མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དབང་སྒྱུར་འཇིགས་སྐྲག

བོད་ཀྱི་དུས་བབ།
༢༠༡༦/༠༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་མཁན་མེན་ཞེན་ཕའེ། (Minxin Pei) པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

མའོ་ཙེ་ཏུང་གི་དུས་རབས་མཇུག་སྒྲིལ་བ་དང་སླར་ཡང་རྒྱ་ནག་འཇིགས་སྐྲག་གི་དབང་དུ་ཚུད་དེ། དམར་ཤོག་ཚོགས་པ་ནང་ཁུལ་ནས་གཙུག་ལག་སློབ་ཆེན་བར་དང་། མཐོ་རིམ་དབང་འཛིན་ཤོག་ཁག་ནས་གདུག་རྩུབ་ཆེ་བའི་ཉེས་ཆད་དང་སྐྱོན་འཛུགས་དོགས་ཟོན་བཅས་ཀྱིས་རྒྱ་ནག་གི་རིག་གནས་ཆབ་སྲིད་དང་དཔལ་འབྱོར་སྤྱི་ཚོགས་ལ་སིམ་འཛུལ་བྱེད་བཞིན་ཡོད།

 

ཁྱབ་ཆེ་བའི་འཇིགས་སྐྲག་དེའི་བདེན་དཔང་ནི་རྟོགས་སླ་བ་ཞིག་སྟེ། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༡༢ ནང་སྲིད་འཛིན་ཞི་ཅིན་ཕིན་གྱི་རྒྱལ་ནང་གི་ “ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ”དངོས་སུ་ལག་བསྟར་བྱས་པ་ནས་བཟུང་། དམར་ཤོག་སྲིད་གཞུང་གི་དཔོན་རིགས་ཚོ་འཛིན་བཟུང་བཀག་བསྐྱིལ་དང་། ཁོ་ཚོའི་ལས་རོགས་དང་གྲོགས་པོ་ཚོར་འཇིགས་སྣང་སྐུལ་རྒྱུ་ནི་རྒྱ་ནག་གི་ཉིན་རེའི་ལས་དོན་འབའ་ཞིག་ཏུ་གྲུབ་ཡོད།

 

མཐོ་རིམ་དཔོན་རིགས་ཚོའི་འགན་སྲུང་མེད་སྟབས། ད་ལྟའི་བར་རྒྱ་སྟག་ (སྲིད་བློན་དང་ཞིང་ཆེན་རིམ་པའི་དཔོན་གནས་འཛིན་མཁན་ཚོ) ༡༤༦ ཕམ་ཉེས་སུ་གྱུར་བ་གསལ་བོ་རེད། རྒྱ་སྟག་འདི་དག་ལ་ཉེན་བརྡ་ཙམ་ཡང་མེད་པར་བཙན་དབང་གིས་གློ་བུར་འཇུ་བཟུང་དང་བཙོན་འཇུག་བྱེད་མུས་ཡིན་ཞིང་། དཔོན་རིགས་དེ་དག་རླབས་ཆེན་གྱི་མཚན་གནས་ཤིག་ལས་གློ་བུར་ཕམ་ཉེས་བྱུང་བ་ལ་ “འཕྲལ་དུ་དམར་གསོད” ཅེས་པའི་ཆབ་སྲིད་ཀྱི་སྐད་ཆ་ཞིག་གིས་འགྲེལ་བཞིན་ཡོད།

 

འཇིགས་སྐྲག་དེ་ཐ་ན་ “རང་ཤི་བརྒྱབ་པ” ཞེས་པའི་གསར་གནས་གསལ་བསྒྲགས་ལ་བརྟེན་ནས་དམའ་རིམ་དཔོན་རིགས་ཚོའི་མགོ་ལའང་སླེབ་བཞིན་ཡོད། ན་ནིང་གཅིག་པུར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་རང་ཤི་བརྒྱབ་པའི་དོན་རྐྱེན་ ༢༨ གསལ་བསྒྲགས་བྱས་ཀྱང་། དོན་དངོས་སུ་གྲངས་འབོར་དེ་ཁོ་རང་ཚོའི་ཚད་མཐོའི་ཚོད་དཔག་བྱས་པ་ཞིག་ཡིན་པ་འདྲ།

 

རྒྱལ་ནང་གི་ “ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ” མགོ་བཙུགས་པ་ནས་བཟུང་། འཇིགས་སྐྲག་གི་དོགས་ཟོན་འོག་ཏུ། དེང་སྐབས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དཔོན་རིགས་ཚོས་ས་གནས་དམར་ཤོག་སྒྲིག་འཛུགས་ཁག་ལ་རང་ཤི་བརྒྱབ་པའི་བདེན་དཔུང་ཡིག་ཆ་འཚོལ་བསྡུ་བྱེད་དུ་འཇུག་གིན་ཡོད།

 

འཇིགས་སྐྲག་གི་ཀློང་དུ་འཚོ་མཁན་ཚོར་ནག་ཉེས་གང་ཡང་མེད། ཐ་ན་འཆར་ཅན་གྱི་འཇིགས་སྐུལ་འོག་གི་དོགས་ཟོན་ཁྲོད་དུ། དེང་སྐབས་རྒྱ་ནག་གི་དཔོན་ངན་རིང་ལུགས་པ་ཚོ་འཇིགས་ཤིང་སྐྲག་སྟེ་ཅི་བྱེད་འདི་བྱེད་མེད་པར་གྱུར་ཡོད།

 

དཔོན་ངན་རིང་ལུགས་ཀྱི་རྒྱབ་ལོགས་ན་རྒྱ་ནག་གི་ཤེས་ཡོན་པ་དང་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ། སྒེར་བཙུགས་དྲ་རྒྱ་གཉེར་མཁན་དང་ཚོང་དཔོན་ཚོས་སྡུག་མྱོང་གི་ཡོད། རྒྱ་ནག་གཞུང་གིས་རྒྱལ་ནང་གི་གཙུག་ལག་སློབ་ཆེན་ཁག་ཏུ་ཆེད་གཏོང་མི་སྣ་མངགས་ཏེ་གུ་ཡངས་སྲིད་ཇུས་ལ་རྒྱབ་སྐྱོར་གནང་མཁན་གཙུག་ལག་སློབ་དཔོན་ཚོར་དགག་པ་རྒྱག་ཅིང་། འཛེམ་ཟོན་མེད་པར་གུ་ཡངས་སྲིད་ཇུས་གླེང་མཁན་ཤེས་ཡོན་པ་ཚོ་གནས་དབྱུང་གཏོང་གི་ཡོད་ལ། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་དྲག་གནོན་བྱེད་མུས་ཡིན་པ་རེད།

 

ཚོང་དཔོན་མང་པོ་ཞིག་གློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། ནང་མི་ཚོས་ཁོ་ཚོ་རྒྱལ་ནང་གི་ “ལྐོག་ཟ་རུལ་སུངས་གཙང་ལས་འགུལ” ལག་བསྟར་བྱེད་མཁན་ཚོས་བཀག་བསྐྱིལ་བྱས་པ་ཡིན་ཤག་གནང་བཞིན་ཡོད། གནད་དོན་མང་པོ་ཞིག་གི་ཁྲོད་ནས་ཚབས་ཆེ་ཤོས་དེ་རྒྱ་ནག་གི་འབྱོར་ལྡན་ཨང་ ༡༧ པ་ཀོ་ཀང་ཁྲང་ (Guo Guangchang) ཡིན་ཞིང་། ཁོའི་ལོ་གཅིག་གི་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༧ ཟིན་གྱི་ཡོད། སྐུ་ཞབས་ཀོ་ལགས་འདས་ལོའི་ཕྱི་ཟླ་ ༡༢ ནང་རྟོག་ཞིབ་རོགས་སྐྱོར་གྱི་ཉེས་མིང་འོག་བཀག་བསྐྱིལ་བྱས་ཡོད་ནའང་། ཁོང་ལ་ནག་ཉེས་ཡོད་མེད་ཀྱི་གསལ་བཤད་ཅི་ཡང་མེད་པར། ཉིན་འགའ་ཞིག་རྗེས་སུ་ཁོ་ཚོང་གཉེར་ཁང་གི་ལོ་འཁོར་ཚོགས་འདུའི་སྟེང་ཐོན་རྒྱུ་བྱུང་།

 

གཅིག་བྱས་ན། སྲིད་གཞུང་གི་འཇིགས་སྐུལ་འོག་ཏུ་དེང་སྐབས་རྒྱ་ནག་ནང་འབྱུང་བཞིན་པའི་འཇིགས་སྐྲག་དེས་ཐ་ན་ཕྱི་མི་ཚོ་ལའང་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། ནུབ་གླིང་གི་གསར་འགོད་པ་ཙམ་མ་ཟད། གཞུང་འབྲེལ་མིན་པའི་སྐྱིད་སྡུག་ཚོགས་ཁག་གི་སྐུ་ཚབ་དང་དཔོན་རིགས་ཚོ་ཡང་འཇིགས་སྐྲག་གི་ཀློང་དུ་འཚོ་བཞིན་ཡོད།

 

“རྒྱལ་ཁབ་གཅིག ལམ་ལུགས་གཉིས” ཞེས་པའི་སྲིད་ཇུས་ལག་བསྟར་འོག ཧོང་ཀོང་གྲོང་ཁྱེར་གྱི་དཔོན་རིགས་ཚོ་དང་། རྩོམ་སྒྲིག་པ་དང་དཔར་འགྲེམ་བྱེད་མཁན་ཚོ་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་བྱོལ་དགོས་བྱུང་ཡོད།

 

ཕྱི་ལོ་ ༢༠༡༣ ལོར་དབྱིན་ཇིའི་མི་སེར་ཞིག་གིས་རྒྱ་ནག་གི་ཚོང་དོན་ཞིབ་འཇུག་ཁང་ (ChinaWhys) ལ་རྟོག་ཞིབ་བྱས་པའི་དོགས་གཞིའི་འོག ཁོ་ལ་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་པ་མ་ཟད། ལོ་དེར་ཁོའི་བཟའ་ཟླ་དང་ཁོའི་ཚོང་རོགས་ (ཁོ་རྒྱ་ནག་ནང་སྐྱེས་ཤིང་ཨ་རིའི་མི་སེར་ཞིག་ཡིན) གཉིས་ལའང་སྐྱོན་འཛུགས་གཅིག་མཚུངས་ཐོག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་པ་རེད། འདས་ལོའི་ཕྱི་ཟླ་ ༡༢ ནང་ཧྥ་རན་སིའི་གསར་འགོད་པ་ཞིག་གིས་རྒྱ་ནག་གི་དབང་འཛིན་པ་ཚོས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་སྐོར་གྱི་རྩོམ་ཡིག་ཅིག་བྲིས་རྐྱེན། ཁོང་མོ་རྒྱ་ནག་ནས་ཕྱིར་འཕུད་བཏང་བ་དང་། འདི་ལོའི་ཕྱི་ཟླ་ ༡ ནང་སི་ཝེ་ཌན་གྱི་གཞུང་འབྲེལ་མིན་པའི་ཚོགས་མི་ཞིག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིག་ཉེན་བསླངས་པའི་ཉེས་འཛུགས་འོག ཐོག་མར་བཀག་བསྐྱིལ་དང་རྗེས་སུ་ཕྱིར་འཕུད་བཏང་བ་རེད།

 

ཐོག་མར་རྒྱ་ནག་གཞུང་གིས་ནུབ་གླིང་གི་ཚོང་གཉེར་ཁང་ཆེ་ཁག་གི་འདོད་བློ་ཚིམས་པར་བྱས་ཀྱང་། དེང་སྐབས་ཁོ་ཚོ་རྒྱ་ནག་གི་ཞིབ་བཤེར་དང་རྒོལ་རྡུང་སྲིད་ཇུས་ལ་འཇིགས་སྣང་སྐྱེ་བཞིན་ཡོད། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་ནང་རྟེན་གཞི་བྱེད་པའི་དབྱིན་ཇིའི་སྨན་རྫས་ཐོན་སྐྱེད་ཁང་ (gsk) ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག ཨ་སྒོར་ས་ཡ་ ༥༠༠ ཉེས་ཆད་བཅད་པ་དང་། དེ་ནི་རྒྱ་ནག་ནང་ཉེས་ཆད་ཚད་མཐོ་ཤོས་དེ་ཆགས་ཡོད་པ་རེད། ན་ནིང་རྒྱ་ནག་ནང་ཨ་རིའི་བཅའ་དངོས་ཐོན་གཉེར་ཁང་ (Qualcomm) ལའང་རྒྱ་ནག་གི་ཚོང་ལས་སྒྲིག་འཛུགས་ལ་གཏོར་བཤིག་བཏང་བའི་ཉེས་འཛུགས་ཀྱིས་ཨ་སྒོར་དུང་ཕྱུར་གཅིག་ལྷག་གི་ཉེས་ཆད་བཅད་པ་རེད།

 

ཉེ་བའི་ཟླ་བ་ཁ་ཤས་སྔོན་ལ་ཧོང་ཀོང་གྲོང་ཁྱེར་གྱི་ (Mighty Current) དཔེ་ཁང་གི་ལས་མི་ལྔ་བོར་བརླག་བྱུང་བ་དང་། དཔེ་ཁང་དེས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོའི་ལོ་རྒྱུས་དཔེ་དེབ་མང་པོ་མཁོ་འགྲེམ་བྱེད་བཞིན་ཡོད་པ་རེད། རྒྱ་ནག་གཞུང་གིས་དཔེ་ཁང་དེའི་ལས་མི་གཉིས་ཕྱིའི་རྒྱལ་ཁབ་ནས་ཕྱིར་རྒྱ་ནག་ནང་བཙན་ཁྲིད་བྱས་ཡོད་པ་དང་། སི་ཝེ་ཌན་གྱི་མི་སིར་ཡིན་པའི་ལས་མི་དེ་ལ་བཙན་དབང་གིས་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཁག་ནང་ཁོ་རང་འགུལ་གྱིས་ཐའེ་ལན་ནས་ཕྱིར་རྒྱ་ནག་ནང་ལོག་ཡོང་བ་དང་ཁོང་ལ་གཞན་གྱི་རོགས་རམ་དགོས་ཀྱི་མེད་ལུགས་བཤད་བཅུག་པ་རེད།

 

གོང་ཞུས་གནས་ཚུལ་འདི་དག་ལ་གཞིག་ན། ཕྱི་ལོ་ ༡༩༧༦ ལོར་རིག་གནས་གསར་བརྗེ་མཇུག་སྒྲིལ་ཡང་། དབང་སྒྱུར་སྲིད་ཇུས་ཀྱི་འཇིགས་དངངས་ད་དུང་ཡལ་མེད་པ་མངོན་གསལ་རེད། ཡིན་རུང་དེ་ལ་ཡ་མཚར་དགོས་དོན་གང་ཡང་མི་འདུག ཐ་ན་རྒྱ་ནག་གི་དཔལ་འབྱོར་དེང་རབས་ཅན་དུ་འཕེལ་བཞིན་ཡོད་ནའང་། རྒྱ་ནག་གི་ཆབ་སྲིད་ད་དུང་སྔོན་ཆད་ཀྱི་གཅིག་སྡུད་ལམ་ལུགས་ཀྱི་རྣམ་པ་ལས་འདའ་ཐུབ་མེད་དེ། རྒྱ་ནག་གིས་དེང་གི་ཁྲིམས་ཀྱི་དབང་བསྒྱུར་སྣང་མེད་བཏང་སྟེ། ག་ས་གང་དུ་གསང་བའི་མི་སྣ་དང་ཆེད་མངགས་མི་སྣ་ཚོ་རྒྱལ་ནང་བདེ་འཇགས་ཡོང་ཐབས་ཀྱི་ཡོ་བྱད་དུ་བསྒྱུར་ཅིང་། རྒྱལ་ནང་གི་གསར་ལམ་ཁག་བཀག་སྡོམ་དང་མི་སྒེར་གྱི་ཐོབ་ཐང་འགན་སྲུང་མ་ཐུབ་པའི་གནས་སྟངས་ཁྱབ་ཆེན་པོ་ཆགས་ཡོད།

 

རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་འཕོ་འགྱུར་རྩ་བ་ནས་བྱུང་ཐུབ་ཡོད་པ་མ་རེད། སྔོན་ཆད་ཀྱི་མའོ་ཙེ་ཏུང་གི་ཆབ་སྲིད་རིང་ལུགས་རང་སོར་ལྷག་ཅིང་། ཆེས་མཐོའི་དབང་འཛིན་པ་ཚོས་རྣམ་ཀུན་མའོ་ཙེ་ཏུང་གི་ཆབ་སྲིད་རིང་ལུགས་དེ་དེང་གི་དུས་འདིར་ཧ་ཅང་འཚམ་ཞིང་རན་པོར་མཐོང་གི་ཡོད།

 

གནས་སྟངས་འདིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནང་འཇིགས་སྐྲག་གི་དྲིལ་བརྡ་གཏོང་གིན་ཡོད་སྟབས། ནུབ་གླིང་གི་དབུ་ཁྲིད་ཚོས་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ཀྱི་འཇིགས་སྐྲག་ལ་བསྟུན་ཐབས་མི་བྱེད་པར། ཁོ་ཚོས་རྒྱ་ནག་གི་དབང་སྒྱུར་སྲིད་ཇུས་ལ་འགྱུར་བ་གཏོང་བའི་ཐབས་ཤེས་འདོན་འོས། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་འཕེལ་བཞིན་པ་དང་བརྟེན་ནས། ཨེ་ཤ་ཡ་དང་ནུབ་གླིང་རྒྱལ་ཁབ་ཁག་ཏུ་ཁྱབ་ཆེ་ཞིང་གཏིང་ཟབ་པའི་རྒྱ་ནག་གི་གཅིག་སྡུད་ལམ་ལུགས་ཀྱི་ཤན་ཤུགས་ཐེབས་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese