མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྡི་ལིར་འཐུང་ཆུ་བཅད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་རྒྱུད་ཧར་ཡ་ན་མངའ་སྡེའི་རྗ་ཊ་མི་རིགས་ཀྱིས་སྲིད་གཞུང་གི་ལས་གནས་དང་མཐོ་རིམ་སློབ་གསོའི་གོ་སྐབས་རྩོད་ལེན་ལས་འགུལ་སྤེལ་ཏེ། མངའ་སྡེ་དེའི་མུ་ནག་ཆུ་ཡུར་ལ་གཏོར་བཤིག་བཏང་ཡོད་སྟབས། ད་སྐབས་རྒྱལ་ས་ལྡི་ལིར་འཐུང་ཆའི་དཀའ་ངལ་འཕྲད་ཡོད་འདུག

21-1456027412-watercrisisརྒྱ་གར་བྱང་རྒྱུད་ཧར་ཡ་ན་མངའ་སྡེའི་ (Haryana State) ནང་འདས་པའི་བདུན་ཕྲག་གཅིག་རིང་རྗ་ཊ་མི་རིགས་ (Jat caste) སྟོང་ཕྲག་མང་པོས་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ཧར་ཡ་ན་མངའ་སྡེའི་མུ་ནག་ཆུ་ཡུར་ (Munak canal) ཆེན་མོར་གཏོར་བཤིག་བཟོས་ཡོད་སྟབས། ཧར་ཡ་ན་མངའ་སྡེའི་མི་མང་དང་རྒྱལ་ས་ལྡི་ལིའི་ཡུལ་མི་ཚོར་འཐུང་ཆུ་ཆད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱལ་ས་ལྡི་ལིའི་འཐུང་ཆུའི་བློན་ཆེན་ཀ་ཕེད་མེ་ཤཱ་ར་ (Kapil Mishra) ཡིས་ཁ་སང་ཕྱི་ཚེས་ ༢༤ ཉིན་ནས་ལྡི་ལི་སྲིད་གཞུང་གིས་ཆུ་འདྲེན་རླངས་འཁོར་ ༧༦༠ ཆེད་གཏོང་གིས་ཧར་ཡ་ན་མངའ་སྡེ་དང་རྒྱལ་ས་ལྡི་ལིའི་ཡུལ་མི་ཚོར་འཐུང་ཆུ་མཁོ་འདྲེན་བྱེད་ཀྱི་ཡོད་པ་དང་། ཧ་ལམ་གཟའ་འཁོར་གཉིས་ལྷག་ནང་གཏོར་བཅོམ་བཏང་བའི་ཆུ་ཡུར་བསྐྱར་གསོ་ཐུབ་ཀྱི་ཡོད་སྐོར་བརྗོད་ཅིང་། ལྡི་ལི་སྲིད་གཞུང་གིས་རྗ་ཊ་མི་མང་གིས་བསླངས་པའི་ཟིང་འཁྲུག་དང་ཆུ་ཡུར་གཏོར་བའི་དཀའ་རྙོག་འོག ད་སྐབས་ཧར་ཡ་ན་མངའ་སྡེའི་ལས་ཁུངས་དང་ཚོང་ཁང་། སློབ་གྲྭ་སོགས་ཀྱི་སྒོ་རྒྱག་དགོས་བྱུང་ཡོད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། ཐེངས་འདིའི་རིགས་རུས་འཐེན་འཁྱེར་གྱི་འཁྲུག་རྩོད་ཁྲོད་དུ་རྗ་ཊ་མི་རིགས་སྟོང་ཕྲག་མང་པོས་ཧར་ཡ་ན་མངའི་སྡེའི་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་སོགས་འགྲུམ་འགྲིལ་ས་ཚིགས་དང་གཞུང་ལམ་ཆེ་ཁག་བཀག་སྟེ། སྲང་ལམ་གྱི་ཐོག་རྩེག་ཁང་དང་ཚོང་ཁང་སོགས་མེར་བསྲེགས་དང་གཏོར་བཅོམ་བཏང་བ་མ་ཟད། ཧར་ཡ་ན་མངའ་སྡེའི་མུ་ནག་ཆུ་ཡུར་ཆེན་མོར་གཏོར་བཤིག་ཚབས་ཆེན་བཟོས་ཡོད་སྟབས། ད་སྐབས་ཧར་ཡ་ན་མངའ་སྡེའི་མི་མང་ཙམ་མ་ཟད། རྒྱལ་ས་ལྡི་ལིའི་མི་མང་འཐུང་ཆུ་ཆད་པའི་དཀའ་ངལ་ལ་འཕྲད་ཡོད་པ་དང་། མུ་ནག་ཆུ་ཡུར་ལས་རྒྱལ་ས་ལྡི་ལིའི་འཐུང་ཆུ་བརྒྱ་ཆ་ ༥༥ མཁོ་འདྲེན་བྱེད་ཀྱི་ཡོད་འདུག

རྒྱ་གར་བྱང་རྒྱུད་མངའ་སྡེ་ཧར་ཡ་ནའི་ནང་མི་འབོར་ས་ཡ་ ༢༥ ཙམ་ཡོད་པའི་གྲས་སུ་རྗ་ཊ་མི་རིགས་བརྒྱ་ཆ་ ༢༧ ཟིན་གྱི་ཡོད་པ་དང་། མངའ་སྡེ་དེའི་རྗ་ཊ་མི་རིགས་མང་ཆེ་བ་ཆབ་སྲིད་ཚོགས་ཁག་ཅིག་ལས་གྲུབ་ཅིང་། མངའ་སྡེའི་གྲོས་ཚོགས་ཀྱི་སྲིད་སྟེགས་སུམ་ཆ་གཅིག་ཟིན་ཡོད་འདུག

སྤྱིར་རྒྱ་གར་བྱང་རྒྱུད་ཧར་ཡ་ན་མངའ་སྡེའི་རྗ་ཊ་མི་རིགས་ཀྱི་དཔལ་འབྱོར་གནས་བབ་ལེགས་པོ་ཡོད་ནའང་། གཞུང་འབྲེལ་གྱི་ཐད་ནས་རྗེས་ལུས་གྲལ་རིམ་ཆགས་ཀྱི་ཡོད་སྟབས། རྗ་ཊ་མི་རིགས་ཀྱིས་སྲིད་གཞུང་གི་ལས་གནས་དང་མཐོ་རིམ་སློབ་གསོའི་གོ་སྐབས་རྩོད་ལེན་བྱེད་ཀྱི་ཡོད་པ་དང་། དུས་ཡུན་རིང་པོའི་རྩོད་རྙོག་འདི་ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་དབུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ངོས་ལེན་དང་ཐག་གཅོད་བྱས་མེད་པ་ཞིག་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese