མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་མཆོག་ལ་ང་ཚོས་རྒྱབ་སྐྱོར་ཞུ་དོན་འདི་ཡིན།

བོད་ཀྱི་དུས་བབ།
༢༠༡༦/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

 

བཙན་བྱོལ་བོད་མིའི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་དངོས་གཞི་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ཏེ། འཛམ་གླིང་གི་ཕྱོགས་མཐའ་གང་སར་འཐོར་བའི་བཙན་བྱོལ་བོད་མི་རྣམས་ཀྱིས་དྲ་རྒྱ་དང་སྤྱི་ཚོགས་འཕྲིན་ཁག་ཏུ་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་དང་། ལྷག་པར་དུ་སྲིད་སྐྱོང་འོས་མི་གཉིས་དང་འབྲེལ་བའི་གནས་ཚུལ་འདྲ་མིན་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་ཁང་གིས་ཁོང་རྣམ་གཉིས་ཀྱི་རྒྱབ་སྐྱོར་ཚོགས་པའི་འཐུས་ཚབ་མི་སྣ་རེར་དྲི་བ་གསུམ་རེ་བཏང་ཡོད།

 

Gyephelབཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་དམིགས་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་ཚོགས་པའི་འཐུས་ཚབ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་སྡོད་བསོད་ནམས་རྒྱས་འཕེལ་ལགས་སུ། བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་གནང་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཆོལ་ཁའི་འཐེན་འཁྱེར་མེད་པའི་ཐོག་ནས་བོད་མི་ཡག་ཤོས་ཤིག་སྲིད་སྐྱོང་གི་ཁྲི་ལ་འཁོད་དགོས་པ་དེ་བོད་མི་རེ་རེའི་འོས་འགན་འདྲ་པོ་ཞིག་ཆགས་བསྡད་ཡོད་པ་རེད། ང་རང་འདྲ་པོ་ཡིན་ན། ནམ་རྒྱུན་བོད་ཀྱི་སྐད་དང་ཡི་གེ་རིག་གཞུང་བཅས་པར་དོ་སྣང་སེམས་ཁུར་བྱེད་མཁན་ཞིག་ཡིན་ལ། ལྷག་པར་དུ་ད་ལྟའི་སྲིད་སྐྱོང་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་ ༡༤ པས་ཕྱག་ལས་གནང་ཕྱོགས་དང་། གྲོས་ཚོགས་ཀྱི་ལས་རིམ་སོགས་ཚང་མར་ནམ་རྒྱུན་དོ་སྣང་བྱེད་མཁན་ཞིག་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་གི་འོས་མི་སྲིད་སྐྱོང་ལས་ཐོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ངས་རྒྱབ་སྐྱོར་ཞུས་པའི་རྒྱུ་མཚན་གཅིག་ནི། ང་རང་གིས་ནམ་རྒྱུན་ཡར་མར་དོ་སྣང་དང་བརྟག་དཔྱད་བྱས་པ་བརྒྱུད། མི་གཞན་གྱི་བརྒྱུད་སྐུལ་བྱས་པ་སོགས་མིན་པའི་ཐོག་ནས་སོ་སོས་སེམས་ཐག་བཅད་ནས་ཁོང་ལ་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ཡིན།

 

ཁོང་ལ་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ཞུས་པ་ཡིན་ན། ང་ཚོའི་ད་ལྟའི་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༡༡ ལོར་བཀའ་བློན་ཁྲི་པའི་དམ་འབུལ་སྐབས་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ལྟ་གྲུབ་གསུམ་གསུངས་ཡོད་པ་དང་། ལྟ་གྲུབ་དེ་གསུམ་གྱི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འདས་པའི་ལོ་ལྔ་མ་ཟིན་ཙམ་གྱི་རིང་ཕྱག་ལས་ཧང་སང་བ་ཡག་པོ་གནང་ཡོད་པ་ཞིག་ལ་ང་རང་གིས་ག་དུས་ཡིན་ནའང་ངོས་འཛིན་ཞུས་པའི་ཐོག་དངོས་གནས་དྲང་གནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།

 

ད་ལྟའི་སྲིད་སྐྱོང་འོས་བསྡུའི་ནང་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ཕེབས་ཡོང་པ་དང་། ང་རང་ཡིན་ན་ཁོང་རྣམ་གཉིས་ཀྱིས་ཕྱག་ལས་ག་རེ་གནང་གི་ཡོད་པ་ཡིན་ནའང་ག་དུས་ཡིན་ཡང་ཆེ་མཐོང་དང་གུས་བརྩི། དངོས་གནས་རྗེས་སུ་ཡི་རང་ཞུ་མཁན་ཞིག་ཡིན། ད་ལྟ་ང་ཚོས་ཁོང་གཉིས་ཀྱི་ནང་ནས་མི་གཅིག་འདེམ་དགོས་ཀྱི་ཡོད་དུས་དེ་ལ་དཀའ་ངལ་འདུག གང་ཡིན་ཟེར་ན། ཁོང་རྣམ་པ་གཉིས་ཀ་ཧང་སང་བའི་ང་རང་ཚོའི་སྤྱི་ཚོགས་ནང་ཕྱག་ལས་ཡག་པོ་གནང་མཁན་དང་མི་སྣ་གལ་ཆེན་པོ་ཞིག་ཡིན་པ་བཤད་མི་དགོས་པ་རེད། ཡིན་ནའང་། ཁོང་གཉིས་ལས་གཅིག་གདམ་དགོས་ཀྱི་ཡོད་དུས། སོ་སོའི་ངོས་ནས་སྲིད་སྐྱོང་མཆོག་གི་ལོ་བཞི་དང་ཕྱེད་ལྷག་ལ་ཕྱག་ལས་གནང་ཕྱོགས་སོགས་ལ་གང་ལ་གང་འཚམ་གྱིས་དཔྱད་པ་བྱེད་ཡོང་དུས། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་བྱེད་པར་བརྒྱ་ཆ་འདྲ་པོ་མང་བ་མཐོང་གི་འདུག་སྟབས། སོ་སོའི་ངོས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཅེས་བརྗོད་བྱུང་།

 

ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་དྲིས་པར་ཁོང་གིས། ང་རང་གི་ངོས་ནས་ད་ལྟའི་གནས་སྐབས་ལ་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་འགྲིག་གི་མི་འདུག་ཟེར་ནས་དམིགས་བསལ་རྩ་བ་ཉིད་ནས་ཞུ་རྒྱུ་མེད། གོང་དུ་ཞུས་པ་ལྟར་རྣམ་པ་གཉིས་ཀར་ཧང་སང་བའི་གུས་བཀུར་དང་ཆེ་མཐོང་ཡོད། ཡིན་ནའང་། ཁོང་གཉིས་ལས་གཅིག་མ་གཏོགས་གདམ་རྒྱུ་མེད་དུས་ཧ་ཅང་གདམ་ཁག་པོ་འདྲ་པོ་ཆགས་འདུག འོན་ཀྱང་། སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ནས་དཔྱད་ཞིབ་བྱེད་ཡོང་དུས། ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ནས་ལོ་ལྔ་མ་ཟིན་ཙམ་གྱི་རིང་ཕྱག་ལས་ཧང་སང་བ་ཡག་པོ་གནང་བཞིན་ཡོད་ཚང་། ཕྱི་ལོ་ ༢༠༡༦ ནས་ ༢༠༢༡ བར་གྱི་སྲིད་སྐྱོང་ལ་ཁོང་རང་འོས་པ་ཞིག་མཐོང་སོང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཆ་བཞག་པ་ཡིན་ནའང་མ་འོས་པ་དེ་འདྲ་རྩ་བ་ཉིད་ནས་མཐོང་གི་མེད། ཅེས་བརྗོད་བྱུང་།

 

སྤྱི་ཚོགས་ནང་སྲིད་སྐྱོང་འོས་དམིཊ་བློ་བཟང་སེང་གེ་མཆོག་དོལ་རྒྱལ་གྱི་ཐོག་ལ་བཞེངས་ཕྱོགས་གསལ་པོ་དང་བརྟན་པོ་མེད་པ་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནང་ཡོད་པའི་༧གོང་ས་མཆོག་གི་སྐུ་པར་གྱི་ཚབ་ཏུ་སྲིད་སྐྱོང་མཆོག་གི་སྐུ་པར་བཞག་ཡོད་ལུགས་དང་། ཨ་རིའི་ནང་ཉོས་པའི་སྒེར་གྱི་ཁང་པའི་སྐོར་སོགས་ལ་ལབ་གླེང་མང་པོ་ཡོང་གི་ཡོད་པའི་ཐད་ཁྱེད་རང་ཚོས་ངོས་འཛིན་ག་འདྲ་གནང་གི་ཡོད་དམ་ཅེས་དྲིས་པར། ང་རང་གི་མཐོང་སྣང་ཞུས་པ་ཡིན་ན། དཔལ་ལྡན་སྲིད་སྐྱོང་མཆོག་དང་འཛིན་སྐྱོང་བཀའ་ཤག་གི་ཕྱོགས་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་ག་རེ་གསལ་བཤད་གནང་དགོས་པ་དེ་ཚོ་གནང་སོང་ལ། ལྷག་པར་དུ་དོལ་རྒྱལ་རྗེས་འབྲང་པ་ཚོ་ངོས་འཛིན་པའི་ཆེད་དུ་མི་རེ་རེ་བྱས་ནས་མིང་དང་པར། ལོ་བཅས་ངོ་སྤྲོད་ཚང་མ་དྲ་རྒྱའི་ཐོག་ལ་བཞག་གནང་སོང་། མ་ཚད་སྤྱིར་བཏང་ང་རང་ཚོ་བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་ང་ཚོས་དབྱེ་བ་དབྱེ་འབྱེད་ཀྱིས་ཟེར་ནས་ག་དུས་ཡིན་ནའང་བཀའ་གནང་གི་ཡོད་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་ནས་དམིགས་སུ་བཀར་ནས་བོད་མི་ཚང་མ་གཅིག་པ་ཡིན་པ་དང་། ཁོང་ཚོར་ཡིན་ནའང་ལྟ་སྟངས་ལོགས་ཀ་ཞིག་བཟུང་ན་འགྲིག་གི་མེད་པ་དེ་ག་དུས་ཡིན་ནའང་གསལ་བཤད་གནང་དང་གནང་བཞིན་པ་རེད། གང་ལྟར་སྲིད་སྐྱོང་མཆོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་ཨ་རིའི་མིན་ནི་སོ་ཊར་ཡིན་ན་རེད། ཧྥ་རན་སི་དང་འཇར་མན་གྱི་ནང་ཡིན་ནའང་རེད། དེ་བཞིན་དྷ་ས་བོད་ཁྱིམ་དུ་སློབ་ཕྲུག་ཚོར་དོལ་རྒྱལ་དང་འབྲེལ་བའི་བཀའ་སློབ་གནང་ཡོད་པ་དང་། གྲོས་ཚོགས་ནང་བཀའ་སློབ་གནང་བ་སོགས་མཛད་རིམ་མང་པོ་ཞིག་གི་ནང་དོལ་རྒྱལ་གྱི་རྗེས་འབྲང་པ་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་བཀའ་སློབ་རིམ་པར་གནང་ཡོད་པ་རེད།

 

དེ་ནས་སྐུ་པར་སྒྲིག་གཤོམ་གྱི་ཐོག་ནས་ཞུས་པ་ཡིན་ན། ང་ཚོའི་གྲོས་ཚོགས་ནང་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སྐུ་པར་སྐོར་གྱི་གྲོས་འཆར་དེ་བསྣམས་ཕེབས་པ་རེད། སྐབས་དེ་དུས་ཀྱི་གྲོས་ཚོགས་ཆ་ཚང་ལ་ངས་བལྟས་པ་ཡིན། ངའི་སེམས་ཚོར་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དོན་གཅོད་ཁང་གི་ཕྱག་ལས་གནང་མཁན་ཚོས་ནོར་འདུག་བསམ་པ་ཞིག་རྩ་བ་ཉིད་ནས་དྲན་མ་སོང་། གང་ལྟར་གནས་ཚུལ་དེ་ང་ཚོའི་སྤྱི་ཚོགས་ནང་འོས་བསྡུ་དང་འབྲེལ་བའི་ཐོག་ནས་ཡར་བསླངས་ཡོང་དུས། ཁ་ཤས་ཤིག་གིས་རྐང་བཙུགས་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སྐྱོན་འཛུགས་ཀྱི་གཞིར་བཟོས་བསྡད་པ་ཞིག་ཆགས་འདུག དངོས་གནས་བྱས་ན་དེ་གྲོས་ཚོགས་ནང་གསལ་པོ་གསལ་རྐྱང་ཆགས་ཚར་བ་རེད་ལ། གྲོས་ཚོགས་ཀྱི་ལས་རིམ་ཆ་ཚང་དྲ་ཐོག་ཏུ་གཟིགས་རྒྱུ་ཡོད་པ་རེད། དངོས་གནས་བྱས་ན་དོན་གཅོད་ནང་ཡོད་བཞིན་པའི་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མར་ཕབ་ནས་སྲིད་སྐྱོང་མཆོག་གི་སྐུ་པར་ཡར་བཞག་པ་ཞིག་རྩ་བ་ཉིད་ནས་མ་རེད། ཝ་ཤིན་ཊོན་ཌི་སི་ནང་ཡོད་པའི་དོན་གཅོད་ཀྱི་ཁང་པ་གསར་པའི་ནང་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་དང་པོ་ཁོ་རང་རྩ་ཆེན་པོར་བརྩིས་ནས་དོན་གཅོད་ཀྱི་ལས་ཁུངས་ཨ་མའི་ནང་དུ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཆ་ཚང་བར་སྐུ་པར་ཡར་མར་སྒྲིག་གཤོམ་གནང་ཚར་རྗེས། དོན་གཅོད་ནང་ཁང་པ་མང་པོ་ཡོད་དུས་སྲིད་སྐྱོང་གི་ཆབ་སྲིད་ཀྱི་སྡིངས་ཆ་ལ་སྲིད་སྐྱོང་གི་སྐུ་པར་བཞག་པ་ཞིག་ཆགས་ཀྱི་འདུག ང་རང་ཚོས་གྲོས་ཚོགས་ཀྱི་ལས་རིམ་མང་པོ་ཞིག་ལ་ཉན་ཡོང་དུས་དེ་འདྲ་ཞིག་ཆགས་ཀྱི་འདུག གང་ལྟར་ང་རང་ཚོའི་སྤྱི་ཚོགས་ནང་གནས་ཚུལ་དེ་གསལ་པོ་ཆགས་ན་ཆགས་ཚོད་ཅིག་ཡིན། ཚིག་སྡུག་ཅག་བེད་སྤྱོད་བྱེད་མ་དགོས་པའི་ཐོག་ནས་ཞུས་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ནང་ཁ་ཤས་ཤིག་གིས་གཞི་མེད་སྐྱོན་བརྗོད་སོགས་བྱེད་ཀྱི་འདུག དེ་ཚོའི་ཐོག་ལ་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་དང་གསར་ལམ་ཁག་ལ་གསལ་བཤད་མང་པོ་གནང་སོང་། ང་རང་འདྲ་པོ་ཡིན་ན། ད་ལྟ་གསལ་པོ་ཆགས་པ་དེ་འདྲ་མིན། སྔོན་མ་གྲོས་ཚོགས་ནང་གསལ་བཤད་གནང་དུས་ནས་གསལ་པོ་ཆགས་ཚར་སོང་།

 

ཁང་པའི་སྐོར་ལ་ཡིན་ན་ངས་དམིགས་བསལ་ཞུ་དགོས་པ་མ་རེད། ཨ་རིའི་ནང་ལྟ་བུར་ཆ་བཞག་ན། ཕྲུ་གུར་ལྟ་མཁན་དང་ཁང་པ་གཙང་མ་བཟོ་མཁན། ཟ་ཁང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་ལོ་ལྔ་དྲུག་བདུན་བརྒྱད་ལ་ལས་ཀ་བྱས་པ་ཡིན་ན། ཨ་སྒོར་འབུམ་གསུམ་བཞི་ལྔ་ཡིས་ཁང་པ་ཞིག་ཉོ་ཐུབ་ཀྱི་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད། དེར་བརྟེན་ད་ལྟའི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་བཟའ་ཚང་གཉིས་ཀྱིས་ཧ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་དུ་ལོ་ ༡༦ ཙམ་གྱི་རིང་དཀའ་ལས་སྐུ་ངལ་བསྐྱོན་ཏེ། ཨ་སྒོར་འབུམ་ ༣ ལྷག་གི་ཁང་པ་ཞིག་ཉོ་མ་ཐུབ་པ་ཡོད་པ་མ་རེད། ཉོ་ཐུབ་པ་དེ་ཚང་མས་ཧ་གོ་ཡི་ཡོད་པ་རེད། ཡིན་ནའང་། ང་རང་ཚོའི་སྤྱི་ཚོགས་ནང་ཕྱི་རྒྱལ་མི་རིགས་ཤིག་གི་སྐད་ཆ་དེ་ཡར་བསླངས་ནས་སྤྱི་ཚོགས་དྲ་རྒྱ་སོགས་ཡར་མར་མང་པོ་ཞིག་ཏུ་སྐད་ཆ་དེ་གླེང་ཡོང་དུས། ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་བརྡབ་གསིག་ཐེབས་བསྡད་ཡོད་པ་རེད། ཡིན་ནའང་། གནས་ཚུལ་དེ་གསལ་པོ་ཆགས་དགོས་པའི་རྒྱུ་མཚན་ག་རེ་ཆགས་ཀྱི་འདུག་ཞུས་པ་ཡིན་ན། ད་ལྟའི་གནས་སྐབས་ལ་གསལ་པོ་ཆགས་དགོས་ན་ཆགས་དགོས་ཚོད་ཅིག་ཡིན་བསམ་བསམ་ཞིག་དྲན་གྱི་འདུག གང་ཡིན་ཟེར་ན། དཔལ་ལྡན་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ནང་ཐེངས་གཉིས་ཙམ་ལ་གསལ་བཤད་ཧ་ཅང་གསལ་པོ་གནང་ཚར་སོང་། འོན་ཀྱང་། ང་རང་ཚོའི་སྤྱི་ཚོགས་ནང་མི་ཁ་ཤས་ཀྱིས་མགོ་ཚོས་ནའང་མ་ཚོས་མདོག་མདོག་བྱས་ཏེ་སྐྱོན་བརྗོད་ཞུ་བཞིན་འདུག་སྟབས། དེ་ཚོར་ག་དུས་ཡིན་ནའང་ཐུགས་གཟབ་གནང་རོགས་གནང་ཟེར་ནས་འབོད་སྐུལ་ཞུ་བ་ཡིན། ཞེས་བརྗོད་བྱུང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 7

  1. བློ་བཟང་།། says:
    ལོ་ 9 སྔོན།

    སྐད་ཆ་དེ་དྲང་མོ་མ་རེད།། བཙན་བྱོལ་དུ་ནས་ལོ་ངོ་ག་ཚོད་འགྲོ་ཚར་འདུག། འདས་བའི་ལོ་རྒྱུས་ནང་དུ་བཀའ་ཁྲི་མཁས་བ་བསམ་གདོང་རིན་པོ་ཆེ་སོགས་མི་སྣ་མང་པོ་བསྡད་ཡོད་པ་རེད།། དེ་ཚོ་ལ་དེ་འདྲའི་ལོ་རྒྱུས་ཡོད་པ་མ་རེད།། འདས་སོང་བཙན་བྱོལ་བོད་མི་སྤྱི་ཡོངས་ནས་རང་གི་ལས་དོན་གང་བྱུང་ཚང་མ་༧གོང་ས་མཆོག་ཉག་གཅིག་གིས་བཀའ་ཡིན་པར་བསམ་ནས་བསྡད་ཡོད་པ་མ་ཟད་གོང་ས་མཛད་འཕྲིན་རྒྱས་ཆེད་ཉིན་མཚན་ལྟོས་མེད་ཞབས་རིམ་ཡང་མང་པོ་བསྒྲུབ་དང་སྒྲུབ་བཞིན་པ་རེད།། མ་ཟད་གཙོ་གལ་ཆེ་ཤོས་དེ་གོང་ས་མཆོག་གི་སྐུ་པར་ཚོགས་ཁང་ནང་བཤམས་པའི་རྒྱུ་མཚན་ག་རེ་ཡིན་དེ་བཀའ་ཁྲི་མཆོག་ནས་མ་ཤེས་བ་ཡིན་ནམ་ཡང་ན་ཤེས་ནས་འཕྱ་གསོད་བྱས་བ་ཡིན་ནམ།། ཚོགས་ཁང་དང་གྲོས་ཚོགས་ནང་རྒྱལ་བའི་སྐུ་བཤམས་པ་དེའི་དགོས་དོན་ག་རེ་རེད།། ཡང་བློ་བཟང་སེང་གེ་པར་ཅིག་གྲོས་ཚོགས་ནང་དུ་བཤམས་ན་དགོས་མཚན་ག་རེ་ཡོད་པ་རེད།། ང་ཚོ་གོང་ས་རྒྱལ་བ་རིན་པོ་ཆེ་དགོངས་གཞི་དབུ་མའི་ལམ་དང་༧གོང་ས་མཆོག་གི་ལམ་སྟོན་འོག་ལས་གཞི་ཚང་མ་འགྲོ་བསྡད་ཡོད་པས་་༧སྤྱི་ནོར་གོང་ས་རྒྱལ་པ་རིན་པོ་མཆོག་གི་སྐུ་པར་བཤམས་གི་ཡོད་པ་རེད།། དཔེར་ན་ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་ཡིན་པས་༧ལྷ་མིའི་རྣམ་འདྲེན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐང་ཅིག་བཤམས་གི་ཡོད་པ་རེད།། དེ་ག་རེ་མཚོན་བྱེད་ཡིན་པ་གལ་གནད་གཙོ་བོ་དེ་བཞག་ནས་དོན་མེད་བློ་བཟང་སེང་གེ་པར་དེས་མཚོན་དོན་ག་རེད་དམ།། གྲོས་ཚོགས་ཀྱི་ལམ་སྟོན་ཆེད་ཡིན་ནམ་ག་རེ་ཡིན་ནམ།། གྲོས་ཚོགས་ནང་སྐུ་པར་བཤམས་པ་དེ་སྒྱུ་རྩལ་ཅིག་མ་རེད།། འགྲེེམས་སྟོན་ཅིག་དེ་ལས་ཀྱང་ག་ལ་ཡིན།། བཀའ་ཁྲི་མཆོག་ནས་གྲོས་ཚོགས་ནང་དུ་༧རྒྱལ་བའི་སྐུ་པར་མར་བླངས་ན་ཡང་འདྲ་་ཡར་བཞག་ཡང་འདྲ་རད་གི་པར་ཅིག་བཤམས་པ་དེ་ལ་འགྲེལ་བཤད་ཅིག་གྲོས་ཚོགས་ལ་གནང་དགོས་བ་མ་ཟད་མི་དམངས་ལ་ཡང་གནང་དགོས་ངེས་རེད།།།

    Reply
  2. dorba says:
    ལོ་ 9 སྔོན།

    སྤྱིར་ན་ལྟ་བ་མི་མཐུན་པ་དང་བསམ་ཚུལ་མི་མཐུན་པ་སྤྱི་ཚོགས་སྟེང་ཡོད་དགོས་པ་ཞིག་རེད།
    དེས་མང་གཙོའི་ནུས་སྟོབས་གོང་འཕེལ་དུ་གཏོང་ཐུབ།
    འོན་ཀྱང་།
    ལོ་འདེ་དག་རང་ལ་བློ་སེང་གིས་དམངས་ལ་ཕན་ཐོག་བྱ་བ་ཆེན་པོ་ཅི་ཡང་མེད།
    དེ་མིན་ཉིན་འདི་དག་ལ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རོ་ཐོག་ནས་བྲོ་འཁྲབ་རྟ་རྒྱུག
    ཁོ་རང་༢༠༡༦སྲིད་སྐྱོང་འདེམས་ཚེ་བོད་མི་ལ་མདུན་ལམ་མེད། མ་འོངས་པ་མེད།
    རྣམས་པ་ཚོ།

    Reply
  3. བརྩོན་རྒྱམ། says:
    ལོ་ 9 སྔོན།

    དང་པོ་ནས་རྩ་དོན་གསུམ་གྱིས་ཐོག་ཕྱག་ལས་ཡག་པོ་གནང་ཡོད་པ་དང་དེ་ལམ་འགྲོ་ཡག་པོ་བྱུང་ཡོད་སྐོར་གསུང་བ་ཙམ་གྱིས་ཁྱེད་རང་མི་དྲང་བདེན་པ་ཞིག་དང་དཔྱད་བརྗོད་སྤེལ་ཐུབ་མཁན་ཞིག་གི་གནས་ཚད་ཡོད་མེད་གསལ་བོ་རེད་ད་གོང་ནས་བརྒྱ་བཤད་སྟོང་བཤད་ན་སྟོང་པ་ཆགས་སོང་ཟིག་དགོངས་དག་རྩ་དོན་གསུམ་གྱི་ཐོག་ཕྱག་ལས་གནང་པ་ཡིན་འོན་ཀྱང་གྲུབ་གང་ཙམ་ཐོན་ཡོད་གསུང་གི་འདུག་སྲིད་སྐྱོང་ལས་ཐོག་པས་ཁྱེད་རང་གིས་དེའི་ཡན་བརྗོད་རུང་སྟོང་པ་རེད་བསོད་ནམས་རྒྱས་འཕེལ་ལགས།

    Reply
  4. བཀྲ་ཤིས says:
    ལོ་ 9 སྔོན།

    ཁང་པའི་སྐོར་ལ་ཡིན་ན་ངས་དམིགས་བསལ་ཞུ་དགོས་པ་མ་རེད། ཨ་རིའི་ནང་ལྟ་བུར་ཆ་བཞག་ན། ཕྲུ་གུར་ལྟ་མཁན་དང་ཁང་པ་གཙང་མ་བཟོ་མཁན། ཟ་ཁང་དུ་ལས་ཀ་བྱེད་མཁན་ཞིག་ཡིན་ནའང་ལོ་ལྔ་དྲུག་བདུན་བརྒྱད་ལ་ལས་ཀ་བྱས་པ་ཡིན་ན། ཨ་སྒོར་འབུམ་གསུམ་བཞི་ལྔ་ཡིས་ཁང་པ་ཞིག་ཉོ་ཐུབ་ཀྱི་ཡོད་པ་དེ་ཚང་མས་མཁྱེན་གསལ་རེད།

    གོང་གི་་སྐད་ཆ་འདི་བདེན་པ་མ་རེད།
    ཨ་རི་ནང་ཁང་པ་ཉོ་མཁན་མང་ཆེ་བས་ལོ་ངོ་30་རྗེས་ལ་གཞི་ནས་་བུ་ལོན་གཙང་འཇལ་གྲུབ་ཡི་ཡོད།
    བློ་བཟང་སེང་གེ་སྲིད་ཁྲིར་མ་བཞེངས་སྔོན་ཏག་ཏག་དངུལ་འབོར་ཆེན་པོ་དེ་འདྲ་ག་ནས་རེག་པ་ཡིན་ནམ་དོགས་པ་ཆེན་པོ་འདུག དེ་མིན། ཁོང་ཉིད་སྲིད་ཁྲིར་མ་སླེབས་ཉིས་སྟོང་བཅུ་གཅིག་ཡ་སྔོན་ལོ་བཅུའི་རིང་གི་ལོ་རེའི་ནང་མིའི་ཡོང་བབས་མཚོན་བྱེད W-2 འམ་ US Tax Returns མིག་སྟོན་གནང་ན་གཞི་ནས་གསལ་པོ་ཆགས་ཀྱི་རེད།

    Reply
  5. རྣམ་གྲོལ། says:
    ལོ་ 9 སྔོན།

    བསོད་ནམས་ཡར་འཕེལ་ལགས་ནས་དགོངས་ཚུལ་དྲང་པོ་གསུང་ཤག ཡག་པོ་རེད། སོ་སོའི་ཆོལ་ཁ་དང་ལུང་ཚན་སོགས་ལའང་བསྟུན་ཤེས་བྱེད་དགོས་པ་དེ་གལ་ཆེ་པོ་རེད་བསམ་སོང་། མི་སུ་ཡིན་ནའང་གལ་འགངས་ཆེན་པོར་ཐུག་དུས་སོ་སོའི་ཆོལ་ཆ་དང་ལུང་ཚན་སྤུན་ཉེ་སོགས་ལས་རེ་བ་རྒྱབ་ས་ཐག་རིང་པོ་ན་ཡོད་པ་མ་རེད།

    Reply
  6. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 9 སྔོན།

    ལས་ཐོག་སྲིད་སྐྱོང་མཆོག་གི་རྩ་དོན་གསུམ་སྲིད་འཛིན་ཨོ་བྷ་མའི་ཨོ་བྷ་མའི་སྨན་བཅོས་ལྟ་སྐྱོང་ལྟར་ཁ་ཆགས་སྣ་རུལ་ཆགས་པ་རེད།
    སྲིད་སྐྱོང་མཆོག་གི་སྐབས་༧གོང་ས་མཆོག་ལ་དོལ་རྒྱལ་གྱིས་མངོན་གསལ་དོད་པས་ངོ་རྒོལ་སྐད་འབོད་ཤུགས་ཆགས་པ་རེད། སྲིད་འཛིན་ཨོ་བྷ་མའི་སྐབས། དཀྱིལ་ཤར་ཨེ་ཤའི་ནང་དུ་འཇིགས་སྐུལ་དྲག་སྤྱོད་པས་་ཁ་ཆེ་རྒྱལ་ཁབ་ཟེར་བའི་འོག་འཇིགས་སྐུལ་པ་མང་དུ་ཆགས་ཏེ་འཛམ་གླིང་གི་ཞི་བདེ་ཉེན་ཁ་ཅན་དུ་གྱུར་ཡོད།

    ད་མང་པོ་ཞེ་དྲག་ཡོད་ཀྱང་དུས་ཁོམ་མེད།

    Reply
  7. ལྷ་སྒང་ཆོས་གྲགས། says:
    ལོ་ 9 སྔོན།

    ”ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བཅས་ལྟ་གྲུབ་གསུམ་གསུངས་ཡོད་པ་དང་། ལྟ་གྲུབ་དེ་གསུམ་གྱི་ཐོག་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འདས་པའི་ལོ་ལྔ་མ་ཟིན་ཙམ་གྱི་རིང་ཕྱག་ལས་ཧང་སང་བ་ཡག་པོ་གནང་ཡོད་པ་ཞིག་ལ་ང་རང་གིས་ག་དུས་ཡིན་ནའང་ངོས་འཛིན་ཞུས་པའི་ཐོག་དངོས་གནས་དྲང་གནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།” ཟེར། ང་ཡང་ཁོང་གིས་ཕྱག་ལས་གནང་ཕྱོགས་ལ་ཧང་སང་ཧོན་ཐོར་ནས་བསྡད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese