མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་པོར་གློག་དྲ་མཉམ་འབྲེལ་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་བོད་ནས་བལ་པོ་དང་རྒྱ་གར། འབྲུག་བཅས་ཀྱི་ས་མཚམས་བར་ལྕགས་ལམ་བཟོ་རྒྱུ་དང་བལ་པོར་གློག་དྲ་མཉམ་འབྲེལ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

p010x67yདེ་རིང་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དང་བལ་པོའི་གློག་གི་དྲ་བ་མཉམ་འབྲེལ་བྱ་རྒྱུ་ཡིན་པ་དང་། གློག་དྲ་མཉམ་འབྲེལ་གྱི་ལས་གཞི་དེ་མ་འོངས་པར་ལྷོ་ཨེ་ཤ་ཡའི་གློག་དྲ་དང་མཐུད་པའི་གལ་ཆེའི་འབྲེལ་ཟམ་ཞིག་ཏུ་ཆགས་རྒྱུ་ཡིན་ལུགས་དང་། ཕྱི་ལོ་ ༢༠༢༠ ལོར་གཞིས་རྩེ་ནས་རྒྱ་གར་དང་འབྲུག་ཡུལ་གྱི་མཐའ་མཚམས་བར་དང་། གཞིས་རྩེ་ནས་བལ་པོའི་མཐའ་མཚམས་སུ་བསྐྱོད་པའི་ལྕགས་ལམ་བཟོ་རྒྱུ་དང་། ཨ་སྒོར་དུང་ཕྱུར་གཅིག་ཙམ་གྱི་མ་དངུལ་གཏང་སྟེ་བལ་པོའི་རྒྱལ་ས་ནས་བོད་ལྗོངས་བར་གྱི་གཞུང་ལམ་ལེགས་བཅོས་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་གཞུང་གིས་བལ་པོའི་ནང་གློག་དྲ་མཐུད་རྒྱུ་ཡིན་པའི་སྐོར་ལ་བརྗོད་དོན། གློག་དྲ་མཉམ་འབྲེལ་དེ་ནི་ས་ཡོམ་རྗེས་ཀྱི་བལ་པོའི་ངོས་ནས་བརྗོད་ན་དུས་ཐོག་གི་ཆར་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེས་བལ་པོར་འཕྲད་པའི་ཁ་ཚ་དགོས་ཐུག་གི་གློག་གི་དཀའ་ངལ་ཐག་གཅོད་བྱས་པ་ཞིག་ཡིན། བལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཧ་ཅང་རྗེས་ལུས་ཡིན་པ་དང་གློག་ཤུགས་ནི་དེ་བས་ཀྱང་ཤིན་ཏུ་དགོས་མཁོ་ཆེ་བ་ཞིག་ཏུ་གྱུར་ཡོད། བལ་པོའི་རྒྱལ་ས་ཀ་ཊ་མན་ཏུའི་ནང་ས་ཁུལ་དབྱེ་བ་ཕྱེ་སྟེ་ཉིན་རེ་བཞིན་རེས་བསྐོར་ཏེ་གློག་གཏོང་མཚམས་འཇོག་གི་ཡོད་པ་དང་། དེ་སྔོན་ཉིན་རེར་ཆུ་ཚོད་༡༤ རིང་གློག་གཏོང་མཚམས་འཇོག་པའི་བྱ་ཐབས་ཀྱང་སྤེལ་མྱོང་ཡོད་པ་རེད། ཅེས་བརྗོད་འདུག

ཡང་གནས་ཚུལ་ནང་། རྒྱ་ནག་དང་བལ་པོ་གཉིས་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་ ༦༠ ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་བལ་ཡུལ་དུ་ཡོང་སྟེ། བལ་པོ་ནས་རྒྱ་ནག་ནང་ཚོང་འདྲེན་བྱེད་པའི་དཔྱ་ཁྲལ་བརྒྱ་ཆ་ ༩༧ རྩ་ཆག་བཏང་བ་སོགས་རྒྱབ་ཁབ་གཉིས་ཀྱི་དོན་དངོས་མཉམ་ལས་ཐད། ཁྱབ་ཁོངས་ཆེན་པོ་དགུ་དང་ཁག་ཐེག་གསུམ་གྱི་དམིགས་ཚད་བཏོན་ཡོད་པ་མ་ཟད། འདས་ལོར་བལ་ཡུལ་དུ་ས་ཡོམ་བྱུང་རྗེས་རྒྱ་ནག་གི་ཕྱོགས་ནས་བསྟུན་མར་ཐེངས་གསུམ་ལ་རོགས་སྐྱོར་བྱས་ཡོད་པར་བརྟེན། བལ་པོས་རྒྱ་ནག་ལ་བཀའ་དྲིན་ཞུ་ཆེད་འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གི་མི་སེར་བལ་པོའི་ནང་སྤྲོ་འཆམ་གནས་སྐོར་དུ་ཡོང་བར་ཐོངས་མཆན་ཐོ་འགོད་མི་དགོས་པའི་དམིགས་བསལ་སྤྲད་ཡོད་སྐོར་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

ཆུ་ཚོད་ ༥ སྔོན་ལ།
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

ཆུ་ཚོད་ ༧ སྔོན་ལ།
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༣ པའི་མཐའ་མའི་བཅད་ཁྲ་བཏང་སོང་། 

༢༠༢༦/༡༠/༢༡
Photos: Official portraits, U.S. House of Representatives
Mobile App

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་བཅར་ཞུས།

༢༠༢༦/༡༠/༢༡
བཀའ་ཤག་གི་གསར་འགོད་གསལ་བསྒྲགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥི་རི་ཁའི་དོན་གཅོད་ཁང་གི་གནད་དོན་ཁྲིམས་ཐོག་ནས་སེལ་བའི་རེ་སྐུལ་གནང་འདུག

༢༠༢༦/༡༠/༢༡
CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

༢༠༢༦/༡༠/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese