༣༦༥ ཐོབ་སྟེ་བརྒྱ་ཆ་ ༣༡།༠༠ ཟིན་ཡོད་འདུག  དེ་བཞིན། མི་མང་ཚོགས་པའི་སྲིད་འཛིན་འོས་མི་ཅམ་སི་སོན་ James Soong ལགས་སུ་འོས་ ༡༥༧༦༨༦༡ ཐོབ་སྟེ་བརྒྱ་ཆ་ ༡༢།༨ ཟིན་ཡོད་འདུག

 

ལྕམ་ཚའེ་ཡེན་ཝིན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས་ཁོང་མོས་གཏམ་བཤད་སྤེལ་བའི་ནང་། དེ་རིང་ཐའེ་ཝན་མི་མང་གི་བསམ་བློའི་འཕེལ་ཕྱོགས་ཤིག་མངོན་འགྱུར་བྱས་ཡོད་པ་དང་། ང་ཚོས་འཛམ་གླིང་མི་མང་ལ་རྒྱ་ནག་མི་སེར་རྒྱལ་ཁབ་དེ་དམངས་གཙོ་ཡིན་པ་གསལ་སྟོན་བྱས་ཡོད། འདི་ནི་ཐའེ་ཝན་མི་མང་ས་ཡ་ ༢༣ གྱིས་འབད་འབུང་བྱས་པའི་གྲུབ་འབྲས་རླབས་ཆེན་ཞིག་ཡིན། ཞེས་སོགས་གསུངས་འདུག

 

སྲིད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ༢༠༠༠ ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་དང་པོ་ཁྲིན་ཧྲི་ཕེན་སྲིད་འཛིན་དུ་བསྡད་སྐབས། ཐའེ་ཝན་གྱི་གྲོས་ཚོགས་འཐུས་མི་མང་ཆེ་བ་གོ་མིན་ཏང་ཚོགས་པའི་མི་སྣ་ཆགས་ཡོད་སྟབས། ཁྲིན་ཧྲི་ཕིན་གྱི་ལས་དོན་མང་པོ་ཞིག་མངོན་འགྱུར་བྱེད་ཐུབ་མེད་ཀྱང་། ཐེངས་འདིར་ཐའེ་ཝན་གྲོས་ཚོགས་ནང་ཁྱོན་འཐུས་མི་ ༧༩ ཡོད་པ་ལས་དམངས་གཙོ་ཡར་ཐོན་ཚོགས་པར་རྐུབ་སྟེགས་ ༥༠ དང་། གོ་མིན་ཐང་ཚོགས་པར་རྐུབ་སྟེགས་ ༢༤ བཅས་ཐོབ་ཡོད་སྟབས། སྲིད་འཛིན་ཚའེ་ཡེན་ཝིན་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཏེ་ལས་དོན་ལེགས་འགྲུབ་ཆེན་པོ་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད།

 

123ཐེངས་འདིར་འོས་བསྡུའི་རྒྱལ་ཁ་ཐོབ་པའི་ལྕམ་ཚའེ་ཡེན་ཝིན་ལགས་ཀྱིས་དེ་སྔོན་རྒྱ་ནག་དང་མཉམ་འབྲེལ་བྱེད་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ཀྱང་། ཉེ་ལམ་གྱི་གཏམ་བཤད་ཁག་ཏུ་ཐའེ་ཝན་མི་མང་ལ་རྒྱ་ནག་གི་དཔལ་འབྱོར་དགོས་མཁོ་ཡོད་པ་དང་། ཁོང་མོས་རྒྱ་ནག་སྐམ་ས་ཆེན་མོ་དང་ཞི་བདེ་མཉམ་གནས་ཡོང་ཐབས་ཀྱི་སྲིད་བྱུས་འཛིན་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད།

 

ཐེངས་འདི་ནི་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་ཐེངས་ ༡༤ པ་དེ་ཡིན་པ་དང་། ཐའེ་ཝན་སྲིད་འཛིན་འོས་བསྡུ་དེ་ལོ་ ༤ རེའི་མཚམས་སུ་གནང་གི་ཡོད་ལ། ད་སྔའི་སྲིད་འཛིན་མཱ་ཡོན་ཅུག་ནི་ ༢༠༠༨ ལོར་གོ་མིན་ཏང་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་ཏེ་རྒྱལ་ཁ་ཐོབ་པ་ཞིག་ཡིན་ལ། ༢༠༡༢ ལོར་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ད་བར་སྐབས་གཉིས་རིང་སྲིད་འཛིན་གནང་ཡོད།

 

ཐའེ་ཝན་ནང་སྲིད་དོན་ཚོགས་པ་མང་པོ་ཡོད་པ་ལས་ཤུགས་ཆེ་ཤོས་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཚོགས་པ། མི་མང་ཚོགས་པ་གསུམ་ཡིན་ཞིང་། ཐའེ་ཝན་གོ་མིན་ཏང་ཚོགས་པས་རྒྱ་ནག་གཅིག་གི་ལྟ་བ་བཟུང་སྟེ་སྲིད་འབྱོར་རིག་གསུམ་ཐོག་རྒྱ་ནག་དང་མཉམ་འབྲེལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་དཔལ་འབྱོར་ཐད་རྒྱ་ནག་ལ་མཉམ་འབྲེལ་བྱེད་འདོད་ཡོད་ཀྱང་། ཆབ་སྲིད་དང་རྒྱལ་ཁབ་ཀྱི་བདག་དབང་ཐད་ནས་ཁེར་ཚུགས་ཀྱི་ལྟ་བ་མཁྲེགས་འཛིན་བྱེད་ཀྱིན་ཡོད།

 

ཐའེ་ཝན་སྲིད་འཛིན་མི་མང་གིས་ཐད་ཀར་འོས་འདེམས་བྱེད་པའི་ལམ་སྲོལ་དེ་ ༡༩༩༦ ལོར་ཐོག་མར་མགོ་བཙུགས་ཡོད་པ་དང་། ༡༩༩༦ ནས་ ༢ ༠༠༠ ལོའི་བར་གོ་མིན་ཏང་ཚོགས་པའི་སྐུ་ཞབས་ལི་ཏིན་ཝཱེ་དང་། ༢༠༠༠ ནས་ ༢ ༠༠༨ ལོའི་བར་དམངས་གཙོ་ཡར་ཐོན་ཚོགས་པའི་སྐུ་ཞབས་ཁྲིན་ཧྲི་ཕེན། ༢ ༠༠༨ ནས་ ༢༠༡༦ ལོའི་བར་གོ་མིན་ཏང་ཚོགས་པའི་མཱ་ཡོན་ཅུག་སྲིད་འཛིན་དུ་བསྡད་ཡོད།

 

160116082636UJལི་ཏིན་ཝཱེ་སྲིད་འཛིན་སྐབས་ ༡༩༩༧ ལོའི་ཟླ་ ༣ པར་ཐེངས་དང་པོར་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད་པ་དང་། དེའི་རྗེས་ཁྲིན་ཧྲི་ཕིན་སྲིད་འཛིན་ཡིན་སྐབས་ ༢༠༠༡ ལོའི་ཟླ་ ༤ པར་ཐེངས་གཉིས་པར་༧གོང་ས་མཆོག་ཐའེ་ཝན་ནང་གདན་འདྲེན་ཞུས་ཡོད། མ་ཡོན་ཅུག་སྲིད་འཛིན་ཡིན་སྐབས་ ༢༠༠༩ ལོའི་ཟླ་ ༨ པར་ཐེངས་གསུམ་པར་༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་ཡོད།

 

རྒྱལ་སྤྱིའི་སྲིད་དོན་ཉམས་ཞིབ་པ་དང་ཐའེ་ཝན་རྒྱལ་ཞེན་རིང་ལུགས་པ་མང་པོ་ཞིག་གིས་ཐེངས་འདིའི་ཐའེ་ཝན་སྲིད་འཛིན་འོས་བསྡུ་ཆེན་མོ་དེ་ནི། ཐེ་ཝན་རྒྱ་ནག་དང་མཉམ་སྡོད་རྒྱུ་ཡིན་ནམ། ཐའེ་ཝན་རང་བཙན་བྱེད་རྒྱུ་ཡིན། ཞེས་པའི་གདམ་ག་ཆེན་པོ་ཞིག་ཡིན་པ་དང་། ཐེངས་འདིའི་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པ་དང་གོ་མིན་ཏང་ཚོགས་པ་གཉིས་ཀྱི་རྒྱལ་ཕམ་དེ་རྒྱ་ནག་གི་རྒྱལ་ཕམ་ཞིག་ཀྱང་ཡིན་པར་འདོད།

 

ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅུག་ཐོག་མར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་མ་ཟད། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་སྐབས་མཱ་ཡོན་ཅུག་ཐའེ་ཝན་ནང་གི་བོད་མི་ཚོའི་ལས་འགུལ་ཐོག་དངོས་སུ་ཕེབས་ཡོད། འོན་ཀྱང་སྲིད་དོན་དབྱེ་ཞིབ་པ་འགའ་རེས། དེ་ནི་སྐབས་དེར་ཐའེ་ཝན་སྲིད་འཛིན་འོས་བསྡུ་འགྲོ་བཞིན་ཡོད་པ་དང་། ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པས་ “དེ་རིང་གི་བོད་དང་སང་ཉིན་གྱི་ཐའེ་ཝན” ཟེར་བ་སོགས་ཀྱི་འབོད་ཚིག་བསྒྲགས་པ་སོགས་ལ་བརྟེན་ཏེ། མཱ་ཡོན་ཅུག་གིས་འོས་ཐོབ་ཐབས་སུ་རྒྱ་ནག་ལ་མཉམ་འབྲེལ་བྱེད་འདོད་མེད་པའི་རྣམ་པ་ཙམ་བསྟན་པ་ཡིན་སྐོར་བརྗོད།

 

30_june_2012_001.jpgཐེངས་འདིར་གསར་དམ་བདམས་ཐོན་བྱུང་བའི་ལྕམ་ཚའེ་ཡེན་ཝིན་ནི་དེ་སྔ་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང་། ༢༠༠༩ ལོའི་གསུམ་བཅུའི་དུས་དྲན་གྱི་ཐའེ་ཝན་གྱི་ལས་འགུལ་ནང་མོ་རང་དངོས་སུ་མཉམ་ཞུགས་གནང་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༦ པའི་ནང་༧གོང་ས་མཆོག་ཐའེ་ཝན་དུ་ཕེབས་སྐབས་ཀའོ་ཞུན་གྲོང་ཁྱེར་ནང་ཚའེ་ཡེན་ཝིན་གྱིས་མཇལ་ཁ་ཞུས་ཡོད། དེ་བཞིན། ༢༠༡༢ ལོའི་ཟླ་ ༦ པའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཐའེ་ཝན་ནང་ཕྱོགས་སྐྱོད་གནང་སྐབས་ཁོང་མོར་ཐུག་འཕྲད་གནང་སྟེ་བོད་དོན་སྐོར་ལ་བཀའ་མོལ་གནང་ཡོད།

 

སྲིད་དོན་པ་ཁ་ཤས་ཀྱིས་ ༢༠༡༥ ལོའི་ཟླ ༡༡ ཚེས ༧ ཉིན། སེང་གྷ་པོའི་ཤམ་པ་ལ་གསོལ་མགྲོན་ཁང་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅིག་གཉིས་ལོ་རྒྱུས་རིང་བཞིན་ལྡན་པའི་ཐུག་འཕྲད་ཐོག་མ་གནང་པ་དེ། ཐེངས་འདིར་དམངས་གཙོ་ཡར་ཐོན་ཚོགས་པའི་ལྕམ་ཚའེ་ཡེན་ཝིན་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་གཏན་འཁེལ་བར་སོང་། ‘གོ་གཉིས་ལོའི་ཐུན་མོང་གྲོས་ཆོད’ ཟེར་བ་ཁྲིམས་མཐུན་བཟོ་ཐབས་དང་། རྒྱ་ནག་གཅིག་གི་སྲིད་བྱུས་རྒྱུན་འཁྱོངས་ཡོང་ཐབས་ཡིན་སྐོར་བརྗོད།
‘གོ་གཉིས་ལོའི་ཐུན་མོང་གྲོས་ཆོད།’ ཟེར་བ་དེ་ནི། རྒྱ་ནག་གཞུང་དང་ཐའེ་ཝན་གོ་མིན་ཏང་ཚོགས་པས་ ༡༩༩༢ ལོར་རྒྱ་ནག་དང་ཐའེ་ཝན་བར་གྲོས་མོལ་ཞིག་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཟེར་བའི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། དེ་ནི་རྒྱ་ནག་གཅིག་ཡིན་པར་འགྲེལ་བཤད་སོ་སོར་རྒྱག་སྟངས་ཡོད་པ་ཞིག་ཡིན་སྐོར་རྗོད་ཀྱི་ཡོད་ཀྱང་། དམངས་གཙོ་ཡར་ཐོན་ཚོགས་པས་གོ་གཉིས་ལོའི་ཐུན་མོང་གི་གྲོས་ཆོད་ཟེར་བ་ཞིག་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་ཡེན་ཝིན་གྱིས་ཀྱང་དེར་ངོས་ལེན་བྱེད་ཀྱི་མེད།

 

DPP Chairperson Tsai Ing-wen participated in a protest for Tibet in Taipei on 14 March 2009.

ལྕམ་འཚེ་ཡེན་ཝིན་མཆོག་ནི་ Tsai Ing-wen ལགས་ནི་ ༡༩༥༦ ཟླ་ ༨ ཚེས་ ༣༡ ཉིན་ཐའེ་པེ་རུ་སྐྱེས་ཤིང་། ཐའེ་ཝན་རྒྱལ་གཙུག་ལག་སློབ་ཆེན་ནས་ཁྲིམས་ལུགས་ཐོག་སློབ་སྦྱོང་དང་ཨ་རིར་ཁྲིམས་ལུགས་རམ་འབྱམས་པ་ཐོན་ཡོད། དེའི་རྗེས་དབྱིན་ཇུའི་ལོན་ཌོན་གཙུག་ལག་སློབ་ཆེན་ནས་ཁྲིམས་ལུགས་ཐོག་འབུམ་རམས་པ་ཐོན་ཡོད། ༡༩༩༣ ལོ་ནས་ཐའེ་ཝན་གཞུང་ནང་ཕྱག་ལས་གནང་མགོ་བཙུགས་ཡོད་པ་དང་། ༢༠༠༤ ལོ་ནས་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ནང་འཛུལ་ཞུགས་གནང་སྟེ། ༢༠༠༨ ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་། ༢༠༡༢ ལོར་སྲིད་འཛིན་འོས་མིར་བཞེངས་ཡོད་ཅིང་། ༢༠༡༤ ལོར་བསྐྱར་དུ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོར་བསྐོ་བཞག་གནང་ཡོད། ཁོང་མོས་དེ་སྔོན་ཐའེ་ཝན་གཞུང་གི་དཔལ་འབྱོར་དང་ཚོང་ལས་སྡེ་ཚན་ནང་ཕྱག་ལས་གནང་སྟེ་གྲུབ་འབྲས་ཆེན་པོ་བླངས་ཡོད།

 

ཐའེ་ཝན་ལ་མི་འབོར་ ༢༣༤༦༡༧༠༨ ཡོད་པ་དང་། ཨེ་ཤ་ཡའི་ནང་གི་དཔལ་འབྱོར་སྟོབས་ཆེ་ཤོས་ཨང་ ༥ པ་དང་། འཛམ་གླིང་གི་དཔལ་འབྱོར་ཨང་ ༢༥ པ་དེ་ཆགས་ཡོད།

 

 གསར་འགོད་པ། དོན་གྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 14

  1. ཚེ་བཟང་། says:
    ལོ་ 9 སྔོན།

    རྩོམ་སྒྲིག་པ་ཆེན་མོའི་གསར་འགྱུར་ཧ་ཅང་ཚད་མཐོན་པོ་རེད། དུས་ཚོད་བྱུང་སྐབས་གསར་འགྱུར་རེ་འབྲི་རྒྱུ་མ་བརྗེད་པ་གནང་རོགས།

    Reply
  2. ལྷག་པ། says:
    ལོ་ 9 སྔོན།

    ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་ཆབ་སྲིད་པ་དག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་ཟེར་ན་ཐེ་ཝན་ཡིན། ཐེ་ཝན་ཟེར་ན་རྒྱ་ནག་མི་སེར་རྒྱལ་ཁབ་ཡིན་ཟེར་བཞིན་ཡོད་པ་རེད། ལྕམ་སྐུ་མཆོག་གི་གསུང་བཤད་གྲགས་ཆེན་ཞིག་ཏུ་༼རྒྱ་ནག་མི་སེར་རྒྱལ་ཁབ་དེ་ཐེ་ཝན་མི་མང་ལ་དབང་བ་དང་། ཐེ་ཝན་མི་མང་ས་ཡ་ཉེར་གསུམ་དེ་ཐེ་ཝན་རྒྱལ་དམངས་སྲིད་གཞུང་གིས་སྲུང་སྐྱོབ་བྱེད་དགོས། ༽གསུང་ཡོད་། གོང་གི་ཁོ་མོའི་གཏམ་བཤད་ནང་དུ་ཡང་ག་རེ་གསུང་འདུག་ཟེར་ན་་་དེ་རིང་ཐའེ་ཝན་མི་མང་གི་བསམ་བློའི་འཕེལ་ཕྱོགས་ཤིག་མངོན་འགྱུར་བྱས་ཡོད་པ་དང་། ང་ཚོས་འཛམ་གླིང་མི་མང་ལ་རྒྱ་ནག་མི་སེར་རྒྱལ་ཁབ་དེ་དམངས་གཙོ་ཡིན་པ་གསལ་སྟོན་བྱས་་་་ཟེར་བའི་ཚིག་དོན་་འདི་ལ་གོ་རྒྱུ་ཆེན་པོ་འདུག

    Reply
  3. རིག་པ་ཅན། says:
    ལོ་ 9 སྔོན།

    སྐུ་ལྕམ་ཚེ་ཡིན་ཝུན་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་རབ་དང་རིམ་པ་གནང་བར་ཐུགས་རྗེ་ཤིན་ཏུ་ནས་ཆེ། དང་པོ་ཁྱེད་རང་སང་གནངས་ཉིན་ཨ་རིའི་མི་སྣར་མཇལ་འཕྲད་གནང་འཆར་ཡོད་པ་དེའི་སྟེང་ནས་གཟི་བརྗིད་ངོམ་དགོས། འདི་ནི་ཁྱེད་རང་སྲིད་འཛིན་ཆགས་རྗེས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣར་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད། གཉིས་པ་སྤྱི་ཟླ་ ༥ ་ཚེས་ ༢༠ ཉིན་ཁྱེད་ཀྱིས་ཐེ་ཝན་སྲིད་འཛིན་ལས་འཁུར་མཛད་སྒོའི་ཉིན་མོར་འཛམ་གླིང་མི་དམངས་དང་ལྷག་པར་དུ་རྒྱ་ནག་དམར་གཞུང་ལ་འགྲམ་ལྕགས་ཚ་ཐག་ཆོད་པ་ཞིག་གཞུ་དགོས།

    Reply
  4. གཅན བཟོད་རྒྱམ། says:
    ལོ་ 9 སྔོན།

    ད་གྲོགས་ནག་ཤོད་རྨུ་ཐག་ལགས་ཀྱིས་དགོངས་ཚུལ་དང་གསལ་བཤད་གནང་བར་བཀའ་དྲིན་ཆེ་ཞུ།
    གོང་བཀོད་གནས་ཚུལ་དེའི་ཐད་ནས་ངས་རྩེད་མཚར་བཤད་པ་མིན།
    ངས་ཤེས་ཚོད་ལ། ཐའེ་ཝན་གོ་མའི་ཕྱོགས་གཏོགས་དང་དེའི་རྒྱབ་དཔུང་བྱེད་མཁན་ཚོས་གོ་中華民國Republica of China ཀྲུང་ཧྭ་མི་སེར་རྒྱལ་ཁབ་དེའི་ཕྱོགས་སུ་ཁྲིད་གང་ནུས་བྱེད་པ་མ་གཏོགས། སྔར་ནས་ཐའེ་ཝན་གླིང་ཕྲན་སྟེང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་དེ་ཚོས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དེར་འདོད་པ་མེད་པར་མ་ཟད། དེར་ངོ་རྒོལ་དང་དེའི་ཆེད་དུ་ཚེ་སྲོག་བཏང་མྱོང་བ་ངས་ཤེས་ཡོད། ད་དུང་ཐའེ་ཝན་གྱི་གླིང་ཕྲན་དེའི་སྟེང་དུ་སྔར་མུས་གནས་སྡོད་པའི་ཤེས་ལྡན་པ་ཚོས་རྩོམ་ཡིག་འབྲི་བ་དང་ཤེས་ཡོད་ཀྱི་ལས་ཀ་བྱེད་པ་སོགས་ཀྱི་འདོད་མོས་མེད་པར། ནང་དུ་འཛུལ་ནས་ལས་ཀ་མཚམས་འཇོག་བྱས་པ་སོགས་ཀྱི་གནས་ཚུལ་སོགས་ཀྱང་ཤེས་ཀྱི་ཡོད། དེ་བས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་中華民國 ཟེར་བ་འདི་ནི་གོ་མིན་སྲིད་གཞུང་ཕམ་ཉེས་ཐེབས་ནས་ཐའེ་ཝན་གླིང་དུ་གནས་བཅས་ཀྱི་བྱུང་རབས་ང་ཚོས་ཤེས་པ་ལས་ཁོང་ཚོར་རྒྱུས་མངའ་ཆེ་བ་བཤད་ཅི་ལ་དགོས། དེ་བས། ལྕམ་སྐུ་ཚའེ་ཡིན་ཝིན་ལགས་ཀྱི་གཏམ་བཤད་ནང་དུ་ཚིག་དེ་འདྲ་ཞིག་བེད་སྤྱད་ཡོད་ཚེ། དེ་མི་ཐའེ་ཝན་མི་དམངས་དང་སྤྱི་དང་སྒོས་སུ་དམངས་གཙོ་ཡར་ཐོན་ཚོགས་པའི་གཙི་འཛིན་ཞིག་གི་སྐད་ཆ་ཡིན་པར་ཁས་ལེན་དཀའ་བ་ཞིག་རེད་འདོད།
    ད་དུང་ལྕམ་སྐུ་ཚའེ་ཡིན་ཝིན་ལགས་སྲིད་འཛིན་འོས་ཐོབ་ཀྱི་བརྙན་རོས་འདྲ་མིན་བཟོས་པའི་ནང་དུ་གོ་མིན་ཏང་གི་དར་ཆ་ཕར་ཙམ་ལ་བཞག་ནས། ལྕ་སྐུ་མཆོག་གི་ལག་གི་དར་ཆ་གཞན་ཞིག་བཞག་པ་དེས་ཀྱང་ཐའེ་ཝན་གཞོན་རབས་པ་ཚོའི་བསམ་བློའི་ནང་སྙིང་ཕྱིར་བསྟན་འདུག་སྙམ། ད་དུང་ཐའེ་ཝན་གྱི་ཕྱི་སྐྱོད་ལག་ཁྱེར་Passport ཐོག་གི་Republic of China བི་མིང་དེ་བརྗེ་བོ་རྒྱག་དགས་སྐོར་ཐད་ཀྱང་རྩོད་ཀྱང་རྩོད་པ་མང་དུ་བྱུང་བ་དང་། མཐར་ཁོང་ཚོའི་ཕྱི་སྐྱོད་ལག་ཁྱེར་སྟེང་གི་ཡི་གེ་དེ་Taiwan Passport ཞེས་པར་བརྗེས་ཐུབ་པ་བྱུང་སྐོར་གསར་ལམ་ཁག་ནས་ཤུགས་ཆེར་བཤད་པ་ཁྱོད་ཀྱིས་གོ་མེད་པ་འདྲ། ད་དུང་གོ་མིན་ཏང་གི་དར་ཆེ་དེའི་སྐོར་ནས་ཀྱང་ཐའེ་ཝན་མི་དམངས་ནང་རྩོད་རྙོག་ཡོང་དང་ཡོང་བཞིན་པའི་གནས་སྟངས་སོགས་འདིར་འབྲིར་མི་ལངས་པས་མཚམས་འཇོག་རྒྱུ་ཡིན།

    Reply
  5. ནག་ཤོད་དམུ་ཐག says:
    ལོ་ 9 སྔོན།

    དྲ་གྲོགས་རྨུག་འབུ་ལགས། ཁྱོད་ཀྱི་དྲི་བ་དེ་རྩེ་མཚར་ཡིན་ན་འགྲིག་གི་རེད། དེ་མ་གཏོགས་རྒྱ་ནག་དང་ཐེ་ཝན་གྱི་རྩོད་གཞི་གསལ་བོ་ཞིག་མ་ངེས་པའི་རྟགས་སྟོན་གྱི་འདུག རྒྱ་གུང་ཁྲན་དང་ཐེ་ཝན་མཚོ་འགག་གཉིས་ཀྱི་རྩོད་གཞི་གཙོ་བོ་དེ་(རྒྱ་ནག་མི་སེར་རྒྱལ་ཁབ་ངོ་མ་དེ་སུ་ཡིན།)ཟེར་བ་འདི་ཡིན་པ་མཁྱེན་དགོས། ཚིག་འདི་ལ་རྒྱ་སྐད་ནང་ 中華民國 ་དང་ཨང་སྐད་ནང་ Republic of China ་འདི་རེད། བདག་དབང་འདིའི་ཆེད་དུ་ཐེ་ཝན་གྱི་གཞོན་སྐྱེས་མང་པོ་ཞིག་བཙོན་དུ་ཚུད་མྱོང་ཡོད་པ་རེད།

    Reply
  6. གཡང་སྐྱིད་ལྷ་མོ། says:
    ལོ་ 9 སྔོན།

    ཐེ་ཝན་གྱི་བུད་མེད་སྲིད་འཛིན་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. འཁྱམ་བུ། says:
    ལོ་ 9 སྔོན།

    ཐེ་ཝན་རང་བཙན་ཕྱོགས་སུ་འཕུར་སོང་། བོད་པ་རང་སྐྱོང་ཆེད་དུ་ཤི་སོང་།

    Reply
  8. དབང་ཕྱུགས། says:
    ལོ་ 9 སྔོན།

    གསར་འགྱུར་འདིས་ཐེ་ཝན་དང་བོད་རྒྱ་དང་ནག་གསུམ་གྱི་གནད་དོན་སྐོར་ལ་མིག་རྒྱ་སྐྱེད་སོང་བློ་སྒོ་འབྱེད་སོང་།

    Reply
  9. གཙང་ཕྲུག says:
    ལོ་ 9 སྔོན།

    སྐུ་ལྕམ་ཚའེ་ཡུན་ཝིན་ཐེ་ཝན་སྲིད་འཛིན་དུ་བདམས་པར་བཀྲ་ཤིས་བདེ་ལེགས་ཞུ། ཁོ་མོས་ཐེ་ཝན་གྱི་རྨི་ལམ་མངོན་འགྱུར་བྱེད་ཐུབ་པའི་ཡིད་ཆེས་ཡོད། 1999 ལོར་ཐེ་ཝན་གྱི་སྲིད་འཛིན་སྐུ་ཞབས་ལེ་ཏིན་ཝེ་བཞུགས་སྐབས། ཁོང་མོས་ཐེ་ཝན་གཞུང་གི་དཔལ་འབྱོར་སྡེ་ཚན་དུ་ཕྱག་ལས་གནང་སྟེ་ཐེ་ཝན་གྱིས་རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རར་འཛུལ་ཞུགས་བྱེད་སྟངས་སྐོར་གྱི་ཇུས་འདོན་གནང་ཡོད་པ་མ་ཟད། སྐབས་དེའི་སྲིད་འཛིན་ལེ་ཏིན་ཝེ་ཡི་ཆབ་སྲིད་སྒྲིག་གཞིའི་དྲུང་ཡིག་ཀྱང་གནང་མྱོང་ཡོད་པ་རེད། དེའི་རྗེས་ལ་སྲིད་འཛིན་ཁྲིན་ཧྲུ་ཕིང་གི་སྐབས་སུའང་གཞུང་གི་ལས་དོན་གལ་ཆེན་མང་པོ་ཞིག་གི་ནང་འཛུལ་ཞུགས་བྱས་ཡོད་པ་དང་སྲིད་བློན་གཞོན་པའི་འགན་ཡང་འཁུར་ཡོད་ཀྱང་། ད་ལྟའི་སྲིད་འཛིན་ལས་ཐོག་མ་ཡུན་ཅའུ་སྐབས་སུ་ཁོང་མོར་ཉམས་ཉེས་ཆེན་པོ་བཏང་སྟབས་ཐེ་ཝན་གྱི་དཔལ་འབྱོར་ཐོག་ཉམས་གུད་ཆེན་པོ་ཐེབས་པའི་ངོས་འཛིན་བྱེད་བཞིན་ཡོད།

    Reply
  10. གཅན བཟོད་རྒྱམ། says:
    ལོ་ 9 སྔོན།

    ༢༠༡༦ ལོའི་ཐའེ་ཝན་གྱི་སྲིད་འཛིན་གསར་པའི་འོས་འདེབས་དེ་ལྕམ་སྐུ་ཚའེ་ཡིན་ཝིན་蔡英文ལགས་ལ་ཐོབ་པར་རྟེན་འབྲེལ་ཞུ། འོན་ཀྱང་གསུང་བཤད་དུམ་བུ་ལུང་ཚིག་དྲངས་པ་( ང་ཚོས་འཛམ་གླིང་མི་མང་ལ་རྒྱ་ནག་མི་སེར་རྒྱལ་ཁབ་དེ་དམངས་གཙོ་ཡིན་པ་གསལ་སྟོན་བྱས་ཡོད། ) ཟེར་བ་འདི་ཐའེ་མི་དམངས་སྤྱི་དང་། ཁྱད་པར་དུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཞིག་གི་སྐད་ཆ་ཨེ་ཡིན་ནམ་བསམ་བྱུང་། ཁོང་ཚོས་མ་རྒྱུན་ཐའེ་ཝན་མི་མང་
    ཟེར་བ་ལས་ “རྒྱ་ནག་མི་སེར་རྒྱལ་ཁབ་”ཟེར་མྱོང་མེད་ལ་ཟེར་ཡང་མི་སྲིད་པ་ཞིག་རེད།
    འདིའི་སྐོར་ནས་སར་གནས་མ་ཁུངས་གང་ཡིན་དང་། གར་ཡོད་གསུང་རོགས། ཚིག་རྩ་ཐའེ་ཝན་གྲོགས་པོ་ཚོར་གསལ་བཤད་དང་ཁ རྩོད་རྒྱག་འདོད་བྱུང་སོང་།

    Reply
  11. བློ་བཟང་ཐུབ་བསྟན། says:
    ལོ་ 9 སྔོན།

    དཔྱད་རྩོམ་ཐབ་ཆག་བརྒྱ་ལས་ལྷག་གི་གསར་འགྱུར་ཕུལ་བྱུང་གཅིག་བྲིས་འདུག གསར་འགོད་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་བསྔགས་བརྗོད་ཡོད།
    གསར་འགྱུར་འདི་ཀློག་པ་བརྒྱུད་ནས་ཐེ་ཝན་དང་བོད་ཀྱི་འབྲེལ་བ། ཐེ་ཝན་ནང་ཁུལ་གྱི་འགལ་འབྲེལ། ཐེ་ཝན་དང་རྒྱ་ནག་གི་གནས་སྟངས་ཡོངས་རྫོགས་གཅིག་ཤེས་ཀུན་གྲོལ་ཆགས་སོང་།

    Reply
  12. གངས་ཅན་པ། says:
    ལོ་ 9 སྔོན།

    ཐེངས་འདིར་ཐེ་ཝན་སྲིད་འཛིན་ཁོང་མོར་ཐོབ་པ་ནི་ཐེ་ཝན་རང་བཙན་འཐབ་རྩོད་པ་ཞིག་ལ་རྒྱལ་ཁ་ཐོབ་པ་རེད། འདི་བོད་མི་མང་ལ་དྲན་སྐུལ་ཞིག་བྱས་ཡོད། ད་བ་ཐེ་ཝན་གོ་མིན་ཏང་ཚོགས་པའི་རྒྱ་ནག་གཅིག་གི་ལྟ་བ་འཁྱེར་ཡོད་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་མི་སེར་རྒྱལ་ཁབ་མཐའ་གཅིག་ཏུ་མཁྲེགས་འཛིན་བྱས་ཡོད།

    Reply
  13. ཚེ་རྣམ། says:
    ལོ་ 9 སྔོན།

    གསར་འགྱུར་ཡག་པོ་བྲིས་འདུག དུས་བབ་ཚང་གི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་ཐུགས་རྗེ་ཆེ་ཞུ།

    Reply
  14. ལི་ཐང་གྲགས་པ། says:
    ལོ་ 9 སྔོན།

    མཁྱེན་ལྡན་མ་ཁྱེད་རང་ལ་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རང་སྲིད་འཛིན་དུ་བཞུགས་པའི་རྗེས་ལ་བོད་དང་བོད་དོན་མི་རྗེད་པའི་རེ་བ་དང་ཡིད་ཆེས་ཡོད། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐེ་ཝན་ནང་གདན་འདྲེན་ཞུས་ཏེ་ཐེ་ཝན་མི་མང་ཆོས་ཀྱིས་འཚིམམ་པར་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese