མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དོན་དམ་ཞི་ཅིན་ཕིན་གྱི་ཕྱི་སྐྱོད་དམིགས་འབེན་ག་རེ་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་རྒྱ་ནག་དང་སུ་ཌེ་ཨ་ར་བྷེ་ཡའི་རྒྱལ་ཁབ་གཉིས་ཀྱིས་ཨལ་ཡ་མ་མ་ཧ་ཕོ་བྲང་ནང་དུ་གྲོས་ཆོད་དོན་ཚན་ ༡༤ ལ་མིང་རྟགས་བཀོད་ཡོད་འདུག

file-20-King Salman Xi China

 

ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༩ ཉིན་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཉིན་ ༥ རིང་སུ་ཌེ་ཨ་ར་བྷེ་ཡ་ (Saudi Arabia) དང་ཨེ་ཇེབ་ཊི་ (Egypt) ཨེ་རན་ (Iran) རྒྱལ་ཁབ་གསུམ་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཕྱོགས་སྐྱོད་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྩོད་རྙོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པར་ཚོད་དཔག་བྱེད་བཞིན་འདུག

 

ཧོང་ཀོང་གཙུག་ལག་སློབ་ཆེན་གྱི་སྲིད་དོན་སློབ་དཔོན་ཝེལ་ལམ་ (Willy Lam) ཟེར་བ་ཞིག་གིས། རྒྱ་ནག་གི་དམག་དཔུང་དང་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས། ཞི་ཅིན་ཕིན་གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཟིལ་ཤུགས་ངོམ་འཆར་ཡོད་པ་རེད། ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཕྱི་འབྲེལ་སྲིད་ཇུས་འོག་འདུམ་འགྲིག་མ་ཐུབ་པའི་དཀྱིལ་ཤར་ཡུལ་གྲུ་ཁག་གི་རྩོད་རྙོག་དེ་ལ་པེ་ཅིན་གཞུང་གིས་ཕྱོགས་ཡོངས་ནས་ཤུགས་རྐྱེན་བཟོ་ཐུབ་བྱེད་ཀྱི་ཡོད་པ་རེད། ཅེས་སོགས་བརྗོད་འདུག

 

པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཀྲུའུ་ཧྥིང་ (Zhu Feng) ཟེར་བ་ཞིག་གིས། རྒྱ་ནག་ནི་དཀྱིལ་ཤར་ཡུལ་གྲུའི་རྡོ་སྣུམ་ནང་འདྲེན་བྱེད་མཁན་ཆེ་ཤོས་ཡིན་སྟབས། དཀྱིལ་ཤར་ཡུལ་གྲུ་ཁག་ནང་བརྟན་ལྷིང་ཡོང་རྒྱུ་ནི་རྒྱ་ནག་གིས་གང་ཞིག་མཐོང་འདོད་པ་དེ་ཡིན། དེང་སྐབས་མངོན་གསལ་ཡིན་པ་ཞིག་ལ། སུ་ཌེ་ཨ་ར་བྷེ་ཡ་དང་ཨེ་རན་རྒྱལ་ཁབ་གཉིས་བར་རྩོད་རྙོག་འབྱུང་མུས་ཡིན་པ་ལྟར། སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱལ་ཁབ་ཕན་ཚུན་མཉམ་འབྲེལ་སྒོས་འཇིགས་སྐུལ་དྲག་སྤྱོད་ཚོགས་པར་འགོག་རྒོལ་བྱ་བར་སྐུལ་སློང་གཏང་བར་འགྲོ་ཡི་ཡོད་ལུགས་བཤད་འདུག

 

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་བསྒྲགས་པའི་ནང་། ད་ལྟའི་བར་རྒྱ་ནག་གིས་སུ་ཌེ་དང་ཨེ་རན་རྒྱལ་ཁབ་གཉིས་ཀྱི་གང་གི་ཕྱོགས་སུའང་མ་ལངས་པའི་རྒྱུ་མཚན་ནི། རྒྱ་ནག་ལ་ད་རག་བར་དཀྱིལ་ཤར་ཡུལ་གྲུའི་དུས་ཟིང་ཞི་འཇགས་དང་འདུམ་འགྲིག་གཏང་བའི་གོ་སྐབས་ཕྲ་བའི་རྐྱེན་གྱིས་ཡིན་ལུགས་བཀོད་འདུག

 

གནས་ཚུལ་ལྟར་ན། ཁ་སང་སུ་ཌེ་རྒྱལ་ཁབ་ཀྱི་ཨལ་ཡ་མ་མ་ཧ་ཕོ་བྲང་ (Al-Yamamah Palace) ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སུ་ཌེ་ཨ་ར་བྷེ་ཡའི་རྒྱལ་བོ་སལ་མན་ (King Salman) གཉིས་ཀྱིས། རྒྱ་ནག་དང་སུ་ཌེ་ཨ་ར་བྷེ་ཡ་རྒྱལ་ཁབ་གཉིས་ཀྱི་རིག་གཞུང་དང་ནུས་ཤུགས། བཟོ་ལས་དཔལ་འབྱོར་མཉམ་འབྲེལ་ཐད་གྲོས་ཆོད་དོན་ཚན་ ༡༤ བཞག་ནས་མིང་རྟགས་བཀོད་དེ། མ་འོངས་པར་རྒྱལ་ཁབ་གཉིས་བར་བརྟན་ལྷིང་དང་ཞི་བདེ་ཡོང་རྒྱུར་ཁག་ཐག་བྱས་ཡོད་པ་དང་། སྐབས་དེར་རྒྱལ་པོ་སལ་མན་ཟེར་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཏན་འབེབས་བྱས་པའི་ཁྲིམས་གཞི་དང་། ལྷག་པར་དུ་རྒྱལ་སྤྱི་རང་བཞིན་གྱི་བདེ་འཇགས་དང་ཞི་བདེ་ཡོང་ཐབས་སུ། རྒྱལ་ཁབ་ཕན་ཚུན་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་མི་ཆོག་པའི་རྩ་འཛིན་ལ་བརྩི་འཇོག་གནང་དགོས། དེ་རིང་གི་གྲོས་ཆོད་ཁག་ནི་རྒྱལ་ཁབ་གཉིས་ཀྱི་མོས་མཐུན་གཞིར་བཟུང་གི་གྲོས་ཆོད་ཅིག་ཡིན་པ་དང་། གྲོས་ཆོད་འདི་ལ་བརྟེན་ནས་མ་འོངས་པར་སུ་ཌེ་ཨ་ར་བྷེ་ཡའི་ནང་ཞི་བདེ་ཡོང་བར་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་ཡོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist