མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བཀོད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་ཆུ་ཚོད་ ༡༡ སྟེང་། དྷ་རམ་ས་ལ་ཁུལ་གྱི་སེར་སྐྱ་མི་མང་གི་བདུག་སྤོས་དང་བསང་གསོལ། ཁ་གཏགས་སོགས་ཀྱི་དགའ་བསུའི་དབུས་སུ། བོད་མི་ཡོངས་ཀྱི་སྐྱབས་མགོན་༧གོང་ས་མཆོག་བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་ཆིབས་ཕེབས་གནང་བྱུང་།

tibettimes1༧གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན། བཞུགས་སྒར་ནས་ཕེབས་ཐོན་གནང་སྟེ། ཨ་རིའི་གྲོང་ཁྱེར་མི་ནི་སོ་ཊ་མ་ཡོ་སྨན་ཁང་དུ་ (Prostate) ཞེས་ལྒང་པའི་སྨན་བཅོས་དང་སྐུའི་ངལ་གསོ་བཅས་ཀྱི་ཆེད་དུ་ཕེབས་ཏེ། ད་བར་གྱི་ཟླ་གཉིས་མ་ཟིན་ཙམ་རིང་སྨན་བཅོས་གནང་བ་ལེགས་འགྲུབ་བྱུང་སྟེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱངས་ཡོད།

ཕྱི་ཟླ་ ༢ ཚེས་ ༥ ཉིན་༧གོང་ས་མཆོག་གིས་བརྙན་ཐུང་བརྒྱུད་དེ་བོད་མེ་སྤྲེལ་ལོའི་གནམ་ལོ་གསེར་ཚེས་ལ་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་འཚམས་འདྲི་དང་འབྲེལ་ཏེ། ཁོང་གི་སྨན་བཅོས་ལེགས་འགྲུབ་བྱུང་སྟེ་སྐུ་གཟུགས་བདེ་ཐང་ཡིན་པའི་གསུང་འཕྲིན་ཕེབས་ཡོད་ལ། ཚེས་ ༢༡ ཉིན་གྱི་སྔ་དྲོར་མ་ཡོ་སྨན་ཁང་ནས་སྤྲོ་གཡེང་གི་རྣམ་པས་མི་ཎི་ཡ་པོ་ལིས་ཀན་ཝེན་ཤན་སེན་ཊར་(Minneapolis Convention Center)ཞེས་པའི་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། བོད་རིགས་ཚོགས་པས་གསོལ་འདེབས་ཞུས་པ་ལྟར་ས་གནས་བོད་མི་ནང་ནང་ཆོས་དོན་གཉེར་ཅན་ཚོར་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་གནང་ཡོད།

ཟླ་འདིའི་ཚེས་ ༦ ཉིན། ༧གོང་ས་མཆོག་ཨ་རིའི་མ་ཡོ་སྨན་ཁང་ནས་ཆིབས་ཐོན་གནང་སྟེ། ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་མེ་ཌི་སིན་གྱི་རི་དྭགས་སྐྱེད་མོའི་ཚལ་གྱི་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་བོད་མི་གཙོས་པའི་མང་ཚོགས་ ༣༠༠ ལྷག་ཕེབས་བསུར་བཅར་ཡོད་འདུག

ཕྱི་ཚེས་ ༨ ཉིན་མེ་ཌི་སིན་མེ་སོ་ནིག་ཚོགས་ཁང་(Madison Masonic Center)དུ། ས་གནས་བོད་མི་ཚོར་གསུང་བཤད་དང་། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ། ཚེས་ ༩ ཉིན་རང་གཞན་རོགས་གསུམ་ལ་ཕན་པའི་ལྷག་བསམ་གྱི་ཀུན་སློང་རང་རྒྱུད་ལ་སྐྱེ་ཐབས་སྐོར་བགྲོ་གླེང་མཛད་ཡོད་པ་རེད།

ཚེས་ ༡༡ ཉིན་༸གོང་ས་མཆོག རྒྱལ་ཚོགས་ཀྱི་ཚོགས་མི་ཨ་རི་དང་ཁེ་ན་ཌའི་གཞུང་ཚབ་ཐུན་མོང་གིས་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ ཐོག་༸གོང་ས་མཆོག་དབུ་བཞུགས་ཀྱིས་ཡ་མེན་ Yemen རྒྱལ་ཁབ་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཏ་ཝག་ཀོལ་ཀར་མན་ Tawakkol karman མཆོག་དང་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་དི་ Shirin Ebadi མཆོག་བཅས་ལྷན་ཞུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༡༧ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist