མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་གི་སྐུ་ཚབ་ཅིག་གི་བོད་ཡིག་ཀློག་སྟངས་ལས་འཕྲོས་པའི་བློ་འཚབ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

འཇམ་དབྱངས་སྦྱིན་པ།

ཁ་སང་ནི་རང་རེར་མཚོན་ན་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་དྲན་ཐོ་ཞིག་ཡིན་པས། ང་ཡང་ཞོགས་པའི་ཚ་སྨུག་གི་ཀློང་ནས་བྱང་ཆུབ་སེམས་མཆོག་མའི་དབྱངས་རྟ་བརྒྱུད་དེ་ག་ལེར་མོན་གྷོ་འདོད་རྒུ་གླིང་གཞིས་བྱེས་ཚོགས་ཁང་ཆེན་མོར་འབྱོར། དེ་གར་རོལ་དབྱངས་དང་རྔ་སྒྲའི་ཁྲོད་ནས་རྒྱལ་གཅེས་དཔའ་བོ་དཔའ་མོའི་རླབས་ཆེན་མཛད་རྗེས་ལ་རྗེས་དྲན་ཞུས། མཛད་སྒོའི་ཐོག་མའི་ཆར་བཀའ་ཤག་གི་གསུམ་དུས་གསུང་འཕྲིན་དེ་གཞིས་མགོ་ལགས་ཀྱི་སྐུ་ཚབ་ཀྱིས་སྒྲོག་སྦྱངས་གནང་སོང་། ཅུང་ཙམ་ནས་ང་དང་ང་འདྲ་བ་ཚོར་དོགས་མི་བདེ་བའི་ཚོར་སྣང་ཞིག་གིས་མགོ་བོ་བྲང་གར་གཏད་ནས་ཉན་དགོས་བྱུང་།

གསུང་འཕྲིན་དེ་ཕྲུ་གུའི་སྦྱོར་ཀློག་ལྟ་བུའི་དག་ལ་མ་དག་ཅིག་བཀླགས་པའི་ཁར་ཚིག་གི་གཅོད་མཚམས་ཀྱང་ཏག་ཏག་བསྡད་མེད་སྟབས། ང་ཚོར་གོ་བ་སྤྲད་པ་ནི་ཕྱེད་ཙམ་ཕྱེད་ཙམ་རེད་ལ། དུས་ཚོད་ཀྱང་འགོར་བོ་བྱུང་། དེར་བརྟེན། ཟ་དང་ཟུར་ན་མི་ཚོས་མགོ་རིག་རིག་གིས། “འདི་འདྲ་ཞིག་ཅི་རེད། སྔ་ས་ནས་གྲ་སྒྲིག་མ་བྱས་ནས་་་་་་་་སོགས་དང་། སྤྱིར་བཏང་ནས་བོད་ཡིག་ལ་དོ་སྣང་མེད་པས་ད་དེ་འདྲ་རེད།” སོགས་ལྐོག་ལབ་འདྲ་མིན་ཤོར་གྱིན་འདུག

བཙན་བྱོལ་འདིར་ཆོས་རིག་གི་ལྟེ་གནས་སམ་གཞིས་ཆགས་ཆེ་ཤོས་སུ་བསྙད་པའི་ས་གནས་འདི་ནས། གཞུང་འབྲེལ་སྐུ་ཚབ་ཅིག་གིས་རང་གི་ཡི་གེ་ཀློག་སྟངས་ཇི་བཞིན་མི་ཤེས་པ་འདིས་ཡང་སྙིང་ཅི་ཞིག་འཆད་ཀྱི་ཡོད་དམ། དོན་དངོས་འདི་དང་འདི་འདྲ་བ་དག་ང་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཇི་ལྟར་འགྲེལ་བརྗོད་བྱེད་དགོས་སམ། ང་ཚོ་ནི་རང་དབང་ལུང་བར་ཡོད་པ་མ་ཡིན་ནམ། ང་ཚོས་ཁ་ཕར་འཁོར་ནས་རྒྱ་གཞུང་གིས་རང་ཚོར་སྐད་ཡིག་སློབ་བཅུག་མ་སོང་ཟེར་བ་མ་ཡིན་ནམ། རང་རིགས་ཀྱི་དཔའ་བོ་ཁྲི་སྟོང་མང་པོས་ཁྲག་དམར་འཛར་འཛར་ཁུ་ཚུར་གྱེན་ལ་བསྒྲེངས་ཤིང་། མེ་ལྕེའི་ཀློང་ནས་སྙིང་གི་རེ་སྐུལ་ཞུས་པ་དག་ཀྱང་མི་རིགས་ཀྱི་ངོ་བོའམ་རྩ་ཆེའི་སྐད་ཡིག་འདིའི་ཕྱིར་དུ་མ་ཡིན་ནམ། བཙན་བྱོལ་འདིར་སློབ་གྲྭ་ཟུར་དུ་བྱེས་པའི་དགོས་པའང་སྐད་ཡིག་གི་རྨང་གཞི་བསླངས་ཏེ་ཆོས་རིག་གི་ལུས་སྟོབས་རྒྱས་ཕྱིར་མ་ཡིན་ནམ། དེས་ན། གཞི་རྩའི་སྐད་ཡིག་སྲུང་སྐྱོབ་མི་གནང་ན་མི་རིགས་ཀྱི་ངོ་བོ་ཇི་ལྟར་འཚོ།

རྔུལ་ནག་སློང་བྱེད་ཀྱི་གསུང་འཕྲིན་དེས་སྐུ་ངོ་ཁོང་ཡང་དོགས་མི་བདེ་བ་བཟོས་ཡོད་ནའང་། དེ་ནི་གནས་སྐབས་ཙམ་སྟེ། ལོ་གཅིག་རིང་འདི་འདྲའི་དཀའ་ངལ་རེ་ཟུང་ལས་མེད་པས་ན། དེ་ལ་གཡག་སྣ་ཁུ་ཚུར་གྱི་ཐབས་ལམ་བསྟེན་པ་ལས། དེ་ཙམ་ལ་གདོང་ལེན་བྱེད་ཆེད་ཁོང་དང་ཁོང་འདྲ་བ་དག་གིས་སྔར་ཡང་བོད་ཡིག་མ་སྦྱངས་ལ་ཕྱིས་ཀྱང་རང་དགར་སྦྱོང་སྲིད་དམ། དེ་ནི་ཧ་ཅང་ནག་ཁུང་མ་ཡིན་པའི་དྲི་བ་ཞིག་རེད།

ངས་འདིར་གླེང་འདོད་པ་ནི་ཡི་གེ་སྦྱོར་ཀློག་ཚུན་ཚད་དཀའ་ངལ་དུ་སོང་བའི་གཞུང་གི་ལས་བྱེད་ནས། མ་འོངས་སོན་རྩ་རུ་འབོད་པའི་སློབ་རའི་སློབ་མ་བར་གྱིས་བོད་སྐད་ཡིག་ལ་བཅངས་པའི་བརྩེ་བ་དང་དོན་གཉེར་ནི་ཚད་གང་ན་ཡོད། འདི་དག་ལ་བསམ་ཚེ་ཁོག་འདར་དྲ་མ་ཞིག་རྒྱག་རྒྱུ་ལས་མ་འདས།

དཔེ་སྟོན་སློབ་གྲྭ་ཕུད་པའི་བཙན་བྱོལ་གྱི་གཞི་རིམ་སློབ་གྲྭ་སྤྱིའི་ཆ་ནས་བོད་སྐད་ནང་སྦྲགས་སྐད་མང་དྲགས་ནས་ད་ནི་ཟུར་སྐད་དམ་ལོག་སྐད་ལྟ་བུ་ཞིག་ཆགས་ཉེན་ཡོད་ལ། དེ་ལ་དམིགས་བསལ་གྱི་གདངས་མི་མཛེས་པ་ཞིག་ཀྱང་ཡོད། སློབ་གྲྭ་ཁག་ཏུ་ཕྲུ་གུའི་བློ་ཁ་དང་མི་འཚམས་པའི་བོད་ཡིག་ཅིག་ཁྲིད་ཀྱི་ཡོད་ནའང་། སློབ་རའི་ཕྱི་ལོགས་ལ་ཐོན་ཚེ་བཀོད་སྤྱོད་ཀྱི་ཆ་ནས་ཕལ་ཆེར་ཀླད་གོར་རེད། དེ་ནི་སྐུར་འདེབས་བྱས་པ་ཞིག་མིན་པར་རྗེས་སུ་དཔོག་ཐུབ་པ་ཞིག་རེད། ཁོང་ཚོའི་ཀླད་པའི་ནང་སྔ་མོ་ནས་བོད་ཡིག་སྦྱོང་བ་ནི་མཁོ་མེད་ནུས་མེད། ཁ་གསོ་སྤྱད་ལའང་ཕན་པ་མེད་མཁན་ཞིག་ཡིན་པའི་བསམ་བློ་ཞིག་ཤ་གསེང་རུས་གསེང་ལ་འཐིམས་བཅུག་ཡོད་པ་འདྲ། ཁོང་ཚོའི་ཕ་མ་སྟེ་ཁ་སང་གི་སྐུ་ངོ་ཁོང་དང་ཁོང་འདྲ་བ་ཚོས་རང་གི་བུ་ཕྲུག་ཚོར་བཞག་པའི་བག་ཆགས་སམ་སྤྲད་པའི་སློབ་གསོ་ནི་འདི་འདྲ་ཞིག་ཡིན་ནམ།

དེར་བརྟེན། སློབ་ཕྲུག་ཚོས་བོད་ཡིག་མི་ཤེས་པའམ་མི་སྤྱོད་པའི་དཔེ་མཚོན་ནི་ཐག་རིང་ནས་བཙལ་མི་དགོས་པར། ཁོང་ཚོས་བེད་སྤྱོད་བྱེད་བཞིན་པའི་ངོ་དེབ་སོགས་ལ་བལྟས་ན་ས་རིས་ཐང་གསལ་ཡིན། དེའི་ནང་བོད་ཡིག་བསྐུར་མཁན་ཞིག་ནི་ཧ་ལམ་ཉིན་མོའི་སྐད་མའི་ཚོད་དུ་འདུག   ཁོང་ཚོར་བོད་ཡིག་ལམ་ནས་འབྲེལ་བ་བྱས་ཚེ་ངའི་ཁ་པར་རམ། ཡང་ན་དྲ་ཁང་འདིའི་ནང་བོད་ཡིག་མེད་རབས་ཟེར། ཁྱེད་ཚོའི་སློབ་གྲྭའི་དྲ་ཁང་ནང་བོད་ཡིག་བླུག་ཐུབ་ཀྱི་མེད་ན་གཞན་ནི་ཨ་ཅང་ཅང་། ཞིབ་ཏུ་བསམ་ཚེ་ང་ཚོས་མི་ཚོགས་དཀྱིལ་དུ་བཤད་པའི་སྐད་ཆ་དང་ལག་ལེན་གཉིས་ནི་འགལ་བ་ཆགས་ཀྱི་ཡོད།

སྒྲིག་འཛུགས་ལ་ཆ་བཞག་ན། ད་ལྟ་ནས་ཡིག་ནོར་དོན་ནོར་དག་གིས་གཞུང་ཡིག་ཟ་གི་ཡོད་པ་ཡོངས་གྲགས་ཤིག་ཡིན་ན། ད་མུས་བཞིན་རང་སྐད་ཡིག་ཐད་ཅི་མི་སྙམ་པར་མུ་མཐུད་ནས་རྒྱལ་སྤྱིའི་སྡིངས་ཆ་དང་རྒྱལ་སྤྱིའི་སྡིངས་ཆ་ཞེས་མ་ཎི་བཞིན་བགྲངས་ན། ཕྱོགས་གཅིག་ནས་དེང་སང་བོད་ནས་གསར་འབྱོར་ཡོང་མཁན་མེད་པའི་དུས་ངན་པ་ཞིག་ཡིན་སྟབས། བཙན་བྱོལ་རང་གི་མི་རབས་ཀྱི་ངོས་ནས་ངོ་ལོ་ལྔ་བཅུའི་དམིགས་ཚད་བཟུང་སྟེ། མ་མཐའ་ཡང་བོད་ཡིག་ཐོག་ཁྱབ་ཁུངས་ཁག་ཏུ་གཞུང་ཞབས་དགོས་ངེས་དང་དགེ་རྒན་འདང་ངེས་ཤིག་གི་ཐབས་བྱུས་འཐེན་ཏེ། དེ་མཐུན་གྱི་ཕྱག་ལས་ཤིག་དབུ་འཛུགས་མ་གནང་ཚེ། ལྔ་དང་ལྔ་བཅུ་མི་དགོས། ལྔ་གསུམ་བཅོ་ལྔའི་རྗེས་ནས་བཙན་བྱོལ་གྱི་ཟུར་དང་སྣེ་གང་ས་ནས་སྐད་ཡིག་གི་མུ་གེ་ཆེན་པོ་ཞིག་རིམ་གྱིས་ཁྱབ་སྟེ། བཙན་བྱོལ་བོད་མི་རྣམས་ལ་རང་གི་ངོ་བོ་སྲུང་སྐྱོབ་ཀྱི་ནུས་པ་དང་སྟོབས་ཤུགས་ཡོངས་སུ་ཟད་དེ། ཤི་མ་གསོན་ཞིག་གི་ངང་མི་གནས་པའི་ངེས་པ་མེད་པ་མ་ཡིན་ནོ།།

 

༡༢/༣/༢༠༡༦ཉིན།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 1

  1. Kunga Gyaltsen says:
    ལོ་ 10 སྔོན།

    དངོས་གནས་སུམ་དུས་མཛད་སྒོ་ཐོག་ས་གནས་སྐུ་ངོ་དོན་གཅོད་ཀྱི་སྐུ་ཚབ་ལས་དྲུང་རྒྱ་མཚོ་ལགས་ཀྱིས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་ཀློག་རྒྱུ་དེ་ཁོ་པ་རང་ཉིད་ལ་དཀའ་ངལ་དང་། ཐོད་པ་རྔུལ་ནག་གིས་ཉིལ་ནས་སྡུག་པོ་བྱུང་སོང་ལ་ངོས་མི་མང་རྣམས་ལ་དུས་ཡུན་འགོར་ཐག་དེ་ཙམ་གྱི་རིང་མག་མུག་ཀློག་སྐྱོ་བ་དང། སྡེབ་སྦྱོར་གཅོད་མཚམས་ཡག་པོ་མེད རྐྱེན་ཇི་ཙམ་རིག་པ་འགྲིམས་ནས་ཉན་ཡང་གང་ཡང་གོ་ཐུབ་ཀྱི་མེད་བརྟེན་ཁོང་ལས་ཀྱང་དཀའ་ངལ་ཆེ་བའི་ཚོར་བ་བྱུང། བོད་ཡིག་ཤེས་ཚད་ འཛིན་གྲྭ་ ༦ ། ༧ ལས་སྐྱོ་བའི་ལས་དྲུང་དེས་ལས་ཁུངས་ནང་ཕྱག་ལས་གང་འདྲ་གནང་གི་ཡོན་ན། གོ་ཐོས་ལ་དབྱིན་ཇིའི་ཤེས་ཚད་ཡང་གདེངས་འཁེལ་བ་མེད་རབ་གསུངས་ཀྱི་འདུག གནས་སྟངས་ཇི་སྡུག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese